མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཀྲུང་ཁུང་ཉི་ནུས་གཏེར་ལེན་ཁའི་ཀྲའོ་ཝ50ཅན་གྱི་ལྕོག་རིང་ཚ་ནུས་གློག་འདོན་ས་ཚིགས་ཀྱིས་གློག་ཤུགས་ཐེག་ཚད་འདང་བའི་སྒོ་ནས་འཁོར་སྐྱོད་བྱེད་པ་མངོན་འགྱུར་བྱུང་།

ཡོང་ཁུངས།:  སྤེལ་དུས།:2019-04-24  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

 

     ཟླ4པའི་ཚེས17ཉིན།  མཚོ་སྔོན་ཀྲུང་ཁུང་ཉི་ནུས་གཏེར་ལེན་ཁའི་རུ་ཀྲའོ་ཝ50ཅན་གྱི་ལྕོག་རིང་ཚྭ་ཞུ་ནུས་གསོག་འོད་དྲོད་གློག་འདོན་ས་ཚིགས་ཀྱི་གློག་འདོན་ཐེག་ཚད་འདང་པའི་སྒོ་ནས་འཁོར་སྐྱོད་བྱེད་པ་མངོན་འགྱུར་བྱུང་།

འཁོར་སྐྱོད་འགོད་པའི་ཟིན་ཐོ་ལས་བསྟན་པ་ལྟར།དམིགས་ཚད་གཙོ་བོ་སོ་སོར་ལས་གཞི་ཇུས་འགོད་ཀྱི་གྲངས་ཚད་ལས་ཆ་སྙོམས་ཀྱི་མཐོ་བ་དང་།དྲོད་འཇིབ་ཡོ་ཆས་ཕྱིར་འབུད་དུ་ཚྭ་ཞུ་དྲོད་གྲངས་ཆེས་མཐོན་པོ་ནི566ཡིན།  རླངས་པ་གཙོ་བའི་གནོན་ཤུགས་ཀྲའོ་ཕཱ་སི་ཁཱ13.3ཐོན་ཡོད།  རླངས་སྒུལ་གློག་འདོན་འཕྲུལ་འཁོར་ཆེས་ཆེ་བའི་ཕྱིར་སྐྱེལ་རྩོལ་ཚད་ཀྲའོ་ཝ50.65བསླེབས་ཡོད།འོད་འདུས་དང་ཚ་འཇིབ།  ཚ་གསོག  ཚ་བརྗེ།གློག་འདོན་པ་སོགས་ཀྱི་མ་ལག་སྒྲིག་ཆས་འཁོར་སྐྱོད་བརྟན་བརླིང་ཡིན།  ལས་གཞི་འདི་ནི་རྒྱལ་ཁབ་ཐེངས་དང་པོའི་འོད་དྲོད་གློག་འདོན་གྱི་དཔེ་སྟོན་ལས་གཞི་ཞིག་ཡིན་ཞིང་།  གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ནི་ཀྲའོ་ཝ50ཡིན་ཏེ།ཚྭ་ཞུ་ནུས་གསོག་གི་མ་ལག་ཆུ་ཚོད་བདུན་ལ་བཀོད་སྒྲིག་བྱས་ཡོད།ལོ་འཁོར་ནང་དུ་གློག་འདོན་ཚད་ནི་སྟོང་ཝ་དུང་ཕྱུར1.46ཇུས་འགོད་བྱས་ཡོད།  གློག་འདོན་ས་ཚིགས་ཀྱིས་ཀྲེ་ཅཱང་ཀྲུང་ཁུང་ཉི་ནུས་ལག་རྩལ་ཚད་ཡོད་ཀུང་སིའི་རང་བདག་ཞིབ་འཇུག་གསར་སྤེལ་བྱས་པ་དང་ཐོན་སྐྱེད་བདག་དབང་གི་སྲོག་ཤིང་ལག་རྩལ་ཡང་ཡོད་པ་བེད་སྤྱོད་བྱས་ཡོད།   95%ཡན་རང་རྒྱལ་ཐོན་སྐྱེད་ཅན་གྱི་སྒྲིག་ཆས་མངོན་འགྱུར་བྱུང་ཡོད།

རྒྱུས་ལོན་པ་ལྟར་ན།རྒྱལ་ཁབ་ཀྱི་ཐེངས་དང་པོའི་འོད་དྲོད་གློག་འདོན་གྱི་དཔེ་སྟོན་ལས་གཞི་ཞིག་ཡིན་པའི་ཆ་ནས།ལས་གཞི་འདིའི་གློག་འདོན་ཐེག་ཚད་གང་ནས་འཁོར་སྐྱོད་བྱས་པ་སྟེ།མཚོ་ནུབ་ཀྱིས་རྒྱལ་ཁབ་རིམ་པའི་ཐོན་ནུས་གསར་བའི་ཐོན་ལས་དཔེ་སྟོན་རྟེན་གཞི་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པར།སྣེ་ཁྲིད་ཀྱི་ནུས་པ་མི་དམན་པ་ཞིག་འདོན་སྤེལ་བྱས་ཡོད།  

གོང་མ།:ཐེམ་ཆེན་རྫོང་གིས་མི་རིགས་མཐུན་སྒྲིལ་བུམ་པ་ཞེས་པའི་འབྲོག་དམངས་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་བསྡུས།

ཞོལ་མ།:རང་ཁུལ་གྱིས་དཔལ་འབྱོར་གྱི་འཕེལ་ཕྱོགས་བསྒྱུར་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་བསྐྲུན།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235