མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

དམངས་ཡོངས་བདེ་ཐང་ལུས་སྦྱོང་ནང་ཞུགས་ནས་ལུས་རྩལ་མཁོ་ཆས་ཀྱི་འཛད་སྤྱོད་མཐོར་འདེགས་སུ་སོང་།

ཡོང་ཁུངས།:  སྤེལ་དུས།:2019-05-02  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

དམངས་ཡོངས་བདེ་ཐང་ལུས་སྦྱོང་ནང་ཞུགས་པའི་ཚྭ་རླབས་ཞིག་འཕྱུར་བ་ནས་བཟུང་བདེ་ཐང་ལུས་སྦྱོང་ཁང་དང་འབྲེལ་ཡོད་མཁོ་ཆས། ལུས་རྩལ་ཚོང་རྟགས་སོགས་ཀྱི་འཛད་སྤྱོད་རེ་བ་མཐོར་འདེགས་སུ་སོང་།ལུས་རྩལ་དང་འཛད་སྤྱོད་ནུས་པ་མཐོར་འདེགས་སུ་སོང་བ་དང་བསྟུན་ནས་ལུས་རྩལ་བདེ་ཐང་ཀྱི་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་སུ་བཏང་།  

ཉེ་བའི་ལོ་འདི་འགའི་རིང་ལ་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་དམངས་ཡོངས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་བའི་འདུན་པ་ཡང་ཇེ་དྲུག་ཏུ་གྱུར་བ་དང་མི་མང་པོ་ཞིག་གི་ལུས་སྦྱོང་ལྭ་བ་དང་མཁོ་ཆས་སོགས་ཀྱི་རེ་བ་ཇེ་མཐོར་སོང་། གཏེར་ལེན་ཁ་གྲོང་ཁྱེར་གྱི་གྲོང་མི་མེན་ཆིན་གྱིས་ཉིན་རྒྱུན་མི་རིགས་བྱ་འགུལ་ལྟེ་གནས་སུ་སོང་ནས་ལུས་སྦྱོང་ཁང་དུ་སྦྱོང་བརྡར་བྱེད་བཞིན་ཡོད།  

གཏེར་ལེན་ཁ་གྲོང་ཁྱེར་གྱི་གྲོང་མི་སྐུ་ཞབས་ཆིན་གྱིས་བཤད་རྒྱུར། ལུས་ཕུང་བདེ་ཐང་ཡིན་ཚེ་ད་གཟོད་བྱ་བའི་ནུས་པ་དང་འཚོ་བའི་སྤུས་ཚད་ཁག་ཐེག་བྱེད་ཐུབ་པ་རེད།  དུས་རྒྱུན་འཚོ་བའི་ཁྲོད་ལུས་སྦྱོང་ལྭ་བར་དོ་སྣང་བྱེད་དགོས་པ་དང་ཚོང་རྟགས་བཟང་བོའི་གསར་ཏུ་ཐོན་པའི་ལྭ་བ་འདེམས་དགོས།  འདི་བྱས་ན་ད་གཟོད་སྤུས་ཚད་མཐོར་འདེགས་གཏོང་བ་མ་ཟད།  གསོན་ཤུགས་གསར་བ་ཡོད་པ་རེད།  

མི་རིགས་རིག་གནས་བྱ་འགུལ་ལྟེ་གནས་ལུས་སྦྱོང་ཁང་ནི་སྤྱི་ཕན་རང་བཞིན་དང་གཞི་རྩ་རང་བཞིན།   འདྲ་མཉམ་རང་བཞིན། སྟབས་བདེ་རང་བཞིན་གྱི་རེ་བ་ལྟར་སྒྲིག་གཞི་འོས་འཚམས་དང་འཁོར་སྐྱོད་ཕན་འབྲས་ཡོད་པའི་དམངས་ཡོངས་ཀྱི་བདེ་ཐང་ལུས་སྦྱོང་གི་སྤྱི་བའི་རིག་གནས་ཞབས་མ་ལག་ཞིག་ཡིན།  

མཚོ་ནུབ་ཁུལ་རིག་གནས་བྱ་འགུལ་ལྟེ་གནས་ཚོང་གཉེར་དོ་དམ་པུའུ་ཡི་ཀྲུའུ་རིན་ལིས་རོང་ཕེན་གྱིས་བཤད་རྒྱུར། ང་ཚོ་ལྟེ་གནས་ཀྱིས་ལུས་རྩལ་ཁང་ཉིན་རྒྱུན་གྱི་སྔ་དྲོའི་དུས་ཚོད་དགུ་དང་བཅུ་གཉིས་བར་གྲོང་དམངས་ཡོངས་ལ་རིན་མེད་ཀྱིས་ལུས་སྦྱོང་ཁང་མཁོ་སྤྲོད་བྱེད་བཞིན་ཡོད། ཉིན་རྒྱུན་ལུས་སྦྱོང་བྱེད་དུ་ཡོང་བའི་མི་གྲངས་ཀྱང་བཞི་བརྒྱ་ལྔ་བརྒྱ་ལྷག་ལ་བུད་པ་དང་རྒྱ་ཆེ་བའི་གྲོང་དམངས་རྣམས་ལུས་སྦྱོང་ལ་སྤྲོ་བ་ཡོད་པར་གསོ་སྐྱོང་བྱས།  

ཚོང་བ་ལྕམ་མི་ཏིན་གྱིས་བཤད་རྒྱུར། ནམ་ཟླ་ཇེ་དྲོར་སོང་བ་དང་བསྟུན་ནས་དམངས་ཡོངས་ལུས་རྩལ་སྦྱོང་བརྡར་ནང་ཞུགས་པའི་མི་གྲངས་ཀྱང་ཇེ་མང་དུ་སོང་བ་དང་ང་ཚོ་ཚོང་ཁང་གིས་ཀྱང་ཚང་མར་ཅུང་སྟབས་བདེ་བའི་འོས་འཚམས་ཀྱི་བྱ་འགུལ་སྤེལ་བཞིན་ཡོད་ཟེར།  

དམངས་ཡོངས་ཀྱི་བདེ་ཐང་གི་རེ་འདུན་སྐོང་ཆེད་ཚོང་བ་རྣམས་ཀྱིས་ལུས་རྩལ་ལྷམ་དང་ལྭ་བ་སོགས་སྣ་མང་རང་བཞིན་དང་ཁྱད་ཆོས་ལྡན་པ་བཅས་གཞིར་བཟུང་ནས་གཏེར་ལེན་ཁའི་ཚོང་ལས་རང་བཞིན་གྱིས་བདེ་ཐང་ལུས་སྦྱོང་ཐོན་ལས་ལ་ཞབས་ཞུ་གང་ལེགས་སྒྲུབ་བཞིན་ཡོད།  

གོང་མ།:ཁུལ་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡིས་ལས་འགན་སྒྲུབ་པའི་ནུས་པ་མཐོ་རུ་གཏོང་བའི་གསོ་སྦྱོང་དང་ལེན་བྱས།

ཞོལ་མ།:ཐེམ་ཆེན་རྫོང་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་དྲིལ་སྒྲོག་བྱ་འགུལ་སྤེལ་བར་གྲུབ་འབྲས་ཐོབ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235