མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཚྭ་འདམ་གཞོངས་སའི་ཆུ་འཁོར་སྐྱོད་ཀྱི་བརྒྱུད་རིམ་མཐོ་ནུས་བེད་སྤྱོད་དང་སྐྱེ་ཁམས་སྲུང་སྐྱོབ་ལག་རྩལ་ཞིབ་འཇུག་དང་དཔེར་མཚོན་ཞེས་པའི་ལས་གཞི་དངོས་སུ་འགོ་ཚུགས་པ།

ཡོང་ཁུངས།:  སྤེལ་དུས།:2019-04-10  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

   ཉེ་སྔོན་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས་རྩ་འཛུགས་ལག་བསྟར་བྱས་པའི2019ལོའི་ཞིང་ཆེན་རིམ་པའི་ཚན་རྩལ་གལ་ཆེན་གྱི་ཆེད་དོན་ལས་གཞི“ཚྭ་འདམ་གཞོངས་སའི་ཆུ་འཁོར་སྐྱོད་ཀྱི་བརྒྱུད་རིམ་མཐོ་ནུས་བེད་སྤྱོད་དང་སྐྱེ་ཁམས་སྲུང་སྐྱོབ་ལག་རྩལ་ཞིབ་འཇུག་དང་དཔེར་མཚོན”ཞེས་པའི་ལས་གཞི་འགོ་ཚུགས་པའི་གྲོས་ཚོགས་དེ་ཟི་ལིང་གྲོང་ཁྱེར་དུ་བསྡུས་པ་རེད།ཞིང་ཆེན་ཚན་རྩལ་ཐིན་དང་ཞིང་ཆེན་ཆུ་བེད་ཐིན།མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་།ན་གོར་མོ་གྲོང་ཁྱེར་མི་དམངས་སྲིད་གཞུང་།ཚྭ་འདམ་གཞོངས་དཔལ་འབྱོར་འཁོར་སྐྱོད་ཚོད་ལྟའི་ས་ཁུལ་བདག་དོམ་ཨུ་ཡོན་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣ།ལས་གཞིའི་འདྲི་རྟོག་ཆེད་མཁས་པ་དང་ལས་གཞི་རྩ་འཛུགས་ཀྱི་ཁོངས་མི་བཅས་མི་གྲངས80ལྷག་གྲོས་ཚོགས་ལ་ཞུགས་ཡོད།

གྲོས་ཚོགས་སྟེང་ལས་གཞིའི་འགན་ཁུར་མི་སྣ་དང་བརྗོད་དོན་འགན་ཁུར་མི་སྣས་ལས་གཞིའི་རྒྱབ་ལྗོངས་དང་ལས་གཞིའི་དམིགས་འབེན།ནང་དོན་གཙོ་བོ། ལག་རྩལ་ལམ་ཐིག འགན་འཁྲི་རིགས་བཀར། མྱུར་ཚད་བཀོད་སྒྲིགསྔོན་དཔག་གྲུབ་འབྲས་སོགས་ཀྱི་ནང་དོན་སྙན་ཞུ་བྱས།ལས་གཞིའི་འདྲི་རྟོག་ཆེད་མཁས་པས་འཛུགས་སྐྲུན་རང་བཞིན་གྱི་བསམ་འཆར་དང་འཛུགས་སྐྲུན་རེ་འདུན་བཏོན་ནས།གྲོས་ཚོགས་ལ་ཞུགས་པའི་འཐུས་ཚབ་ལས་རིགས་སྡེ་ཁག་དང་ས་གནས་སྲིད་གཞུང་གིས་རང་གི་ལངས་ཕྱོགས་ཐད་ཀྱི་སྐད་ཆ་ཡང་བཤད་པ་རེད།

རྒྱུས་ལོན་བྱུང་པ་ལས་ཤེས་གསལ་ལྟར།ལས་གཞི་དེ་ཚྭ་འདམ་གཞོངས་ཆུའི་ཐོན་ཁུངས་ཀྱི་ཕན་འབྲས་བེད་སྤྱོད་དེ་སྲོག་ཤིང་དུ་བཟུང་ནས།ཆུའི་ཐོན་ཁུངས་ཚད་ལེན་དཔྱད་འཇོག་དང་ཆུའི་ཐོན་ཁུངས་ཕན་འབྲས་བེད་སྤྱོད། ཆུའི་ཐོན་ཁུངས་ལེགས་སྒྱུར་སྒྲིག་གཞི་སོགས་ཀྱི་ཐད་ལ་ལག་རྩལ་གཅིག་གྱུར་གྱིས་ཞིབ་འཇུག་བྱས་ཤིང་།ལས་རིགས་ཆུ་བེད་ཚདགཞིའི་གཏན་ཁེལ་གསལ་བོ་དང་ཚྭ་འདམ་གཞོངས་ཁྱབ་ཁོངས་ཀྱི་ལས་རིགས་སོ་སོའི་ཆུའི་ཐོན་ཁུངས་མཐོ་ནུས་བེད་སྤྱོད་བྱས་ནས།བཟོ་ལས་དང་ཞིང་ལས། སྐྱེ་ཁམས་མ་ལག་སྙོམས་སྒྲིག་འཕེལ་རྒྱས་སུ་བཏང་ནས་དཔལ་འབྱོར་མུར་འཕེལ་ཀྱིས་ཆུའི་ཐོན་ཁུངས་གསར་སྤེལ་བེད་སྤྱད་ཀྱི་རྣམ་པ་གསར་བ་ཞིག་གཏོད་ཡོད།ལས་གཞི་དེ་ལག་བསྟར་བྱས་པ་བརྒྱུད་ཚྭ་འདམ་གཞོངས་ཀྱི་ཆུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་མི་ལེགས་པའི་གནས་བབ་དེ་ནུས་ལྡན་ཅན་ལ་སྙོམས་སྒྲིག་བྱས་ནས་ཆུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ལ་ལག་རྩལ་གྱི་རྒྱབ་རྟེན་དང་ཆུའི་ཐོན་ཁུངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱས་ནས།ཁྱབ་ཁོངས་དེའི་མི་དམངས་ཀྱི་འཚོ་བར་འགན་སྲུང་དང་ཐོན་སྐྱེད་ཆུ་བེད་བཀོལ་སྤྱོད་བཅས་ཀྱིས་ཁྱབ་ཁོངས་དེའི་སྤྱི་ཚོགས་འཚོ་བ་སྲ་བརྟན་དང་དཔལ་འབྱོར་མུར་འཕེལ་ཅན་དུ་བཏང་ཡོད།

གོང་མ།:༢༠༡༩ལོའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་བསྐྲུན་རྒྱུའི་གཙོ་གནད་ལས་འགན་ཁ་གསལ་བཏོན་པ།

ཞོལ་མ།:ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས༼ཀྲུང་གོ་གུང་ཁྲན་ཏང་ཞིང་སྡེའི་གཞི་རིམ་རྩ་འཛུགས་བྱ་བའི་སྲོལ་ཡིག༽གི་ཆེད་དོན་འཆད་འཁྲིད་མཛད།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235