མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཏུའུ་ཏི་ཀྲི་ཡིས་མཚོ་ནུབ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས།:  སྤེལ་དུས།:2019-05-23  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

ཉེ་ལམ།མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཏི་ཀྲི་ཡིས་ཞིང་ཆེན་སྲིད་གྲོས་ཞིང་ལས་ཞིང་སྡེ་ཨུ་ཡོན་ལྷན་ཁང་དང་ཅིག་སན་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཁྲིད་དེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དང་དབུས་ལམ་རྫོང་གཉིས་ལ་སོང་ནས་རྫོང་རིམ་པའི་སྲིད་གྲོས་བྱ་བ་དང་གཞི་རིམ་དམངས་གཙོ་ཏང་ཁགདམངས་གཙོ་ཏང་ཁག་གི་ཨུ་ཡོན་གྱི་སྲིད་ཞུགས་སྲིད་གླེང་ནུས་པ་འདོན་སྤེལ་བྱེད་པའི་གནས་ཚུལ་ཐད་ནས་རྟོག་ཞིབ་བྱས།རྟོག་ཞིབ་བྱེད་སྐབས་ཁུལ་དང་གྲོང་ཁྱེར། རྫོང་སྲིད་གྲོས་དང་གཞི་རིམ་དམངས་གཙོ་ཏང་ཁག་སོ་སོའི་ཀྲི་པུའུ་ཨུ་ཡོན་གྱི་གནས་ཚུལ་སྙན་ཞུ་ལ་ཉན་པ་དང་།གཞི་རིམ་སྲིད་གྲོས་ཀྱི་བྱ་བ་དང་གཞི་རིམ་དམངས་གཙོ་ཏང་ཁག་སོ་སོ།དམངས་གཙོ་ཏང་ཁག་གི་ཨུ་ཡོན་གྱི་སྲིད་ཞུགས་སྲིད་གླེང་ནུས་པ་འདོན་སྤེལ་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས།

ཏུའུ་ཏི་ཀྲི་ཡིས་མཚོ་ནུབ་ཁུལ་གྱི་རིམ་པ་སོ་སོའི་སྲིད་གྲོས་ཀྱིས་སྲིད་གྲོས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་།འགན་ནུས་ནན་མོ་བསྒྲུབ་པ་སོགས་ཕྱོགས་ནས་བླངས་པའི་གྲུབ་འབྲས་དང་།གཞི་རིམ་དམངས་གཙོ་ཏང་ཁག་གི་ཁོངས་མིས་མི་དམངས་སྲིད་གྲོས་བརྒྱུད་དེ་སྲིད་ཞུགས་སྲིད་གླེང་དང་བློ་འདོན་ཇུས་འབུལ་བྱས་པར་ཁས་ལེན་གང་ལེགས་བྱས་པ་མ་ཟད།མུ་མཐུད་དུ་གོ་རིམ་རྗེས་མའི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་ནན་གྱིས་བསྟན་དོན།གཅིག་ནས་ཀྲུང་གོ་གུང་ཁྲན་ཏང་གི་མི་དམངས་སྲིད་གྲོས་དང་དམངས་གཙོ་ཏང་ཁག་བྱ་བའི་ཐད་ཀྱི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཤུགས་སྣོན་པ་དང་།སྲིད་གྲོས་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་ལ་སྔར་ལས་ཤུགས་བསྣན་ནས།ཏང་འཛུགས་ཀྱི་སྲིད་གྲོས་བྱ་བའི་ཁྲོད་ཀྱི་ཆབ་སྲིད་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།གཉིས་ནས་འགན་སྒྲུབ་ནུས་པ་མཐོར་འདེགས་བྱེད་པ་དང་།ཡུལ་དངོས་བཞི་ཡི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། མི་གྲངས་ཉུང་བ་དང་ལས་འགན་ལྕི་བའི་གནས་ཚུལ་འོག་ཏུ་ཡང་།བྱ་བའི་ཚད་གཞི་དང་ནུས་པ་མཐོར་འདེགས་གཏོང་བ།ས་གནས་ཀྱི་བྱ་བ་གཙོ་བོ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་དམིགས་ནས།སྲིད་གྲོས་དང་དམངས་གཙོ་ཏང་གི་འགན་ནུས་འདོན་སྤེལ་བྱས་ཏེ།ས་གནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བློ་འདོན་ཇུས་འབུལ་བྱེད་དགོས།གསུམ་ནས་སྲིད་གྲོས་དང་གཞི་རིམ་དམངས་གཙོ་ཏང་ཁག་བྱ་བའི་ཉམས་ཞན་ས་དང་མི་འདང་ས་འཚོལ་བ་དང་།ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་པའི་སྟེང་ཤུགས་བཏོན་ནས།བྱ་བའི་སྤུས་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བ་དང་ཕན་འབྲས་ཇེ་ཆེར་གཏོང་བར་བརྩོན་ལེན་བྱེད་དགོས་ཟེར།། 0

གོང་མ།:ཁུལ་སྲིད་གྲོས་ཀྱིས་རང་ཁུལ་གྱི་ལིས་གྲོ་ཐོན་ལས་ཀྱི་གནད་དོན་གསར་བ་ཐག་གཅོད་དང་འཚོལ་ཞིབ་བྱེད་པའི་མཐུན་སྦྱོར་བཞུགས་མོལ་གྲོས་ཚོགས་བསྡུས།

ཞོལ་མ།:ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་གཟབ་རྒྱས་ངང་རྟེན་འབྲེལ་ཞུ་བའི་མང་ཚོགས་རང་བཞིན་གྱི་དྲིལ་སྒྲོག་སློབ་གསོའི་བརྡ་ཐོ་སྤེལ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235