མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཐེམ་ཆེན་རྫོང་གིས་མི་རིགས་མཐུན་སྒྲིལ་བུམ་པ་ཞེས་པའི་འབྲོག་དམངས་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་བསྡུས།

ཡོང་ཁུངས།:  སྤེལ་དུས།:2019-04-24  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

       ཟླ4པའི་ཚེས16ཉིན་ནས་ཚེས18ཉིན་བར།  ཐེམ་ཆེན་རྫོང་གིས་མི་རིགས་མཐུན་སྒྲིལ་བུམ་པ་ཞེས་པའི་འབྲོག་དམངས་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་བསྡུས།   ཐེངས་འདིའི་ལུས་རྩལ་འགྲན་ཚོགས་སུ་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ10ལྷག་གི་འཐུས་ཚབ་རུ་ཁག་གི་ལུས་རྩལ་འགྲན་ཞུགས་པ200ལྷག་ཞུགས་ཡོད་ཅིང་།  རྣམ་གྲངས་སུ་ཐག་འཐེན་དང་ཕོ་མོ་ལྗིད་འདེགས།བོད་ལུགས་འཇུ་རེས་སོགས་ཡོད།འགྲན་བསྡུར་མང་ཤོས་ནི་མང་ཚོགས་རང་བཞིན་དང་ལུས་རྩལ་སྦྱོང་བརྡར་རང་བཞིན།  རྩལ་འགྲན་རང་བཞིན།  ལྟད་མོ་རང་བཞིན་བཅས་གཞི་གཅིག་ཏུ་ཡིན་པའི་སྲོལ་རྒྱུན་དམངས་ཁྲོད་ཀྱི་ལུས་རྩལ་རྣམ་གྲངས་ཤིག་ཡིན།  འགྲན་ཞུགས་པ་རེ་རེའི་ནུས་ཤུགས་གང་ཡོད་བཏོན་ནས་འབད་བརྩོན་ལྷོད་མེད་ཀྱི་ལུས་རྩལ་སྙིང་སྟོབས་མངོན་ཡོད།རྗེས་ཕྱོགས་སུ་ཐེམ་ཆེན་རྫོང་གིས་ཧུར་བརྩོན་སྒོས སྤྲོ་སེམས་འཁོལ་བའི་ངང་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་དང་མཚོ་སྔོན་བཅིངས་འགྲོལ་ལོ་འཁོར70ལོན་པའི་མུ་འབྲེལ་བྱ་འགུལ སྤེལ་རྒྱུ་རེད།མང་ཚོགས་ཀྱི་རིག་གནས་ལུས་རྩལ་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ།  རྫོང་གི་དམངས་ཡོངས་ཀྱི་ལུས་རྩལ་སྦྱོང་བརྡར་ལས་དོན་ལ་སྐུལ་འདེད་དང་།  མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་སྤྱི་ཚོགས་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ་རེད།

གོང་མ།:ཐེམ་ཆེན་རྫོང་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་དྲིལ་སྒྲོག་བྱ་འགུལ་སྤེལ་བར་གྲུབ་འབྲས་ཐོབ།

ཞོལ་མ།:ཀྲུང་ཁུང་ཉི་ནུས་གཏེར་ལེན་ཁའི་ཀྲའོ་ཝ50ཅན་གྱི་ལྕོག་རིང་ཚ་ནུས་གློག་འདོན་ས་ཚིགས་ཀྱིས་གློག་ཤུགས་ཐེག་ཚད་འདང་བའི་སྒོ་ནས་འཁོར་སྐྱོད་བྱེད་པ་མངོན་འགྱུར་བྱུང་།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235