མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཝུན་གོ་ཏུང་གིས་གཏེར་ལེན་ཁ་གྲོང་ཁྱེར་གྱི་ནག་འཇོམས་ངན་སེལ་ཆེན་དོན་འཐབ་རྩོད་སྤེལ་བའི་གནས་ཚུལ་ལ་ལྐོག་འདྲི་དང་ལྟ་སྐུལ་སློབ་སྟོན་མཛད།

ཡོང་ཁུངས།:  སྤེལ་དུས།:2019-06-14  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

    ཟླ6པའི་ཚེས10ཉིན། ཁུལ་ཨུའི་ཧྲུའུ་ཅི་ཝུན་གོ་ཏུང་གིས་གཏེར་ལེན་ཁ་གྲོང་ཁྱེར་ཀཱ་ཧའེ་གྲོང་རྡལ་དང་མཚོ་ཁུར་ལུག་གྲོང་རྡལ།ཆུ་ནུབ་ཞིང་ལས་ཚོང་ར་རུ་ཕྱིན་ཏེ།ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་གནས་ཚུལ་ལ་ལྐོག་འདྲི་དང་ལྟ་སྐུལ་སློབ་སྟོན་བྱས།  ཁོས་ནན་གྱིས་བསྟན་དོན།མིག་སྔར་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གནད་འགག་གི་དུས་རིམ་དུ་བསླེབས་ཤིང་།ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཆབ་སྲིད་ཀྱི་གནས་སྟངས་སྔར་བས་མཐོ་རུ་བཏང་ཞིང་། འཐབ་རྩོད་ཀྱི་སྙིང་སྟོབས་ཤུགས་ཆེ་རུ་བཏང་ནས།གནད་དོན་གྱི་ཁྲིད་ཕྱོགས་ལ་རྒྱུན་འཁྱོངས་དང་། བྱ་བའི་བྱེད་ཐབས་ཞིབ་ཕྲ་བཟོས་ཏེ། ཆེད་དོན་འཐབ་རྩོད་གཏིང་ཟབ་ངང་འཕེལ་རྒྱས་སུ་འགྲོ་བར་མུ་མཐུད་སྐུལ་འདེད་གཏང་དགོས་ཟེར།

    ཝུན་གོ་ཏུང་གིས་སྔ་གཞུག་ཏུ་ཀཱ་ཧའེ་གྲོང་རྡལ་སྲིད་གཞུང་དང་ཆན་ཧྲུའེ་སྡེ་བ།ཀཱ་ཧའེ་སྡེ་བ། ཧྥུའུ་ཡོན་སྡེ་བ། མཚོ་ཁུར་ལུག་གྲོང་རྡལ་སྲིད་གཞུང་དང་ཅིན་ཡོན་སྡེ་བ།ཧྭ་ཐུའུ་སྡེ་བ།  ཨན་ཁང་སྡེ་བ།ལེན་ཧུའུ་སྡེ་བ་སོགས་ལ་ལྐོག་འདྲི་དང་ལྟ་སྐུལ་སློབ་སྟོན་བྱས་ཏེ།  རྩིས་ཁྲའི་དཔྱད་ཡིག་ལ་ཀློག་བཤེར་བྱས་པ་དང་ཚོགས་འདུའི་ཟིན་ཐོར་ལྟ་བ།  མང་ཚོགས་ལ་གླེང་མོལ་དང་རྗེས་རེས་བྱས་ནས།ཆེད་དོན་འཐབ་རྩོད་སྤེལ་བའི་གནས་ཚུལ་དང་མང་ཚོགས་ཀྱིས་ཞུགས་ཚད་དང་ཤེས་ཚད་ལ་རྒྱུས་ལོན་བྱས།ཁོས་བསྟན་དོན།  གཞི་རིམ་དུ་སྔར་བཞིན་ནག་འཇོམས་ངན་སེལ་ཆེན་དོན་འཐབ་རྩོད་ཀྱི་ཞན་ཆའི་གནས་མཆིས་པས།ས་ཁུལ་སོ་སོའི་ཏང་ཨུ་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་སྔར་བས་བསམ་བློའི་ཤེས་རྟོགས་ཇེ་མཐོར་བཏང་སྟེ།ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱིས་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས། གཏིང་ཟབ་ངང་གྲལ་བཤེར་བྱེད་པ་དང་། གནད་དོན་དང་ཞན་ཆ་ཡང་དག་པར་བཙལ་ནས།གཟབ་ནན་དང་དྲང་བཞག་གི་སྒོ་ནས་དག་ཐེར་བྱེད་པ་དང་།ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་གྲུབ་འབྲས་སྲ་བརྟན་ཞིག་ལེན་པར་ཁག་ཐེག་བྱ་དགོས་ཟེར།

