མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཁུལ་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡིས་ལས་འགན་སྒྲུབ་པའི་ནུས་པ་མཐོ་རུ་གཏོང་བའི་གསོ་སྦྱོང་དང་ལེན་བྱས།

ཡོང་ཁུངས།:  སྤེལ་དུས།:2019-05-17  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

    ཉེ་ཆར།  ཁུལ་ཨུ་རྩ་འཛུགས་པུས་བཙུགས་པའི་མཚོ་ནུབ་ཁུལ་རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ལས་འགན་སྒྲུབ་པའི་ནུས་པ་མཐོ་རུ་གཏོང་བའི་གསོ་སྦྱོང་ཆེད་དོན་དཔེ་སྟོན་འཛིན་གྲྭ་རུ།ཁུལ་ཁྲིམས་འཛིན་ཅུསརོང་འབྲོག་ཁུལ་གྱི་གཞི་རིམ་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུནཞེས་པའི་ཆེད་དོན་སློབ་ཚན་བཙུགས་ཤིང་།ཁུལ་ཡོངས་ཀྱི་རོང་འབྲོག་ཁུལ་གཞི་རིམ་གྱི་ཞང་དང་གྲོང་རྡལ། སྡེ་བའིཨུ་ཡོན་ལྷན་ཁང་གཉིསཀྱི་ཧྲུའུ་ཅི་སོགས་མི་གྲངས119གསོ་སྦྱོང་འཛིན་གྲྭར་ཞུགས།

    ཐེངས་འདིའི་གསོ་སྦྱོང་སློབ་ཚན་ཁྲོད་དུ།ཁུལ་ཁྲིམས་འཛིན་ཅུས་ཀྱིས་རྒྱལ་ཁབ་ཞིབ་དཔྱོད་དཔོན་སློབ་གླིང་མཚོ་སྔོན་ཡན་ལག་སློབ་གླིང་གི་སློབ་གཙོའམ་དགེ་རྒན་ཆེན་མོ་མཱ་ཐེན་ཧྲན་གདན་འདྲེན་བྱས་ཤིང་སློབ་ཁྲིད་གནང་སྟེ།གཙོ་བོ་ཞིང་སྡེ་གཞི་རིམ་གྱི་དམངས་གཙོའི་རང་སྐྱོང་རྐྱེན་སྲོལ་ཇི་ལྟར་འཐུས་ཚང་དུ་གཏོང་བ་འགྲེལ་བཤད་བྱས།དགེ་རྒན་ཆེན་མོ་མཱ་ཐེན་ཧྲན་གྱིས་བཤད་རྒྱུར་། གཞི་རིམ་གྱི་དམངས་གཙོ་རང་སྐྱོང་གི་ལས་དོན་ནི་མང་ཚོགས་ཀྱི་ཕྱོགས་ཀུན་ནས་རང་ཉིད་ཀྱི་ཁེ་ཕན་དང་འབྲེལ་ཞིང་།མི་དམངས་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་རེག་ཐུབ་པའི་ཁེ་ཕན་ཐོབ་པ་ཞིག་ཡིན་པ་དང་།རང་ཉིད་ཀྱི་ཁེ་ཕན་ལ་རེ་བ་ཞུ་བར་བཤད་ཐུབ་པ། རང་ཉིད་ཀྱི་དབང་ཆར་གནོད་འཚེ་གཏོང་བར་སྲུང་སྐྱོང་བྱེད་ཐུབ་པ་བཅས་ཡིན།གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཐོག་མཐའ་བར་གསུམ་དུ་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཤིང་།ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་ལ་ཚོད་འཛིན་ཡོད་དགོས་པ་དང།བཅའ་ཁྲིམས་དང་བཅའ་ཁྲིམས་ཀྱི་ལ་རྒྱ་སྲུང་སྐྱོང་བྱེད་དགོས་པ།གཞི་རིམ་གྱི་དམངས་གཙོར་ཤུགས་སྣོན་པ་དང་། ཁྲིམས་ལྟར་བདག་སྐྱོང་བྱེད་པ་ལེགས་པོ་འཛིན་པ།དོན་དངོས་བྱ་བའི་གནས་ཚུལ་ལ་ཟུང་འབྲེལ་བྱེད་པ་དང།བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་རང་ཉིད་ཀྱི་འགན་ཁུར་ལག་བསྟར་བྱས་ཏེ། ཕུན་སུམ་ཚོགས་པའི་ངང་ནས་མང་ཚོགས་ཀྱི་རེ་འདོད་མཚོན་དགོས་ཞེས་ཟེར།

