མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཁུལ་སྲིད་གྲོས་ཀྱིས་རང་ཁུལ་གྱི་ལིས་གྲོ་ཐོན་ལས་ཀྱི་གནད་དོན་གསར་བ་ཐག་གཅོད་དང་འཚོལ་ཞིབ་བྱེད་པའི་མཐུན་སྦྱོར་བཞུགས་མོལ་གྲོས་ཚོགས་བསྡུས།

ཡོང་ཁུངས།:  སྤེལ་དུས།:2019-05-23  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

ཉེ་ཆར། ཁུལ་སྲིད་གྲོས་ཀྱིས2019ལོའི་དུས་ཚིགས་དང་པོའི་རང་ཁུལ་གྱི་ལིས་གྲོ་ཐོན་ལས་ཀྱི་གནད་དོན་གསར་བ་ཐག་བཅོད་དང་འཚོལ་ཞིབ་བྱེད་པའི་མཐུན་སྦྱོར་བཞུགས་མོལ་གྲོས་ཚོགས་བསྡུས།ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཀྲང་ཅི་ཡོན་དང་ལའེ་ཧའེ་ལན། ཀྲང་ཡཱ་པང་བཅས་གྲོས་ཚོགས་ལ་ཞུགས་པ་དང་།ཁུལ་བཟོ་ལས་བརྡ་འཕྲིན་ཅུའུ། ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་སོགས་ལས་ཁུངས་དང་སྡེ་ཁག་གིས་གྲོས་ཚོགས་སྟེང་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་གནང་།

     གྲོས་ཚོགས་ཀྱིས་བསྟན་དོན།ལིས་གྲོ་དེ་སྒོར་ཁྲག་ཁྲིག་ཅན་གྱི་ཁྱད་ལྡན་སྐྱེ་དངོས་ཐོན་ལས་སུ་བསྐྲུན་དགོས་ན།   ངེས་པ་དུ་ཚན་རིག་ཞིབ་མཇུག་དང་། ཐོན་ལས།ལས་སྣོན། བྲིན་ཚོང་གི་དགོས་མཁོ་ལྟར།  ནོར་སྲིད་རོགས་སྐྱོར་དང་།ཁྲལ་བསྡུའི་གཟིགས་སྐྱོང་། དངུལ་རྩ་རོགས་སྐྱོར་དང་།  ཉེན་སྲུང་རོགས་སྐྱོར།ས་ཞིང་དང་གློག་ཤུགས་ཕྱོགས་ལ་དམིགས་བསལ་སྲིད་ཇུས་ཀྱིས་རོགས་འདེགས་བྱེད་དགོས་ཤིང་།ལས་རིགས་སྡེ་ཁག་གིས་ཞབས་ཕྱི་དང་ཁྱད་ལྡན་སྐྱེ་དངོས་ཐོན་ལས་གསོ་སྤེལ་ཁྲོད་ཀྱི་འགན་ནུས་དང་བྱ་བའི་དམིགས་འབེན་མངོན་གསལ་བྱས་ཏེ།  སྲིད་ཇུས་དངོས་འབེབ་དོན་འཁྱོལ་དང་ཞབས་ཕྱི་དམིགས་སུ་འབྱོར་བ།ལྟ་སྐུལ་དོ་དམ་དམིགས་སུ་འབྱོར་བ་བྱེད་དགོས་པ་དང་།ལིས་གྲོ་འདེབས་འཛུགས་བྱེད་པའི་ཚན་རིག་ཞིབ་མཇུག་གི་ནུས་ཤུགས་ཇེ་རུ་བཏང་སྟེ།  གསོ་སྤེལ་ལ་འཚམ་པའི་སྤུས་ཚད་མཐོ་བའི་ལིས་གྲོ་ཡི་ས་བོན་གསར་བ་ནང་འདྲེན་བྱེད་དགོས་ལ། སྔོན་ཐོན་གྱི་ཞིང་ལས་ཀྱི་ལག་རྩལ་དང་འཕྲུལ་ཆས་བཀོལ་སྤྱོད་བྱེད་པའི་ཁྱབ་རྒྱ་ཆེ་རུ་བཏང་ནས། ལིས་གྲོ་འདེབས་འཛུགས་བྱེད་པའི་གོ་རིམ་ཡོངས་ལ་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་བསྟན།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན།   མུ་མཐུད་དུ་དྲིལ་སྒྲོག་དང་འཚམས་སྦྱོར་གྱི་ནུས་པ་ཆེ་རུ་བཏང་སྟེ།ཚྭ་འདམ་ལིས་གྲོའི་མཐོ་རིམ་བགྲོ་གླེང་དང་ལིས་གྲོའི་དུས་ཆེན་ལེགས་པོར་སྤེལ་ནས།བདག་གཉེར་གྱི་བརྗོད་གཞི་གཙོ་བོར་རོགས་སྐྱོར་དང་ཆེ་རུ་བཏང་ནས།ཞིང་ཁྱིམ་དང་ཚོང་རའི་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས་ལ། ཚྭ་འདམ་ལིས་གྲོ་ལས་རིགས་ཀྱི་མཐུན་ཚོགས་བཙུགས་ནས།སྲིད་གཞུང་དང་ཁེ་ལས་བར་དང་། ཐོན་སྐྱེད་དང་འཛད་སྤྱོད་པའི་བར་ལ་ཟམ་པ་ལྟའི་བུ་ནུས་པ་ཐོན་དགོས་ཤིང་།སྲིད་གཞུང་དང་མཐུན་ཚོགས། ཁེ་ལས་དང་ཞིབ་མཇུག་སྡེ་ཁག་བཅས་ཀྱི་མཉམ་དུ་ལིས་གྲོའི་མིང་གྲགས་ཚོང་རྟགས་བསྐྲུན་དགོས་པ་ནན་གྱིས་བསྟན།  

གོང་མ།:པར་གཞི་གསར་པའི《མཚོ་ནུབ་སྲིད་དོན》(སོག་ཡིག་དང་བོད་ཡིག་གི་ཟླ་ཟུང་དེབ)དེབ་དང་པོ་དངོས་སུ་པར་སྐྲུན་གཟིགས་འབུལ་བྱས་པ།

ཞོལ་མ།:ཏུའུ་ཏི་ཀྲི་ཡིས་མཚོ་ནུབ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235