མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

རང་ཁུལ་གྱིས་དཔལ་འབྱོར་གྱི་འཕེལ་ཕྱོགས་བསྒྱུར་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་བསྐྲུན།

ཡོང་ཁུངས།:  སྤེལ་དུས།:2019-04-12  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

ཉེ་བའི་ལོ་འགའི་རིང་ལ།རང་ཁུལ་གྱིས་ཧུར་བརྩོན་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བླང་བྱ་གསར་བ་བཏོན་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བསྒྱུར་བ་མངོན་འགྱུར་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་བྱས་ཏེ་འཕེལ་རྒྱས་ཀྱི་སྒུལ་ནུས་མཐོར་འདེགས་སུ་བཏང་།2018ལོའི་ལོ་ཧྲིལ་བོར་ས་ཁུལ་གྱི་ཐོན་སྐྱེད་བྱས་པའི་སྤྱིའི་རིན་ཐང་ནི་སྒོར་ཐེར་ཆེན་དྲུག་ཐེར་འབུམ་གཉིས་དུང་ཕྱུར་ལྔ་དང་བྱེ་བ་གཉིས་ས་ཡ་བདུན་མངོན་འགྱུར་བྱུང་བ་དང་།དུས་མཉམ་དང་བསྡུར་ན་བརྒྱ་ཆའི8.3འཕར་སྣོན་བྱུང་།

ནུས་ཁུངས་གསར་བའི་ཐོན་ལས་གསོ་སྐྱོང་དང་རྒྱ་བསྐྱེད་དུ་བཏང་པའི་ཕྱོགས་ནས།ཚྭ་འདམ་གྱི་སྟོང་ཝ་བྱེ་བ་རིམ་པའི་དྭངས་གཙང་ནུས་ཁུངས་གློག་འདོན་རྟེན་གཞི་དང་རྒྱལ་ཁབ་དྭངས་གཙང་ནུས་ཁུངས་ཕྱིར་གཏོང་རྟེན་གཞི་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་པ་དང་།ན་གོར་མོ་དང་གཏེར་ལེན་ཁ་གཉིས་ཀྱི་རྒྱལ་ཁབ་འོད་ཧྥུའུ་གློག་འདོན་བདེ་སྤྱོད་རྟེན་གཞི་བདེ་བླག་ངང་ཕྱོགས་གཅིག་ཏུ་བསྡུས་པ་དང་།ཁུལ་ཡོངས་ཀྱི་ནུས་ཁུངས་གསར་བའི་སྤྱིའི་སྒྲིག་སྦྱོར་འཕྲུལ་ཆས་ཀྱི་གཞི་རྒྱ་སྟོང་ཝ་བྱེ་བ་གཅིག་ལས་བརྒལ་ཞིང་།སྟོང་ཝ་ས་ཡ་བདུན་འབུམ་དྲུག་གཞི་གཅིག་ཏུ་བསྡུས་ནས་གློག་འདོན་པ་མངོན་འགྱུར་བྱུང་བས།ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི62.5ཟིན་ཡོད་པ་དང་།སྟོང་ཝ་བྱེ་བ་རིམ་པའི་ནུས་ཁུངས་གསར་བའི་གློག་འདོན་རྟེན་གཞི་དུས་སྔོན་ལ་བསྐྲུན་ཚར་བར་ལམ་བུ་བསྐྲུན་ཡོད།རྒྱུ་ཆ་གསར་བའི་ཐོན་ལས་ཀྱི་འཕེལ་རྒྱས་ཕྱོགས་ནས།མིག་སྔར་ཁུལ་ཡོངས་སུ་ཐན་སྐྱུར་ལིས་དང་ལྕགས་རིགས་ལིས།ལྕགས་རིགས་མའེ།ཐུན་མོང་མ་ཡིན་པའི་ཚི་སྣ།ཚ་གསོག་ཞུས་ཚྭ་སོགས་རྒྱུ་ཆ་གསར་བའི་ཐོན་རྫས་ཀྱི་རིགས་སྣ་བཅུ་ལྷག་གསར་སྤེལ་བྱས།ཚྭ་མཚེའུ་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱས་ཏེ་ཅཱ་དང་ནཱ།མཱེ།ལཱིས།ཚྭ་ལ་སོགས་རྫས་རྒྱུ་གལ་ཆེན་ལྔ་མདུན་གྲལ་དུ་སླེབས་པ་མངོན་འགྱུར་བྱུང་ཞིང་།ལྷག་པར་དུ་ནུབ་རྒྱུད་མཱེ་ལས་ལོའི་ཐོན་སྐྱེད་ཏུན་གསུམ་ཅན་གྱི་ལྷད་མེད་གློག་བསྲེས་མཱེ་ལྕགས་གཏེར་རྡོ་སོགས་ཀྱི་ལས་གཞི་འཛུགས་སྐྲུན་བྱས་པ་ཡིས་རྒྱལ་ནང་དང་ཞིང་ཆེན་ནང་ཁུལ་གྱི་རྣམ་གྲངས་མེད་པ་འགའ་ཤས་ཀྱི་སྟོང་ཆ་བསྐངས།

ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཀྱི་ཕྱོགས་ནས།གནས་བབ་ལེགས་པོ་མངོན་གསལ་ཡིན།ཞིང་ཆེན་ཡོངས་ཀྱི་འཕང་འབྲས་འདེབས་འཛུགས་ཀྱི་རྒྱ་ཁྱོན་ནི་སྤྱི་ཆིངས་ཁྲི་གསུམ་དང་སྟོང་གསུམ་སུམ་བརྒྱ་ཡིན་པས།རྒྱལ་ཡོངས་འཕང་འབྲས་ཀྱི་རྟེན་གཞི་ཨང་གཉིས་པར་གྱུར་བ་དང་།༼ཚྭ་འདམ་འཕང་འབྲས་ཐོན་ལས་བདེ་ཐང་འཕེལ་རྒྱས་ཀྱི་བྱེད་ཐབས་འགའ་༽དང་༼མཚོ་ནུབ་ཁུལ་འཕང་འབྲས་ཐོན་ལས་འཕེལ་རྒྱས་ཀྱི་སྲུང་སྐྱོབ་སྲོལ་ཡིག་༽སོགས་གཏན་འབེབས་བྱས་ཏེ་འཕང་འབྲས་དང་ལིས་གྲོ་སོགས་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ཀྱི་ལས་སྣོན་ཐོན་ལས་རྒྱུན་བསྲིངས་བྱེད་པར་སྐུལ་འདེད་བཏང་སྟེ།ཐོན་ལས་དང་པོའི་འཕར་སྣོན་རིན་ཐང་སྒོར་ཐེར་འབུམ་གསུམ་དུང་ཕྱུར་གསུམ་དང་བྱེ་བ་གཅིག་ས་ཡ་དྲུག་ལེགས་འགྲུབ་བྱུང་ཞིང་།དུས་མཉམ་དང་བསྡུར་ན་བརྒྱ་ཆའི7.6འཕར།ལིས་གྲོའི་ཐོན་རྫས་ཕྱིར་གཏོང་བྱེད་པ་མངོན་འགྱུར་བྱུང་ཞིང་།འཕང་འབྲས་འདེབས་འཛུགས་བྱེད་པའི་ཁེ་ལས་ལྔ་ལ་རྒྱལ་ཁབ་སྐྱེ་ལྡན་དཔང་ཡིག་ཐོབ་པ་དང་།ཁེ་ལས་གཉིས་ལ་རྒྱལ་ཡོངས་སྐོར་ཐེངས་དང་པོའི་སྐྱེ་ལྡན་འཕང་འབྲས་ཐོན་རྫས་ཀྱི་ཁས་ལེན་དཔང་ཡིག་ཐོབ།

དུས་མཚུངས་སུ།རང་ཁུལ་གྱིས་རི་སྔོ་ཆུ་དྭངས་ཀྱི་ལས་གཞི་ལེགས་པོར་བསྒྲུབ་ནས་ཁྱབ་ཁོངས་ཡོངས་ཀྱི་གནས་སྐོར་ཐོན་ལས་རིམ་འཕར་བྱས་པ་དང་།ནམ་མཁའི་མེ་ལོང་སོགས་ཁྱད་ཆོས་ལྡན་པའི་གནས་སྐོར་མིང་རྟགས་རྒྱལ་ཁབ་ཕྱི་ནང་དུ་གྲགས་སུ་བཅུག་ནས་གནས་སྐོར་གྱི་ཡོང་འབབ་སྒོར་ཐེར་འབུམ་དགུ་དུང་ཕྱུར་བརྒྱད་བྱེ་བ་བདུན་མངོན་འགྱུར་བྱུང་ཞིང་།དུས་མཉམ་དང་བསྡུར་ན་བརྒྱ་ཆའི14.9འཕར་སྣོན་བྱུང་།

གོང་མ།:ཀྲུང་ཁུང་ཉི་ནུས་གཏེར་ལེན་ཁའི་ཀྲའོ་ཝ50ཅན་གྱི་ལྕོག་རིང་ཚ་ནུས་གློག་འདོན་ས་ཚིགས་ཀྱིས་གློག་ཤུགས་ཐེག་ཚད་འདང་བའི་སྒོ་ནས་འཁོར་སྐྱོད་བྱེད་པ་མངོན་འགྱུར་བྱུང་།

ཞོལ་མ།:༢༠༡༩ལོའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་བསྐྲུན་རྒྱུའི་གཙོ་གནད་ལས་འགན་ཁ་གསལ་བཏོན་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235