མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

དམག་དཔུང་བརྒྱ་ཡི་ཡིག་རིས་རྒྱལ་ཡོངས་སུ་འགྲེམས་སྟོན་བྱེད་པ་མཚོ་ནུབ་ཏུ་བསྐྱོད་པ།

ཡོང་ཁུངས།:  སྤེལ་དུས།:2019-06-14  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

     ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་སྐབས་འདིར།མཚོ་ནུབ་མི་རིགས་རིག་གནས་བྱ་འགུལ་ལྟེ་གནས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བ་དང་དམག་དཔུང་བརྒྱ་ཡི་ཡིག་རིས་རྒྱལ་ཡོངས་སུ་འགྲེམས་སྟོན་བྱེད་པ་མཚོ་ནུབ་ཏུ་བསྐྱོད་ཅེས་པའི་བྱ་འགུལ་གཟབ་རྒྱས་ངང་སྤེལ།ཐེངས་འདིའི་བྱ་འགུལ་ནི་དམག་དཔུང་དང་ས་གནས་ཀྱི་རིག་གནས་སྒྱུ་རྩལ་བརྗེ་རེས་ཐེངས་ཤིག་ཡིན་པ་དང་།སྤྱི་ཁྱབ་ཞི་ཅིན་ཕིང་གིརྒྱུད་གཅིག་ལམ་གཅིགགི་ཐབས་ཇུས་འབོད་སྐུལ་དང་དུ་ལེན་པའང་ཡིན་ལ།  རིག་གནས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཏུ་འཕེལ་རྒྱས་འགྲོ་བ་དང་།མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་ཡིན།

     མཚོ་དམག་མཁའ་སྐྱོད་དམག་མིའི་སྔོན་གྱི་ཆབ་སྲིད་ཨུ་ཡོན་གཞོན་པ་དམག་དཔུང་ལི་ཁྲུན་མིང་གིས་གཏམ་བཤད་ཁྲོད་དུ་བཤད་རྒྱུར།ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་།ལོ70ཡི་འབྱུང་འགྱུར་ནི་ཀྲུང་གོར་བལྟས་ནས་བརྗོད་ན་གནམ་ས་བླ་འོག་འགྱུར་བ་ལྟ་བའི་འགྱུར་ལྡོག་བྱུང་ཡོད་པ་དང་།ལོ་འདི་དག་གི་རིང་ལ་མཚོ་སྔོན་གྱི་འབྱུང་འགྱུར་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཡོད།ཡུལ་ཤུལ་ས་འགུལ་དུས་སྐབས་སུ།ང་ཚོས་དུས་ཐོག་ཏུ་མཚོ་སྔོན་ལ་བྱ་བ་བསྒྲུབ་ཏུ་ཡོང་བ་དང་།ན་གོར་མོ་ཁུ་ནུ་རི་བོའི་རི་ཁར་ཡང་སོང་མྱོང་བ་དང་། མཚོ་སྔོན་པོ་དང་ཉི་ཟླ་རི་བོར་ཡང་སོང་མྱོང་ཟེར།ཐེངས་འདིའི་མཚོ་ནུབ་ཁུལ་ལ་ཡོང་བ་ནི་སློབ་སྦྱོང་གི་འགྲུལ་བཞུད་དང་བརྗེ་རེས་ཀྱི་འགྲུལ་བཞུད་ཞིག་ཡིན་པ་དང་།མཚོ་ནུབ་ཁུལ་གྱི་ཡིག་རིས་སྒྱུ་རྩལ་པ་དང་མཉམ་དུ་སློབ་སྦྱོང་བརྗེ་རེས་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

