མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཁུལ་དབུལ་སྐྱོར་ཅུའུ་ཡིས་འདྲི་རྩད་དང་བརྟག་སེལ། རྟོག་ཞིབ་ཆེན་མོའི་བྱ་འགུལ་སྤེལ།

ཡོང་ཁུངས།:  སྤེལ་དུས།:2019-05-20  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

ད་ལོའི་ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན་ནས་བཟུང་། མཚོ་ནུབ་ཁུལ་དབུལ་སྐྱོར་ཅུའུ་ཡིས་གཞི་ཁྱོན་ཆེ་བའི་འདྲི་རྩད་དང་བརྟག་སེལ། རྟོག་ཞིབ་ཆེན་མོའི་བྱ་འགུལ་ཐེངས་གསུམ་པ་རྩ་འཛུགས་བྱས། གནད་དོན་ཁྲིད་ཕྱོགས་སུ་བྱེད་པ་དང་། བྱ་བ་ལག་བསྟར་བྱེད་པར་ཤུགས་སྣོན་པ། གནད་དོན་སྣ་ཚོགས་ཀྱི་ཉེན་ཁར་བརྟག་སེལ་ནན་མོ་བྱེད་ཆེད། ཁོ་ཚོས་ཀྲུང་དབྱང་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་ཐད་ཀྱི་གནད་དོན་ལ་དག་ཐེར་ལེགས་བཅོས་བྱེད་པ་དང་། ཞིང་ཆེན་རིམ་པའི་ཡུལ་གཞན་གནས་སྤོར་སྐོར་ཞིབ། མང་ནེ་གྲོང་ཁྱེང་གྱི་སྒྲོག་འགྲེལ་གཅིག་དང་བསྒྲུབ་པ་གཉིས། སྐུལ་འདེད་བཞིའི་ལྟ་སྐུལ་མཛུབ་ཁྲིད། དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་སོགས་བྱ་བར་ཟུང་འབྲེལ་བྱས་ཏེ། བྱ་བའི་ཚན་ཆུང་གཞི་རིམ་དུ་མངག་ནས་གནས་ཚུལ་རྒྱུས་ལོན་བྱས་པ་དང་། གནད་དོན་ཐག་བཅད་པ་དང་སྲིད་ཇུས་སྒྲོག་འགྲེལ་བྱས།

བྱ་བའི་ཚན་ཆུང་མཉམ་འབྲེལ་རོགས་སྐྱོར་སྡེ་བ་གཏེར་ལེན་ཁ་གྲོང་ཁྱེར་ཁི་ལུའུ་ཁི་གྲོང་རྡལ་ཅིན་ཡོན་སྡེ་བ་རུ་སོང་ནས། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཡི་ཁོངས་མི། ཧྲུའུ་ཅི་དང་པོ་དང་སྡེ་སྡོད་བྱ་བའི་རུ་ཁག་་དང་བཞུགས་མོལ་བརྗེ་རེས་བྱས་པ་དང་། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་བབ་ལ་རྒྱུས་ལོན་གསལ་བོ་བྱས་ལ། ཡུལ་དངོས་ནས་སྡེ་བའི་ཉི་འོད་ནུས་པའི་ནུས་ཁུངས་གྲོན་ཆུང་དྲོད་ཁང་གི་འདེབས་འཛུགས་ལས་གཞི་ལ་ལྟ་ཞིབ་བྱས་པ་དང་། མཉམ་དུ་ཐོན་ལས་རྟེན་གཞིའི་ཐོན་སྐྱེད་གནས་ཚུལ་དང་གནད་དོན་དངོས། འཕེལ་རྒྱས་ཀྱི་ཁ་ཕྱོགས་བཅས་ལ་གྲོས་སྡུར་བརྗེ་རེས་བྱས། དེ་མ་ཟད་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོར་ཟུང་འབྲེལ་བྱས་ནས། ཞི་ཅིན་ཕིང་གི་དབུལ་སྐྱོར་རྣམ་བཤད་བཤུས་སྒྲིག་དང་དབུལ་ཐར་མཁྲེགས་གཏོར་སྲིད་ཇུས་ཀྱི་སྒྲོག་འགྲེལ་བྱ་འགུལ་སྤེལ། བྱ་འགུལ་སྐབས་སུ། ཁོ་ཚོ་ད་དུང་ཏུའུ་ལན་རྫོང་དང་ཐེམ་ཆེན་རྫོང་གི་ས་ཁུལ་སོ་སོར་སོང་ནས་ཞིང་ཆེན་རིམ་པའི་ཡུལ་གཞན་གནས་སྤོར་སྐོར་ཞིབ་ཐད་ཀྱི་གནད་དོན་ལ་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་དང་སྡེ་བ་རིམ་པའི་ཐོན་ལས་འཕེལ་རྒྱས་ལས་གཞི་སོགས་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་རྟོག་ཞིབ་བྱས་པ་དང་། བྲག་དམར་ཞང་དང་ཙུང་ཅཱ་གྲོང་རྡལ། པན་ཆེན་ཤང་སྡེ་གྲོང་རྡལ་གྱི་ཡུལ་གཞན་གནས་སྤོར་ལས་གཞི་ལག་བསྟར་ཡུལ་དངོས་བཅས་སུ་སོང་ནས་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་ལ་ལྟ་ཞིབ་བྱས།

གོང་མ།:མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་གཉིས་བཏང་ནས་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་ལ་རྒྱབ་སྐྱོར་བྱས།

ཞོལ་མ།:ཚྭ་འདམ་གྱི་གནོད་མེད་གཏེར་ཁ་འཚོལ་བའི་རྩད་ཞིབ་ལས་དོན་གྱི་མཉམ་རུབ་ཆེན་མོ་གོ་རིམ་ལྡན་པའི་ངང་སྤེལ་བ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235