     ཀཱ་ཧའེ་གྲོང་རྡལ་མངག་གཏོང་ཁང་དང་མཚོ་ཁུར་ལུག་མངག་གཏོང་ཁང་དུ།ཝུན་གོ་ཏུང་གིས་ཞིབ་ཕྲ་ངང་ནག་འཇོམས་ངན་སེལ་གྱི་ཁུངས་སྣེ་འཚོལ་བ་དང་མངའ་ཁོངས་བདེ་འཇགས་ཀྱི་གནས་ཚུལ།ལས་རེས་གྲ་སྒྲིག་གི་གནས་ཚུལ་བཅས་ལ་རྒྱུས་ལོན་བྱས། ཁོས་ནན་གྱིས་བསྟན་དོན།  སྤྱི་བདེ་ལས་ཁུངས་ནི་ནག་འཇོམས་ངན་སེལ་ཆེན་དོན་འཐབ་རྩོད་སྤེལ་བའི་གཙོ་ཤུགས་དམག་དཔུང་ཡིན་ཏེ།གཙོ་གནད་ཀྱི་མངའ་ཁོངས་དང་ས་གནས། བྱ་ཡུལ་བཅས་ལ་དམིགས་ནས། མུ་མཐུད་དུ་ཐབས་བརྒྱ་ཇུས་སྟོང་གིས་ནག་འབྲེལ་དང་ངན་འབྲེལ་ཀྱི་ཁུངས་སྣེ་འཚོལ་བ་དང་།གྲལ་བཤེར་དང་ཞིབ་འཇུག་བརྡར་གཅོད་རྒྱུན་ནམ་ཅན་དུ་བཏང་སྟེ། གཟབ་ནན་ངང་ནག་འབྲེལ་དང་ངན་འབྲེལ་གྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་གཏོང་བ་དང་།སྤྱི་ཚོགས་ཀྱི་འགལ་བའི་རྩོད་གཞི་དེ་མགོ་ཁུངས་ནས་སེལ་བའི་ཤུགས་ཆེ་རུ་བཏང་ནས།མི་དམས་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་ལ་ཁག་ཐེག་བྱ་དགོས་ཟེར།

    གཏེར་ལེན་ཁ་གྲོང་ཁྱེར་ཆུ་ནུབ་ཞིང་ལས་ཚོང་ར་རུ།  ཝུན་གོ་ཏུང་གིས་བདག་གཉེར་དུད་ཁྱིམ་དང་ཉེ་འགྲམ་གྱི་མང་ཚོགས་ལཚོང་ར་ཧམ་ཤེདསོགས་ཀྱི་མགོ་སྐོར་བཏང་ནས། ཚོང་ར་ཧམ་འཛིན་དང་བཙན་ཉོ་བཙན་འཚོང་གི་སྣང་ཚུལ་བྱུང་ཡོད་མེད་ལ་རྒྱུས་ལོན་བྱས་པ་དང་།ཁོས་བསྟན་དོན། ཞིང་ལས་ཚོང་ར་ནི་ནག་འཇོམས་ངན་སེལ་གྱི་བྱ་བའི་གནས་གཙོ་བོ་ཡིན་ཞིང་།མི་ཚོགས་གཅིག་སྡུད་དང་མི་སྣ་རྙོག་འཛིང་ཆེ་བ།ཚོང་རར་མགོ་སྐོར་དང་བཙན་ཤེད་ཀྱིས་ཉོ་བ་སོགས་ཀྱི་གནད་དོན་འབྱུང་སླ་བས།ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། དྲིལ་སྒྲོག་ཇེ་དྲག་ཏུ་གཏོང་བ་དང་།གྲལ་བཤེར་ནན་མོ་བྱས་ནས། མཐའ་གཅིག་ཏུ་ཚོང་རའི་སྒྲིག་ལམ་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་བྱས་ཏེ།  མུ་མཐུད་དུ་ཚོང་རའི་འགྲན་རྩོད་ཀྱི་སྒྲིག་ལམ་ཇེ་ལེགས་སུ་གཏང་དགོས་ཟེར།

   ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་དང་དྲུང་ཡིག་ཆེན་མོ་ཏང་ཀྲུང་པའོ་གོང་གི་བྱ་འགུལ་ལ་ཞུགས།

གོང་མ།:རང་ཁུལ་གྱིས་མཚོ་སྔོན་ལྷོ་རྒྱུད་ཁུལ་གསུམ་གྱི་དབུལ་ཐར་མཁྲེགས་གཏོར་ལས་དོན་ཐད་ཀྱི་རོགས་སྐྱོར་ཐེངས་དང་པོ་བདེ་བླག་ངང་མཇུག་སྒྲིལ།

ཞོལ་མ།:པར་གཞི་གསར་པའི《མཚོ་ནུབ་སྲིད་དོན》(སོག་ཡིག་དང་བོད་ཡིག་གི་ཟླ་ཟུང་དེབ)དེབ་དང་པོ་དངོས་སུ་པར་སྐྲུན་གཟིགས་འབུལ་བྱས་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235