མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་གཟབ་རྒྱས་ངང་རྟེན་འབྲེལ་ཞུ་བའི་མང་ཚོགས་རང་བཞིན་གྱི་དྲིལ་སྒྲོག་སློབ་གསོའི་བརྡ་ཐོ་སྤེལ།

ཡོང་ཁུངས།:  སྤེལ་དུས།:2019-05-21  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་གཟབ་རྒྱས་ངང་རྟེན་འབྲེལ་ཞུ་བའི་ང་དང་ངའི་མེས་རྒྱལ་ཞེས་པ་བརྗོད་དོན་ཡིན་པའི་མང་ཚོགས་རང་བཞིན་གྱི དྲིལ་སྒྲོག་སློབ་གསོའི་བྱ་འགུལ་རྒྱ་ཆེར་སྤེལ་བའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་དྲིལ་སྒྲོག་སློབ་གསོ་བྱ་འགུལ་ཐད་ལ་བཀོད་སྒྲིག་བྱས།

བརྡ་ཐོ་ལས་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་གཟབ་རྒྱས་ངང་རྟེན་འབྲེལ་ཞུ་བར་དམ་པོར་སྦྲེལ་ཏེ། ཤུགས་ཆེན་པོས་རྒྱལ་གཅེས་རིང་ལུགས་སྲོག་ཤིང་ཡིན་པའི་རླབས་ཆེན་མི་རིགས་སྙིང་སྟོབས་དར་སྤེལ་བྱེད་པ་དང་། རྒྱལ་ཡོངས་ཀྱི་གྲོང་གསེབ་ཏུ་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་རྒྱ་ཆེར་སྤེལ་ནས། མཛད་སྒོའི་ཚོར་སྣང་དང་ཞུགས་པའི་ཚོར་སྣང་། དེང་རབས་ཚོར་སྣང་ཇེ་དྲག་ཏུ་གཏོང་དགོས་པ་དང་། ཀྲུང་གོའི་གཏམ་རྒྱུད་དང་ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཏམ་རྒྱུད་གང་ལེགས་སྒོས་བརྗོད་དགོས་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་གྱི་འོད་སྟོང་འབར་བའི་ལོ་རྒྱུས་འཕེལ་རིམ་དང་རླབས་ཆེན་གྲུབ་འབྲས། རིན་ཐང་བྲལ་བའི་ཉམས་མྱོང་བཅས་དྲིལ་སྒྲོག་བཟང་བོ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ཏང་དང་རྒྱལ་ཁབ་ལས་དོན་ཐད་ནས་བླངས་པའི་ཁྱོན་ཡོངས་དང་གསར་སྐྲུན་རང་བཞིན་གྱི་ལོ་རྒྱུས་གྲུབ་འབྲས་འབུར་དུ་ཐོན་པར་བྱས་ནས་དྲིལ་སྒྲོག་གང་ལེགས་བྱེད་དགོས་པར་མ་ཟད། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་སྐུལ་སློང་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོ་བཅངས་ནས་ནམ་ཡང་འབད་བརྩོན་ལྷོད་མེད་བྱེད་པ་དང་། རང་གི་འགན་འཁྲི་ལ་རྐང་བཙུགས་ནས་བྱས་རྗེས་འཇོག་དགོས། རྒྱལ་གཅེས་འབད་འཐབ་སྙིང་སྟོབས་དེ་དོན་དངོས་ཀྱི་འགུལ་སྐྱོད་དུ་བསྒྱུར་ཏེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

བརྡ་ཐོ་ལས་ད་དུང་རིགས་སོ་སོའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་རྒྱ་ཆེར་སྤེལ་བའི་ཐད་ལ་རེ་བ་ཁ་ཤས་བཏོན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

གོང་མ།:ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མཚོ་ནུབ་ཁུལ་གྱི་སྡེ་བའི་གཤེད་བཅོམ་གོང་གཏུག་གྱོད་དོན་ཐོག་མ་སྤྱི་བསྒྲགས་ཞིབ་གཅོད་བྱས།

ཞོལ་མ།:ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་བ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235