མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མཚོ་ནུབ་ཁུལ་གྱི་སྡེ་བའི་གཤེད་བཅོམ་གོང་གཏུག་གྱོད་དོན་ཐོག་མ་སྤྱི་བསྒྲགས་ཞིབ་གཅོད་བྱས།

ཡོང་ཁུངས།:  སྤེལ་དུས།:2019-05-22  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

ཉེ་ཆར།ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ན་གོར་མོ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་ནག་སེལ་གཤེད་བཅོམ་གོང་གཏུག་གྱོད་དོན་ཐོག་མ་སྤྱི་བསྒྲགས་ཞིབ་གཅོད་བྱས་པ་དང་འདི་ནི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་བྱ་བ་སྤེལ་པ་ནས་བཟུང་མཚོ་ནུབ་ཁུལ་གྱིས་དཔྱད་མཚམས་ཁྱབ་བསྒྲགས་བྱས་པའི་ནག་སེལ་གཤེད་བཅོམ་གྱི་གྱོད་དོན་ཐོག་མ་ཡིན།

2019ལོའི་ཟླ1པོའི་ཚེས16ཉིན་ན་གོར་མོ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་རྩད་གཅོད་ཞིབ་བཤེར་བརྒྱུད་ཞི་སྦྱོར་ཕྱི་མ་བ་ཀྲའོ་ཀྲན་མུའུ་ཡིས་ན་གོར་མོ་གྲོང་ཁྱེར་གོ་ལུ་མུའུ་ཏིག་གྲོང་རྡལ་ཡན་ཆའོ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་ཁྱད་པར་བའི་འབྲེལ་བ་བེད་སྤྱོད་བྱས་ཏེ་ནག་ཚོགས་ཀྱི་སྟོབས་ཤུགས་ལ་རྒྱབ་བཅོལ་བྱས།2015ལོའི་ཟླ་3ནས2016ལོའི་ཟླ6བར་བཙན་དབང་དང་འཇིགས་སྐུལ་གྱིས་ན་གོར་མོ་གྲོང་ཁྱེར་གའོ་ལུ་མའོ་ཏིག་ཡན་ཆའོ་སྡེ་བ་དང་མཐའ་འཁོར་གྱི་ས་གནས་མང་པོར་ཐེངས་དུ་མར་བརྙས་འདོགས་རྒྱུ་འཕྲོག་གི་ཁྲིམས་འགལ་ནག་ཉེས་བྱ་འགུལ་མང་པོ་སྤེལ་ཏེ་ཁྲིམས་མེད་ལུགས་མེད་དང་དཔལ་འབྱོར་ལ་རྙོག་དྲ་བཟོ་བ།སྤྱི་ཚོགས་འཚོ་བའི་སྒྲིག་ལམ་ལ་གཏོར་བརླག་ཚབ་ཆེན་བཟོས་ཏེ་སྤྱི་ཚོགས་འཕེལ་རྒྱས་ལ་ཤན་ཤུགས་ངན་པ་བཟོས།ན་གོར་མོ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གིས་གྲོས་སྡུར་ཐག་གཅོད་བརྒྱུད་ཞུ་སྦྱོར་བ་ཕྱི་མའི་བྱ་སྤྱོད་དེ་ཁྲིམས་འགལ་གྱི་བྱ་སྤྱོད་དུ་གཏོགས་པས།ཞུ་སྦྱོར་ཕྱི་མ་བ་ཀྲའོ་ཀྲན་མུའུ་ཡིས་བསམ་བཞིན་དུ་གནོད་སྐྱེལ་བའི་ནག་ཉེས་དང་བཙན་ཤུགས་བརྙས་བཅོས་ཀྱི་ནག་ཉེས་གྲུབ་པས་ལོ་བརྒྱད་རིང་གི་དུས་བཀག་བཙོན་འཇུག་དང་སྒོར་ཁྲི་གཉིས་ཀྱི་ཆད་པ་བཅད།ཞུ་སྦྱོར་ཕྱི་མ་བ་ཀྲའོ་ཀྲན་མུའུ་ཁྲིམས་ཁང་གི་ཁྲིམས་གཅོད་ཐག་བཅད་ལ་འཐད་པ་མ་བྱུང་བར་མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གོང་གཏུག་བྱས།

མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གོང་གཏུག་གྱོད་དོན་དང་ལེན་བྱས་རྗེས།ཁྲིམས་མཐུན་སྒོས་ལྷན་གྲོས་ཁྲིམས་ར་སྤྱི་བསྒྲགས་བྱས་ཏེ་ཡང་བསྐྱར་གྱོད་དོན་འདྲི་གཅོད་བྱས།གྱོད་དོན་རྩད་ཞིབ་བརྒྱུད་ཐོག་མའི་དཔྱད་མཚམས་དོན་དངོས་དང་མཐུན་ཞིང་བདེན་དཔང་ཆ་ཚང་ཡིན་པའི་མི་ཚད།ད་དུང་འདྲི་གཅོད་གོ་རིམ་ཁྲིམས་ལུགས་དང་མཐུན་པས།གོང་གཏུག་བྱེད་མཁན་ཀྲའོ་ཀྲན་མུའུ་ཡི་ཐོག་མའི་ཁྲིམས་གཅོད་ཐག་བཅད་འོས་འཚམས་ཡིན་པ་དང་མཐར་ཀྲའོ་ཀྲན་མུའུ་ཡི་གོང་གཏུག་ཕྱིར་སྤྲོད་བྱས་ཤིང་ཐོག་མའི་ཁྲིམས་གཅོད་རྒྱུན་འཁྱོངས་བྱས།

ཐེངས་འདིའི་གྱོད་དོན་གྱི་མཇུག་འབྲས་ཀྱིས་ཁྲིམས་འགལ་ནག་ཉེས་བཟོ་མཁན་ལ་ཆད་པ་ནན་མོ་བཅད་པར་མ་ཟད།ད་དུང་འདི་དང་རིགས་འདྲ་བའི་ནག་ཚོགས་སྟོབས་ཤུགས་ལ་གནོན་ཤུགས་ཆེས་ཆེར་བྱིན་པ་དང་ཁྲིམས་ལུགས་ཀྱི་དབང་གྲགས་མངོན་མཚོན་བྱས་ཡོད་ལ།རྒྱུན་ལྡན་གྱི་དཔལ་འབྱོར་སྒྲིག་གཞི་ལ་འགེབས་སྲུང་དང་ཞིང་སྡེའི་བདེ་སྲུང་འཁོར་ཡུག་གཙང་བཤེར་བྱས་ཏེ་ཆབ་སྲིད་ཀྱི་ཕན་ནུས་དང་ཁྲིམས་ལུགས་ཀྱི་ཕན་འབྲས།སྤྱི་ཚོགས་ཀྱི་གྲུབ་འབྲས་གཅིག་བསྡུ་བྱེད་པའི་བྱ་བ་མངོན་འགྱུར་བྱས།

གོང་མ།:ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་གཟབ་རྒྱས་ངང་རྟེན་འབྲེལ་ཞུ་བའི་མང་ཚོགས་རང་བཞིན་གྱི་དྲིལ་སྒྲོག་སློབ་གསོའི་བརྡ་ཐོ་སྤེལ།

ཞོལ་མ།:ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་གཟབ་རྒྱས་ངང་རྟེན་འབྲེལ་ཞུ་བའི་མང་ཚོགས་རང་བཞིན་གྱི་དྲིལ་སྒྲོག་སློབ་གསོའི་བརྡ་ཐོ་སྤེལ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235