མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཀྲུང་གོའི་ཡུལ་སྐོར་ཉིན་མོར་རང་ཁུལ་དུ་དམངས་ཕན་གྱི་བྱེད་སྒོ་མང་པོ་སྤེལ་རྒྱུ་རེད།

ཡོང་ཁུངས།:  སྤེལ་དུས།:2019-05-17  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

            ཟླ5པའི་ཚེས19ཡི་ཉིན་མོ་དེར།   ཀྲུང་གོའི་ཡུལ་སྐོར་གྱི་ཉིན་མོ་བསུ་པ་དང། རང་གི་གྲོགས་པོ་དང་ལྷན་དུ་ཕྱིར་སྤྲོ་གསེང་ལ་འགྲོ་བ།ཀྲུང་གོའི་ཡུལ་སྐོར་ཉིན་མོའི་སྐབས་སུ།རང་ཁུལ་གྱི་ས་གནས་སོ་སོའི་རིག་གནས་ཡུལ་སྐོར་སྡེ་ཁག་གིས་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་སྐར་རིམ་ཁྲུང་ཁང་བཅས་ལ་གོང་བདེའི་སྲིད་ཇུས་སྤེལ་རྒྱུ་རེད།

      ཟླ5པའི་ཚེས19ཡི་ཉིན་མོ་དེར།ཚྭ་ཁ་ཚྭ་མཚོ་མཛེས་ལྗོངས་ཁུལ་གྱིས་སྒོ་འཛིན་རིན་གོང་ཕྱེད་ཀ་བཅག་པ་ལག་བསྟར་བྱ་རྒྱུ་དང་།གངས་རི་ཆུ་ཚན་མཛེས་ལྗོངས་ཁུལ་གྱིས་དམངས་ཕན་བྱ་འགུལ་རིན་གོང88ལག་བསྟར་བྱ་རྒྱུ་ཡིན་ལ།ཟླ5པའི་ཚེས18ཉིན་ནས་ཚེས19ཉིན་བར། མཚོ་ཁུར་ལུག་མཛེས་ལྗོངས་ཁུལ་དང་མཁའ་དབྱིངས་དང་པོའི་མཛེས་ལྗོངས་ཁུལ།ཧྭ་ལི་ཧྭ་ཐུའུ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། ཆུ་ཐོག་ཡ་ཏན་མཛེས་ལྗོངས་ཁུལ་སོགས་ཀྱིས་སྒོ་འཛིན་མི་དགོས་པ་ལག་བསྟར་བྱ་རྒྱུ་རེད།  བྱ་འགུལ་སྐབས་སུ།  ཁུ་ནུ་རི་བོ་མཛེས་ལྗོངས་ཁུལ་དང་དམག་དཔོན་ཆེན་མོའི་ཐོག་ཁང་གི་བརྗོད་དོན་སྤྱི་གླིང་།མཚོ་ནག་མཛེས་ལྗོངས་ཁུལ། མང་ནེ་གྲོང་ཁྱེར་གྱི་མཛེས་ལྗོངས་ཁུལ་སོ་སོ། གཏེར་ལམ་རྫོང་གི་མཛེས་ལྗོངས་ཁུལ་སོ་སོ།ཅིན་ཙི་མཚོ་མཛེས་ལྗོངས་ཁུལ། ཐེམ་ཆེན་རྫོང་གི་བླ་མཚོ་འབྱུང་ཁུངས་མཛེས་ལྗོངས་ཁུལ།དེ་མིན་མཛེས་ལྗོངས་ཁུལ་གཞན་དག་སོགས་ལ་རིན་མེད་ངང་ནས་སྒོ་འབྱེད་རྒྱུ་རེད།ཁུལ་ནང་དུ་སྐར་རིམ་ཁྲུང་ཁང་ཚད་རིམ་མི་འདྲ་བར་ཁང་རིན་དང་བཟའ་བཏུང་འཛད་སྤྱོད་ཀྱི་རིན་གོང་བཅག་པ་དང་རྒྱན་ལེན་པ།ལེགས་སྐྱེས་སྟེར་བ་བཅས་ཀྱི་དམངས་ཕན་བྱེད་ཐབས་སྤེལ་རྒྱུ་རེད།

      བྱ་འགུལ་སྐབས་སུ། ཚྭ་ཁ་ཚྭ་མཚོའི་མཛེས་ལྗོངས་ཁུལ་དང་མཁའ་དབྱིངས་དང་པོའི་མཛེས་ལྗོངས་ཁུལ།ཧྭ་ལི་ཧྭ་ཐུའུ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། མཚོ་ཁུར་ལུག་མཛེས་ལྗོངས་ཁུལ།  ཆུ་ཐོག་ཡ་ཏན་མཛེས་ལྗོངས་ཁུལ་སོ་སོས་རིན་མེད་ཀྱི་སྒོ་འཛིན1000ལྷག་འདོན་སྤྲོད་བྱས་ཏེ།ཀྲུང་གོའི་ཡུལ་སྐོར་ཉིན་མོ་མཚོ་སྔོན་ཞིང་ཆེན་ཡན་ལག་ཚོགས་རའི་བྱེད་སྒོ་མགོ་བརྩམ་པའི་མཛད་སྒོར་ལ་ཞུགས་པའི་མང་ཚོགས་ལ་སྟེར་བ་དང་།སྔར་བས་སྤྱི་ཚོགས་ལས་རིགས་སོ་སོས5·19བྱ་འགུལ་ལ་ཞུགས་པའི་བརྩོན་སེམས་ལ་སྐུལ་སློང་བྱེད་རྒྱུ་ཡིན་ཞིང་།རིག་གནས་ཡུལ་སྐོར་གྱི་དམངས་ཕན་བྱེད་ཐབས་དངོས་གནས་དམངས་འཚོ་དང་མང་ཚོགས་ལ་ཕན་འདོགས་རྒྱུ་རེད།ཁུལ་ནང་གི་རིག་གནས་ཁང་དང་དཔེ་མཛོད་ཁང་། བཤམས་སྟོན་ཁང་།(གནའ་ཤུལ་མིན་པའི་རིག་གནས་འགྲེམ་སྟོན།) ལུས་རྩལ་ར་བ།ཆུ་རྐྱལ་ཁང་སོགས་རིན་མེད་ཀྱི་སྒོ་འབྱེད་པ་དང་།ཁུལ་ནང་གི་ཐང་ཆེན་མཐའ་དག་ཏུ་སྤྱི་ཕན་རང་བཞིན་གྱི་རིག་རྩལ་འཁྲབ་སྟོན་བྱེད་རྒྱུ་རེད།

གོང་མ།:ཚྭ་འདམ་གྱི་གནོད་མེད་གཏེར་ཁ་འཚོལ་བའི་རྩད་ཞིབ་ལས་དོན་གྱི་མཉམ་རུབ་ཆེན་མོ་གོ་རིམ་ལྡན་པའི་ངང་སྤེལ་བ།

ཞོལ་མ།:ཁུལ་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡིས་ལས་འགན་སྒྲུབ་པའི་ནུས་པ་མཐོ་རུ་གཏོང་བའི་གསོ་སྦྱོང་དང་ལེན་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235