མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

༄༅།།ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་རྒྱལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་ལྟ་སྐུལ་མཛུབ་ཁྲིད་ལས་ཀའི་ཇུས་གཞི་བཀྲམ་པ།

ཡོང་ཁུངས།:  སྤེལ་དུས།:2019-05-21  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། 《ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྡ་ཐོའི་》བཀོད་སྒྲིག་གཞིར་བཟུང་། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《རྒྱལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་ལྟ་སྐུལ་མཛུབ་ཁྲིད་ལས་ཀའི་ཇུས་གཞི་》བཀྲམ་པ་རེད། 《ཇུས་གཞིའི་》ནང་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)ཁག་གི་ཏང་ཨུད་དང་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས་པ་དང་སྦྲགས་གྲོང་ཁྱེར་དང་ས་ཁུལ་རིམ་པའི་ཏང་ཨུད་དང་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་ཁག་གཅིག་ཏུ་བསྐྱོད་དགོས། འབྲེལ་བ་ཡོད་པའི་གཙོ་གནད་གྱོད་གཞིར་ཐད་ཀར་རྫོང་དང་། ཤང་། གྲོང་ཚོ་བཅས་སུ་བསྐྱོད་དེ་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས་པ་དང་། གནད་དོན་མངོན་གསལ་དོད་པོ་གནས་པའི་ས་ཁུལ་སོགས་ལ་གཙོ་གནད་ཐོག་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད་པ་རེད།
 《ཇུས་གཞིའི་》ནང་། རྒྱལ་ཡོངས་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ལྟ་སྐུལ་མཛུབ་ཁྲིད་ལས་དོན་ཐད་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། ཆབ་སྲིད་ཀྱི་ངེས་གནས་སྔར་བས་མཐོ་རུ་གཏོང་བ། “འདུ་ཤེས་བཞི”སྔར་བས་ཟབ་ཏུ་གཏོང་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་དུ་གཏོང་བ། ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་པ། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། ཁྲིམས་སྐྱོང་གི་བསམ་གཞི། རྩ་ལག་མཉམ་བཅོས་མཐའ་འཁྱོངས་བྱེད་པ། འགན་འཁྲི་རྩད་གཅོད་བྱེད་ནན་དུ་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་བྱེད་རྒྱུ་དེ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་དམ་འཛིན་བྱེད་གཞི་གལ་ཆེན་ལ་བརྩི་བ། ལྟ་སྐུལ་མཛུབ་ཁྲིད་ལ་བརྟེན་ནས་ས་གནས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ནག་སེལ་གཤེད་བཅོམ་གྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ནན་དུ་གཏོང་བ་བཅས་བྱས་ནས་སྡེ་ཚན་ཁག་གིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ལྟ་སྐུལ་མཛུབ་ཁྲིད་ལ་བརྟེན་ནས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་སྤེལ་རྒྱུ་འགན་ལེན་བྱས་ནས་ཡང་དག་པའི་ཁ་ཕྱོགས་སུ་གཏིང་ཟབ་སྤེལ་དགོས་པ། ལྟ་སྐུལ་མཛུབ་ཁྲིད་ལ་བརྟེན་ནས་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་རྒྱུར་སྐུལ་འདེད་བཏང་ནས་འགག་སྒྲོལ་དཀའ་སེལ་དང་། གཤེད་བཅོམ་གཙང་མ། ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས་པ། ལྟ་སྐུལ་མཛུབ་ཁྲིད་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་རེ་སྒུག་ལ་ལན་བསློགས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
《ཇུས་གཞིའི་》ནང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་སྣེ་ཁྲིད་དེ་རྒྱལ་ཡོངས་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་དང་མཉམ་དུ་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་བཙུགས་ཏེ་ལྟ་སྐུལ་མཛུབ་ཁྲིད་ལས་དོན་སྤེལ་དགོས། ལྟ་སྐུལ་མཛུབ་ཁྲིད་ལས་དོན་དེ་2018ལོའི་ལོ་སྟོད་ནས་འགོ་བཙུགས་ཏེ་2019ལོའི་ལོ་མཇུག་བར་སྤེལ་རྒྱུ་ཡིན་པ་དང་། ལྟ་སྐུལ་མཛུབ་ཁྲིད་ལས་དོན་སྤྱིར་ན་ཁྱོན་ཡོངས་ལ་ཁྱབ་པར་བྱེད་དགོས་ཞེས་ཁ་གསལ་བསྟན་ཡོད་པ་རེད།
