མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

པར་གཞི་གསར་པའི《མཚོ་ནུབ་སྲིད་དོན》(སོག་ཡིག་དང་བོད་ཡིག་གི་ཟླ་ཟུང་དེབ)དེབ་དང་པོ་དངོས་སུ་པར་སྐྲུན་གཟིགས་འབུལ་བྱས་པ།

ཡོང་ཁུངས།:  སྤེལ་དུས།:2019-06-03  རྩོམ་པ་པོ།:  རྩོམ་སྒྲིག་པ།:ཀླུ་རྒྱལ་དོན་འགྲུབ།    ཀློགས་གྲངས།:

   《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི་སྲིད་གཞུང་སྤྱི་བསྒྲགས་ལས་དོན་ལེགས་པོར་སྒྲུབ་པའི་སྐོར་གྱི་བརྡ་སྦྱོརརྒྱལ་སྲིད་གཞུང་ལས་ཁང་།[2018]ཨང122པདངམཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་སྲིད་གཞུང་སྤྱི་བསྒྲགས་ལས་དོན་ལེགས་པོར་སྒྲུབ་པའི་སྐོར་གྱི་བརྡ་སྦྱོརམཚོ་སྔོན་སྲིད་གཞུང་གཞུང་ལས་ཁང་།[2018]ཨང151པགྱི་བླང་བྱ་གཞིར་བཟུང་ནས།ངེད་ལས་ཁུངས་ཀྱིས་ཁུལ་སྲིད་གཞུང་གི་མགོ་ཁྲིད་ཀྱི་མཆན་འགོད་མཇུབ་སྟོན་གྱི་དགོངས་དོན་ལྟར།2015ལོ་ནས་བཟུང་ལོ་རེར་ཐེངས་གཉིས་ལ་པར་སྐྲུན་གཟིགས་འབུལ་བྱེད་པ་དང་།ལོ་ཧྲིལ་པོར་དཔེ་ཆ8000ལྷག་པར་སྐྲུན་བྱེད་བཞིན་པའི་དེ་སྔོན་གྱིམཚོ་ནུབ་སྲིད་དོན(སོག་ཡིག་དང་བོད་ཡིག་གི་ལོ་ཕྱེད་དེབ)དེ་པར་གཞི་བརྗེས་ནས་རིམ་སྤར་བྱས་ཤིང་།ད་ལྟམཚོ་ནུབ་སྲིད་དོན(སོག་ཡིག་དང་བོད་ཡིག་གི་དེབ)ཟླ་ཟུང་དེབ་ཏུ་བསྒྱུར་བ་དང་།ཐེངས་རེར་སོག་ཡིག་དང་བོད་ཡིག་གི་དེབ་སོ་སོ2700པར་སྐྲུན་བྱེད་པ་དང་བསྡོམས་པས་དེབ5400པར་སྐྲུན་བྱེད་བཞིན་ཡོད།2019ལོའི་ཟླ5པའི་ཟླ་མཇུག་ཏུ་དེབ་དང་པོ་དངོས་སུ་པར་སྐྲུན་གཟིགས་འབུལ་ལེགས་འགྲུབ་བྱུང་།མཚོ་ནུབ་སྲིད་དོནལ་ཁྲིམས་སྲོལ་རང་བཞིན་དང་།སྲིད་ཇུས་རང་བཞིན། དབང་གྲགས་རང་བཞིན། ཞབས་ཞུ་རང་བཞིན་བཅས་གཞི་གཅིག་ཏུ་འདུས་ཡོད་པ་དང་།ཁུལ་མི་དམངས་སྲིད་གཞུང་གིས་སྒྲིག་སྲོལ་སྲིད་ཇུས་ཁྱབ་བསྒྲགས་བྱེད་པའི་ཁྲིམས་བཀོད་ཀྱི་གཞི་རྟེན་དང་ཚད་ལྡན་གྱི་ཡིག་ཆ་ཡིན་ལ།སྲིད་བཀའ་ཁྱབ་སྒྲོག་དང་བྱ་བར་མཛུབ་སྟོན་བྱེད་པའི་ལག་ཆ་གལ་ཆེན་ཡང་ཡིན་ཞིང་།རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་ཁ་བྱང་དམར་པོའི་ཡིག་ཆ་ཀློག་པ་དང་། ཏང་གི་སྲིད་ཇུས་དང་ཁྲིམས་སྲོལ་ལ་རྒྱུས་ལོན།ཐོན་སྐྱེད་བདག་གཉེར་ལ་མཛུབ་སྟོན།  ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བཅས་བྱེད་པའི་ཐབས་ལམ་དང་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན།མཚོ་ནུབ་སྲིད་དོན(སོག་ཡིག་དང་བོད་ཡིག་གི་དེབ)ནི་མཚོ་ནུབ་ཀྱི་གྲངས་ཉུང་མི་རིགས་གཙོ་བོས་སྐད་ཡིག་ལ་བརྟེན་ནས་སྲིད་བཀའ་ཁྱབ་སྒྲོག་དང་སྲིད་དོན་ཡོངས་བསྒྲགས།བྱ་བར་མཛུབ་སྟོན། སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པ་དམིགས་ཡུལ་དུ་བཟུང་ནས།  སྲིད་དོན་ཡོངས་བསྒྲགས་ལ་སྐུལ་འདེད་དང་།སྲིད་དོན་ཞབས་ཞུར་ཤུགས་སྣོན།  ཁྲིམས་ལྟར་སྲིད་སྐྱོང་བར་སྐུལ་སྤེལ།ཏང་དང་སྲིད་གཞུང་གིས་གྲང་ཉུང་མི་རིགས་མང་ཚོགས་བར་ལ་འབྲེལ་བ་དམ་ཟབ་བྱེད་པ་སོགས་ཀྱི་ཕྱོགས་ལ་ནུས་པ་གལ་ཆེན་འདོན་བཞིན་ཡོད།

