མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཚྭ་འདམ་གྱི་གནོད་མེད་གཏེར་ཁ་འཚོལ་བའི་རྩད་ཞིབ་ལས་དོན་གྱི་མཉམ་རུབ་ཆེན་མོ་གོ་རིམ་ལྡན་པའི་ངང་སྤེལ་བ།

ཡོང་ཁུངས།:  སྤེལ་དུས།:2019-05-17  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

     ཚྭ་འདམ་གྱི་གནོད་མེད་གཏེར་འཚོལ་རྩད་ཞིབ་ལག་བསྟར་བྱས་པའི་ཚུན་དུ།རང་ཁུལ་གྱིས་གཞི་གཅིག་སྣ་མང་གི་ཁེ་ཕན་མཉམ་སྤྱོད་རྐྱེན་སྲོལ་བཙུགས་པ་བརྒྱུད་དེ།  རྒྱལ་ཁབ་དང་ཞིང་ཆེན་གྱི་སྤྱི་ཚོགས་མ་དངུལ་དང་སྟོབས་ཤུགས་སྡེབ་སྒྲིག་བྱས་ནས།ཞིང་ཆེན་ཕྱི་ནང་གི་རྒྱལ་དབང་ས་གཤིས་རྩད་ཞིབ་ལས་ཁུངས་ལ་སྐུལ་མ་དང་རྒྱབ་སྐྱོར་གནང་ཞིང་།གཏེར་དབང་དང་ལག་རྩལ། མི་འཇོན་བཅས་ཀྱི་རྣམ་པ་བརྒྱུད་དེ་སྤྱི་ཚོགས་མ་དངུལ་དང་མཉམ་ལས་བྱས་པ་དང་།ཚྭ་འདམ་གྱི་གནོད་མེད་གཏེར་འཚོལ་དཔེ་དབྱིབས་གསར་བ་ཞིག་གསར་བསྐྲུན་བྱས་ལ། ས་གཤིས་རྩད་ཞིབ་ཀྱི་བྱ་གཞག་ལ་གྲུབ་འབྲས་ཅུང་ཙམ་བླངས།

     རྒྱུས་ལོན་པ་ལྟར་ན།2018ལོར་རང་ཁུལ་གྱི་ས་གཤིས་རྩད་ཞིབ་ལས་གཞི་སོ་སོ་བསྡོམས་པས288བཀོད་སྒྲིག་བྱས་ཤིང་།འགྲོ་གྲོན་མ་དངུལ་སྒོར་དུང་ཕྱུར9.5ཚོད་འཛིན་བྱས་ཡོད།  2017ལོའི་སྒོར་དུང་ཕྱུར5.01དང་བསྡུར་ན89.6%འཕར།ས་གཤིས་རྩད་ཞིབ་ཐད་ལ་མ་དངུལ་གཏོང་བ་མར་བཅག་པའི་འཕེལ་ཕྱོགས་བསྒྱུར་བ་དང་། གཏེར་ལས་དབང་ཆ་ཐོབ་པ་ཁག་ལ་སྒོ་བྱང22བཀལ།ཚོང་འགྲིག་པའི་ཁེ་ཕན་ཐོབ་པར་བསྡོམས་པས་སྒོར་དུང་ཕྱུར2.72བསླེབས།2017ལོའི་སྒོར་དུང་ཕྱུར0.55དང་བསྡུར་ན394%འཕར། གཏེར་ཁའི་ཐོན་ཁུངས་ཀྱི་ས་གཤིས་རྩད་ཞིབ་དུས་རིམ་ཅན་གྱི་གྲུབ་འབྲས་བླངས་ཡོད།2019ལོར་ཁུལ་ཡོངས་མངའ་ཁོངས་སུ་ས་གཤིས་རྩད་ཞིབ་ལས་གཞི་སྣ་ཚོགས118འཆར་འགོད་དང་བཀོད་སྒྲིག་བྱས་ཡོད་ཅིང།འགྲོ་གྲོན་སྒོར་དུང་ཕྱུར3.26ཚོད་འཛིན་བྱས་ཡོད་པ་དང་།   ལོ་སྟོད་ལ་ས་གཤིས་རྩད་ཞིབ་དབང་ཆ་ཐོབ་པའི་ལས་གཞི9ལ་ཁྲོམ་བསྒྲགས་བྱེད་པའི་འཆར་གཞི་འཐེན།

གོང་མ།:མཚོ་ནུབ་ཁུལ་དབུལ་སྐྱོར་ཅུའུ་ཡིས་འདྲི་རྩད་དང་བརྟག་སེལ། རྟོག་ཞིབ་ཆེན་མོའི་བྱ་འགུལ་སྤེལ།

ཞོལ་མ།:ཀྲུང་གོའི་ཡུལ་སྐོར་ཉིན་མོར་རང་ཁུལ་དུ་དམངས་ཕན་གྱི་བྱེད་སྒོ་མང་པོ་སྤེལ་རྒྱུ་རེད།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235