《ཇུས་གཞིའི་》ནང་ལྟ་སྐུལ་མཛུབ་ཁྲིད་ལས་དོན་གཤམ་གསལ་གཙོ་གནད་6ལ་དམིགས་ནས་སྤེལ་དགོས་པ་སྟེ། གཅིག་ནས་ཆབ་སྲིད་ཀྱི་ངེས་གནས་ལ་དམིགས་ནས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་གནས་ཚུལ་དང་། ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་སྤྱིའི་བླང་བྱ་དང་ལག་བསྟར་གོ་རིམ་དོན་འཁྱོལ་བྱེད་པའི་གནས་ཚུལ། ཆེད་དོན་འཐབ་རྩོད་ཀྱི་འགན་ཁུར་བ་ཨང་དང་པོ་དང་ཐད་ཀའི་འགན་ཁུར་བས་ནག་སེལ་གཤེད་བཅོམ་གྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་གནས་ཚུལ་བཅས་ལ་གཙོ་གནད་ཐོག་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས་པ་དང་། གཉིས་ནས་ཁྲིམས་བཞིན་ཆད་པ་ནན་པོ་གཅོད་རྒྱུར་དམིགས་པ་དང་། གཙོ་གནད་ཐོག་ནག་སེལ་དང་། གཤེད་བཅོམ། ཟིང་བཅོས་བཅས་ཀྱི་ཕན་འབྲས་དང་ལྷག་དོན་དུ་མང་ཚོགས་སྐུལ་སློང་གི་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ནས་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་དབྱེ་མཚམས་གསལ་པོ་འབྱེད་པ་དང་། ཁྲིམས་བཞིན་གྱོད་གཞི་སྒྲུབ་གཉེར་བྱས་ཏེ་ནག་གཤེད་དང་འབྲེལ་བ་ཡོད་པའི་གནད་དོན་རྩ་བའི་ཆ་ནས་བཀག་འགོག་ཐུབ་རྒྱུ་འགན་ལེན་བྱེད་པའི་གནས་ཚུལ་ལ་གཙོ་གནད་ཐོག་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས་པ། གསུམ་ནས་ཕྱོགས་བསྡུས་བཅོས་སྐྱོང་ལ་དམིགས་ནས་སྡེ་ཚན་ཁག་གིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་དང་། འབྲེལ་ཡོད་ལྟ་སྐུལ་སྡེ་ཚན་གྱིས་གཙོ་གནད་ལས་རིགས་དང་། གཙོ་གནད་ཁྱབ་ཁོངས་སུ་རྒྱུན་གཏན་གྱི་ལྟ་སྡོམ། ཤུགས་ཆེའི་མཉམ་ཤུགས་དང་གནད་དོན་མངོན་གསལ་དོད་པོས་ཐག་གཅོད་བཅས་བྱེད་པའི་གནས་ཚུལ་གཙོ་གནད་ཐོག་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས་པ། བཞི་ནས་ཞིབ་བཤེར་ཐག་གཅོད་གཏིང་ཟབ་བྱེད་རྒྱུར་དམིགས་ནས་ནག་སེལ་གཤེད་བཅོམ་དང་རུལ་རྒོལ་འཐབ་རྩོད་དང་གཞི་རིམ་གྱི“རུལ་སུངས་གནད་དོན་ཆུང་གྲས”ལ་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་ཏང་ཡོན་ལས་བྱེད་པའི་ནག་གཤེད་དང་འབྲེལ་བའི་གནད་དོན་བཅོས་སྒྲིག་བྱས་ཏེ་ནག་ཚོགས་ཕྱོགས་གཏོགས་རྒྱབ་ཀྱི“འགེབས་སྲུང་བ”ཞིབ་བཤེར་གཏིང་ཟབ་བྱེད་པའི་གནས་ཚུལ་ལ་གཙོ་གནད་ཐོག་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས་པ། ལྔ་ནས་རྩ་འཛུགས་འཛུགས་སྐྱོང་ལ་དམིགས་ནས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་བཅོས་སྒྲིག་དང་། ནག་ཚོགས་ཕྱོགས་གཏོགས་ཀྱིས་གཞི་རིམ་སྲིད་དབང་ལ་གནོད་འཚེ་གཏོང་རྒྱུར་དོགས་ཟོན་ནན་པོ་བྱས་ནས་ནག་གཤེད་ཕྱོགས་གཏོགས་ཐོན་ཁུལ་མེད་པར་བཟོ་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་པའི་གནས་ཚུལ་ལ་གཙོ་གནད་ཐོག་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས་པ། དྲུག་ནས་སྒྲིག་འཛུགས་འགོ་ཁྲིད་ལ་དམིགས་ནས་རིམ་ཁག་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་དང་དེའི་གཞུང་ལས་ཁང་གིས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམ་པ་བཞིན་འགན་འཁྲི་ནན་དུ་བཏང་ནས་གྲོན་དངུལ་འགན་ལེན་དང་། ལག་རྩལ་སྒྲིག་ཆས། ཆེད་ལས་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་གཙོ་གནད་གནད་དོན་གྱི་གནས་ཚུལ་ལ་གཙོ་གནད་ཐོག་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

གོང་མ།:ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་བ།

ཞོལ་མ།:ཝང་ཅན་ཅུན་གྱིས་མཚོ་སྔོན་སྣུམ་ཞིང་དང་མཚོ་ནུབ་ཁུལ་མང་ནེ་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235