   རྒྱུས་ལོན་བྱས་པ་ལྟར་ན།གཞི་རིམ་གྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འཆར་གཞིར་ལག་ཏུ་བསྟར་པའི་རྨང་གཞི་བཟོ་སྐྲུན་ཞིག་ཡིན་ཞིང།སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་ཆ་གཙོ་བོ་ཞིག་ཀྱང་ཡིན།གཟབ་ནན་ངང་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིབདུན་ལྔཁྲིམས་ཁྱབ་འཆར་འགོད་ལག་ལེན་མཐའ་འཁྱོལ་བྱས་ཤིང།སྔར་ལས་ལྷག་པའི་སྒོ་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་བཅའ་ཁྲིམས་ལ་བཀུར་བ་དང་བཅའ་ཁྲིམས་སློབ་པ།བཅའ་ཁྲིམས་སྤྱོད་པའི་འདུ་ཤེས་དང་ནུས་བ་ཤུགས་ཇེ་ཆེར་གཏོང་དགོས།གཞི་རིམ་གྱི་དམངས་གཙོ་ཁྲིམས་སྐྱོང་གི་འཛུགས་སྐྲུན་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ།ཁྱོན་ཡོངས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ཐབས་ཇུས་དང་ཁྲིམས་སྐྱོང་གི་མཚོ་ནུབ་འཛུགས་སྐྲུན་གཏིང་ཟབ་དུ་གཏོང་བ་བཅས་ལ་རམ་འདེགས་རྒྱག་དགོས།

   དབུས་ལམ་རྫོང་ཞིས་ལིས་ཀིག་གྲོང་རྡལ་གྱི་ཏང་ཨུ་ཧྲུའུ་ཅི་ཆི་ཧྲེན་ཧུའུ་ཡིས་བཤད་རྒྱུར།  ཐེངས་འདིའི་གསོ་སྦྱོང་དུ་ཞུགས་པ་ནི་ང་ཚོས་གཞི་རིམ་གྱི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་འཕེལ་རྒྱས་སུ་གཏོང་བ་དང་ཏང་གི་ལས་དོན་ཀྱི་ཤེས་བྱ་སོགས་སློབ་ཡོད་པ་མ་ཟད།གཞི་རིམ་གྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ཤེས་བྱའང་སློབ་ཡོད་པས།ཕན་ཐོག་མི་ཉུང་བ་ཞིག་ཐོབ་ཡོད་དེ།རྗེས་ཕྱོགས་སུ།  ང་ཚོས་སློབ་ཟིན་པའི་ཤེས་བྱ་དོན་དངོས་བྱ་བའི་ཁྲོད་དུ་བཀོལ་སྤྱོད་བྱེད་པ་དང་།སྔར་བས་མང་ཚོགས་ལ་ཞབས་ཞུ་ལེགས་པོ་བསྒྲུབ་དགོས་ཟེར།    

གོང་མ།:ཀྲུང་གོའི་ཡུལ་སྐོར་ཉིན་མོར་རང་ཁུལ་དུ་དམངས་ཕན་གྱི་བྱེད་སྒོ་མང་པོ་སྤེལ་རྒྱུ་རེད།

ཞོལ་མ།:དམངས་ཡོངས་བདེ་ཐང་ལུས་སྦྱོང་ནང་ཞུགས་ནས་ལུས་རྩལ་མཁོ་ཆས་ཀྱི་འཛད་སྤྱོད་མཐོར་འདེགས་སུ་སོང་།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235