      ཁུལ་སྲིད་གྲོས་ཀྲུའུ་ཞི་ཀླུ་ཁོ་རྒྱལ་གྱིས་གཏམ་བཤད་ཁྲོད་དུ་བཤད་རྒྱུར།འདས་པའི་ལོ70ནང་དུ།  ང་ཚོའི་རྒྱལ་ཁབ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དང་།རྗེས་ཕྱོགས་ང་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོ་ཕུགས་འདུན་མངོན་འགྱུར་འབྱུང་བར་མུ་མཐུད་དུ་འབད་འབུངས་བྱ་དགོས་ཟེར།ཐེངས་འདིའི་དམག་དཔུང་བརྒྱ་ཡིས་གསར་དུ་བརྩམས་པའི་ཡིག་རིས་བརྩམས་ཆོས་ཀྱིས་མཚོ་ནུབ་ཀྱི་རིགས་སོ་སོའི་མང་ཚོགས་ལ་ཕུན་སུམ་ཚོགས་པའི་རིག་གནས་མྱོང་ཚོར་ཁྱེར་ཡོང་ཅིང་།སྤྱན་གཟིགས་རང་བཞིན་དང་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན།  རང་ཁུལ་གྱི་ཡིག་རིས་སྒྱུ་རྩལ་གསར་རྩོམ་གྱི་བསམ་ཕྱོགས་ལ་སྔར་བས་རྒྱ་བསྐྱེད་པ་དང་།  འབྲེལ་མཐུད་དུ་བརྗེ་རེས་ལ་ཤུགས་སྣོན་བརྒྱབ་ཡོད་ཟེར།

    འགྲེམས་སྟོན་ཡུལ་དངོས་སུ།འགྲེམས་སྟོན་གྱི་ཡིག་རིས་བརྩམས་ཆོས་ལ་ཁྱད་ཆོས་ལྡན་ཞིང་།ཡིག་གཟུགས་མང་པོ་མཆིས་པ་དང་། རི་མོ་བརྩམས་ཆོས་ཀྱི་བརྗོད་དོན་གཅིག་བསྡུས་ཡིན་ལ།  རི་མོ་འབྲི་མཁན་གྱིས་འབྲི་ཐབས་སྣ་མང་སྤྱད་ཅིང་།ཁྲུང་ཁྲུང་དང་ཤིང་པད་མ་བྲིས་ཏེ། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཡག་པའི་དཔེ་རིས་བྲིས་ཡོད།

     ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་སི་ཆིང་ཧྥུའུ་ཡིས་ཁུལ་ཡིག་གཟུགས་འབྲི་མཁན་མཐུན་ཚོགས་ཀྱི་ལས་གྲོགས་ཡོངས་ལ་རེ་འདུན་ཞུ་རྒྱུར་རིག་གནས་སྒྱུ་རྩལ་བྱ་བ་སྒྲུབ་མཁན་གྱི་ལས་འགན་ངེས་པར་དུ་སེམས་ལ་དམ་པོ་བཟུང་སྟེ།མི་དམངས་གཙོ་བོ་རུ་བཟུང་པའི་གསར་རྩོམ་གྱི་ཁྲིད་ཕྱོགས་ལ་རྒྱུན་འཁྱོངས་དང་། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེངགི་བྱ་བའི་བྱེད་ཕྱོགས་ལ་རྒྱུན་འཁྱོངས་བྱས་ནས།བྱ་བར་ཧུར་བརྩོན་དང་བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་བྱ་དགོས་ལ། ཡིག་རིས་གསར་རྩོམ་གྱི་ཞིབ་འཇུག་ལ་གཞོལ་ནས།ཡིག་རིས་ཀྱི་སྤྱན་གཟིགས་ཀྱི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་བ་དང་། མཚོ་ནུབ་ནི་རིག་གནས་སྟོབས་ལྡན་ཁུལ་ཞིག་ཏུ་འཛུགས་སྐྲུན་བྱེད་པར་སྔར་བས་བྱས་རྗེས་གསར་བ་གཞག་དགོས་ཟེར།

གོང་མ།:ཁུལ་སོག་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་ཁྲའེ་ཡོན་སྡེ་བ་གོང་མར་ཕྱིན་ནས་བློ་སྐྱོར་དང་རིག་སྐྱོར་གྱི་དྲིལ་སྒྲོག་སློབ་གསོ་དང་རོགས་སྐྱོར་གྱི་བྱ་འགུལ་སྤེལ།

ཞོལ་མ།:རང་ཁུལ་གྱིས་མཚོ་སྔོན་ལྷོ་རྒྱུད་ཁུལ་གསུམ་གྱི་དབུལ་ཐར་མཁྲེགས་གཏོར་ལས་དོན་ཐད་ཀྱི་རོགས་སྐྱོར་ཐེངས་དང་པོ་བདེ་བླག་ངང་མཇུག་སྒྲིལ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235