     མཚོ་ནུབ་སྲིད་དོན(སོག་ཡིག་དང་བོད་ཡིག་གི་ཟླ་ཟུང་དེབ)གཟིགས་འབུལ་གྱི་ལས་དོན་ལེགས་པོ་ཞིག་བསྒྲུབ་ཆེད། ཁུལ་ཡོངས་ཀྱི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཡོངས་ལ་ཁ་གཏད་དེ་སྲིད་གཞུང་གི་ཡིག་རིགས་རིན་མེད་སྒོས་འགྲེམས་སྤེལ་བྱས་ནས།ཁུལ་མི་དམངས་སྲིད་གཞུང་གི་སྤྱི་བསྒྲགས་ཀྱི་འགན་ནུས་ལག་བསྟར་བྱེད་པ་དང་། ངེད་ལས་ཁུངས་ཀྱིས་གྲོང་ཁྱེར་དང་རྫོང་།ཤང་དང་གྲོང་རྡལ། སྡེ་བ་དང་རུ་ཁག་བཅས་རིམ་པ་སོ་སོ་ལ་འབྲེལ་གཏུག་ལམ་སྲོལ་བཙུགས་ཏེ།  སྦྲགས་སྲིད་བརྒྱུད་དེ་ས་ཁུལ་སོ་སོའི་མི་རིགས་གཙོ་བོའི་ཁྱབ་ཚུལ་གྱི་གནས་ཚུལ་ལ་གཞིགས་ནས་བགོས་པར་མ་ཟད།རེ་རེ་བཞིན་སྐུར་བ་དང་།མིག་སྔར་བསྡོམས་རྩིས་བྱས་པའི་གཟིགས་འབུལ་ཁྱབ་ཁོངས་ནི་ཁུལ་རིམ་པའི་ཡིག་ཚགས་ཁང་དང།སྤྱི་པའི་དཔེ་མཛོད་ཁང་། སྲིད་དོན(སྲིད་འཛིན)ཚོམས་ཆེན་སོགས་སྲིད་གཞུང་གི་སྤྱི་བསྒྲགས་ཆ་འཕྲིན་གཟིགས་ཞིབ་བྱ་ཡུལ་དང་སྤྱི་པའི་ཞབས་ཞུའི་གནས།མི་རིགས་ས་ཁུལ་གྱི་རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་དང།  དམངས་ཆེན།སྲིད་གྲོས་བཅས་དང། ཁྲིམས་ཁང་། ཞིབ་དཔྱོད་ཁང་སོགས་ཁྲིམས་འཛིན་ལས་ཁུངས་དང།སྡེ་ཁུལ་དང་སྡེ་དམངས(སྡོད་དམངས།འབྲོག་དམངས)ཨུ་ཡོན་ལྷན་ཁང་། སློབ་གྲྭ།དགོན་པ་སོགས་ཡིན་ཞིང་།  གཟིགས་འབུལ་གྱི་ཁྱབ་རྒྱ་དངོས་གནས་ཆེ་རུ་བཏང་ཡོད།            

གོང་མ།:ཝུན་གོ་ཏུང་གིས་གཏེར་ལེན་ཁ་གྲོང་ཁྱེར་གྱི་ནག་འཇོམས་ངན་སེལ་ཆེན་དོན་འཐབ་རྩོད་སྤེལ་བའི་གནས་ཚུལ་ལ་ལྐོག་འདྲི་དང་ལྟ་སྐུལ་སློབ་སྟོན་མཛད།

ཞོལ་མ།:ཁུལ་སྲིད་གྲོས་ཀྱིས་རང་ཁུལ་གྱི་ལིས་གྲོ་ཐོན་ལས་ཀྱི་གནད་དོན་གསར་བ་ཐག་གཅོད་དང་འཚོལ་ཞིབ་བྱེད་པའི་མཐུན་སྦྱོར་བཞུགས་མོལ་གྲོས་ཚོགས་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235