མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

རང་ཁུལ་གྱིས་མཚོ་སྔོན་ལྷོ་རྒྱུད་ཁུལ་གསུམ་གྱི་དབུལ་ཐར་མཁྲེགས་གཏོར་ལས་དོན་ཐད་ཀྱི་རོགས་སྐྱོར་ཐེངས་དང་པོ་བདེ་བླག་ངང་མཇུག་སྒྲིལ།

ཡོང་ཁུངས།:  སྤེལ་དུས།:2019-06-14  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

 《མཚོ་ནུབ་ཁུལ་གྱི་མཚོ་སྔོན་ལྷོ་རྒྱུད་ཁུལ་གསུམ་གྱི་རོགས་སྐྱོར་བྱ་བའི་ཇུས་གཞིཡི་བླང་བྱ་གཞིར་བཟུང་སྟེ།ཟླ5པའི་ཚེས31ཉིན་ནས་ཟླ6པའི་ཚེས6ཉིན། མཚོ་ནུབ་ཁུལ་རོགས་སྐྱོར་བྱ་བའི་ཚན་ཁག་གི་ལས་བྱེད་མི་སྣ24ཡིས་ལས་འགན་དང་ལས་གཞི།ནུས་རྩལ། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་བརྩེ་དུང་ཟབ་མོ་བཅས་ཁྱེར་ནས།རྨ་ལྷོ་ཁུལ་ཐུན་རིན་རྫོང་དང་མགོ་ལོག་ཁུལ་དར་ལག་རྫོང་།  ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང(རྨ་ཆུ་མགོ་ཁུངས་ཁུ་ནུ་གཞིས་ཁུལ)རོགས་སྐྱོར་ས་ཁུལ་གསུམ་ལ་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་རོགས་སྐྱོར་བྱ་བ་ཐེངས་དང་པོ་སྤེལ།

   བྱ་བ་སྤེལ་བའི་སྐབས་སུ།བྱ་བའི་ཚན་ཁག་སོ་སོས་ཉིན་མཚན་མེད་པ་དང་བྲེལ་འཚུལ་གྱི་ངང་ནས།ས་བབ་མཐོ་བའི་རང་བྱུང་ཆ་རྐྱེན་སེལ་ཏེ། ཡུལ་དངོས་ལྟ་ཞིབ་དང་འབྲོག་ཁྱིམ་དུ་འདྲི་རྕད།དཔྱད་ཡིག་ཀློག་བཤེར། བཞུགས་མོལ་ཚོགས་འདུ་བསྡུས་པ་སོགས་ཀྱི་རྣམ་པ་བརྒྱུད་དེ།  གྲོང་རྡལ་དང་ཡུལ་ཚོ5དང་། སྡེ་བ(གཞིས་ཁུལ)6ལ་འདྲི་རྩད་དུ་ཕྱིན་པ་དང་།རྫོང་དང་ཡུལ་ཚོ། སྡེ་བ་བཅས་ཀྱི་འབྲེལ་ཡོད་ལས་བྱེད་མི་སྣར་ཧུར་ཐག་གིས་མཐུན་སྦྱོར་བྱས་ཏེ།ཐོན་ལས་ཀྱི་འཕེལ་རྒྱས་དང་རྨང་གཞི་སྒྲིག་ཆས།  དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་ཞན་ཆ་སོགས་ཀྱི་ཕྱོགས་ནས་གནད་དོན13ལ་རྩད་གཅོད་བྱས།རོགས་སྐྱོར་རྫོང་དུ་རྒྱལ་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་བྱེད་སྒོ་མ་ལག་གི་འབྲེལ་ཡོད་གཞི་གྲངས་ལ་ཞིབ་བསྡུར་དང་མཛུབ་སྟོན་བྱས་པ་དང་།ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་རྩིས་ཕྲའི་དཔྱད་ཡིག་ཚད་ལྡན་དང་ལེགས་སྒྲིག་བྱས་ཤིང་།  ལས་གཞིའི་ལག་བསྟར་དང་མ་དངུལ་བཀོལ་སྤྱོད་ཕྱོགས་ལ་དབྱེ་འབྱེད་བྱས་པར་མ་ཟད།རྗེས་ཕྱོགས་ཀྱི་རོགས་སྐྱོར་བྱ་བར་ཧུར་ཐག་གིས་ཇུས་འགོད་བྱས།

   ཁུལ་དམངས་སྲིད་ཅུའུ་ཡི་ཅུའུ་ཀྲང་གཞོན་པའམ་དར་ལག་རྫོང་རོགས་སྐྱོར་བྱ་བའི་ཚན་གཙོ་ཏུའུ་ཅིན་ཞིན་གྱིས་བཤད་རྒྱུར།  རོགས་སྐྱོར་བྱ་བ་ཐེངས་དང་པོ་སྤེལ་བ་བརྒྱུད་དེ།ང་ཚོ་དང་ས་གནས་ཀྱི་ལས་བྱེད་མང་ཚོགས་བར་ལ་རོགས་ལས་ཀྱི་འབྲེལ་བ་ལེགས་པོ་ཞིག་བཙུགས་ཤིང་།ཕྱོགས་ཡོངས་ནས་རོགས་སྐྱོར་ས་ཁུལ་གྱི་དབུལ་ཕོངས་ཀྱི་སྣང་ཚུལ་ལ་རྒྱུས་ལོན་བྱས་པ་དང་།རོགས་སྐྱོར་ཀྱི་བྱ་བའི་ལས་འགན་དང་རོགས་སྐྱོར་གྱི་བྱ་བའི་བསམ་ཕྱོགས་བཅས་གསལ་པོ་ཡིན་པ་དང་།མུ་མཐུད་དུ་རོགས་སྐྱོར་བྱ་བ་ལེགས་པོར་སྤེལ་བའི་ཆེད་རྨང་གཞི་སྲ་བརྟན་བཏིངས་ཡོད་ཟེར།

   རོགས་སྐྱོར་བྱ་བ་མཇུག་སྒྲིལ་རྗེས།བྱ་བའི་ཚན་ཁག་སོ་སོས་བྱ་བ་སྤེལ་བའི་གནས་ཚུལ་ཡར་ཞུ་བྱས།མིག་སྔར་འབྲེལ་མཐུད་ཀྱི་འབྲེལ་ཡོད་བྱ་གཞག་ལ་དམིགས་ནས་ལག་ལེན་དུ་འཁྱོལ་ཐུབ་པའི་བྱ་བའི་ཇུས་གཞི་འགོད་བཞིན་ཡོད་པ་དང་།ཟླ7པའི་ཟླ་དཀྱིལ་དུ་རོགས་སྐྱོར་རྫོང་དུ་ཕྱིན་ནས་རོགས་སྐྱོར་བྱ་བ་ཐེངས་གཉིས་པ་སྤེལ་བའི་འཆར་གཞི་འཐེན་ཡོད།

གོང་མ།:དམག་དཔུང་བརྒྱ་ཡི་ཡིག་རིས་རྒྱལ་ཡོངས་སུ་འགྲེམས་སྟོན་བྱེད་པ་མཚོ་ནུབ་ཏུ་བསྐྱོད་པ།

ཞོལ་མ།:ཝུན་གོ་ཏུང་གིས་གཏེར་ལེན་ཁ་གྲོང་ཁྱེར་གྱི་ནག་འཇོམས་ངན་སེལ་ཆེན་དོན་འཐབ་རྩོད་སྤེལ་བའི་གནས་ཚུལ་ལ་ལྐོག་འདྲི་དང་ལྟ་སྐུལ་སློབ་སྟོན་མཛད།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235