མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཁུལ་སོག་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་ཁྲའེ་ཡོན་སྡེ་བ་གོང་མར་ཕྱིན་ནས་བློ་སྐྱོར་དང་རིག་སྐྱོར་གྱི་དྲིལ་སྒྲོག་སློབ་གསོ་དང་རོགས་སྐྱོར་གྱི་བྱ་འགུལ་སྤེལ།

ཡོང་ཁུངས།:  སྤེལ་དུས།:2019-06-14  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་བྱེད་ན་སྔོན་ལ་བློ་སྐྱོར་བྱེད་དགོས་པ་དང་དབུལ་སྐྱོར་བྱེད་ན་ངེས་པར་དུ་རིག་སྐྱོར་བྱེད་དགོས་ཞེས་པའི་བསམ་བློ་གལ་ཆེན་ལ་ལག་ལེན་མཐར་ཕྱིན་བྱེད་པ་དང་།དྲིལ་སྒྲོག་སློབ་གསོ་བྱ་བའི་གནས་བབ་ལེགས་པོ་འདོན་སྤེལ་གང་ལེགས་བྱས་ཏེ། བློ་སྐྱོརདང་རིག་སྐྱོརལ་དངོས་གནས་ཤུགས་རྒྱག་པ་དང་།དབུལ་སྐྱོར་གྱི་སྲིད་ཇུས་སྔར་ལས་ལེགས་པོར་དོན་འཁྱོལ་བྱེད་ཆེད། ལས་ཁུངས་ཀྱི་ལོ་མགོའི་བྱ་བའི་བཀོད་སྒྲིག་ལ་གཞིགས་ནས།  ཟླ6པའི་ཚེས5ཉིན། ཁུལ་སོག་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་བློ་མཐུན་ཀླུ་འབུམ་རྒྱལ་གྱིས་སྣེ་ཁྲིད་འོག  བློ་མཐུན་ཏང་ཡོན་འགའ་ཡང་བསྐྱར་གཏེར་ལེན་རྫོང་ཤངས་སྡེ་གྲོང་རྡལ་ཁྲའེ་ཡོན་སྡེ་བ་གོང་མར་ཕྱིན་ནས་བློ་སྐྱོར་དང་རིག་སྐྱོར་ཞེས་པའི་དྲིལ་སྒྲོག་སློབ་གསོ་དང་རོགས་སྐྱོར་གྱི་བྱ་འགུལ་སྤེལ།

བྱ་བའི་ཚན་ཁག་ཁྲའེ་ཡོན་སྡེ་བ་གོང་མར་ཐོན་དུས།  སྡེ་སྡོད་ལས་བྱེད་པ་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས་སྡེ་བའིཨུ་ཡོན་གསུམགྱི་ཚན་པའི་ཁོངས་མི་དང་ཏང་ཡོན་འགའ་ཤས།སྡེ་སྡོད་ལས་བྱེད་མི་སྣ། དེ་མིན་དབུལ་ཕོངས་དུད་ཁྱིམ་ཆ་ཤས་སོགས་བསྡུས་ནས། ཏང་ཙུའུ་ཧྲུའུ་ཅི་གཞོན་པ་བློ་མཐུན་ཀླུ་འབུམ་རྒྱལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་བྱེད་ན་སྔོན་ལ་བློ་སྐྱོར་བྱེད་དགོས་པ་དང་དབུལ་སྐྱོར་བྱེད་ན་ངེས་པར་དུ་རིག་སྐྱོར་བྱེད་དགོས་ཞེས་པའི་བསམ་བློ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པར་དམིགས་ནས།གནད་འཁེལ་དབུལ་སྐྱོར་དང་བློ་སྐྱོར”“རིག་སྐྱོརཟུང་འབྲེལངང་ཏང་གི་སློབ་ཚན་གྱི་ཆེད་དོན་ཞིག་སློབ་ཁྲིད་བྱས།ཏང་གི་སློབ་ཚན་གྱི་ནང་དོན་ནི་ཞིང་སྡེ་མང་ཚོགས་ཀྱི་བསམ་པའི་རིམ་པ་ན་ཡོད་པའི་འབུར་དུ་ཐོན་པའི་གནད་དོན་དང་དབུལ་ཕོངས་མང་ཚོགས་རང་འགུལ་གྱིས་དབུལ་བོ་ལས་ཐར་བའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན།གསར་གཏོད་རང་བཞིན་བཅས་ལ་སྐུལ་སློང་གང་ལེགས་བྱེད་པ་དང་། དབུལ་ཕོངས་མང་ཚོགས་ལ་སྣེ་ཁྲིད་དེ་ཤུགས་ཆེན་པོས་རང་བཀུར་དང་རང་རློམ།རང་གཅེས། རང་མགོ་ཐོན་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན།དཀའ་ངལ་ཁྱད་བསད་བཅས་ཀྱི་ཡིད་ཆེས་དང་སྤོབས་པ་བསྐྱེད་དེ། དབུལ་ཕོངས་ལས་ཐར་བའི་འདུན་པ་དམ་པོ་བཟུང་བ་དང་།དབུལ་ཕོངས་མང་ཚོགས་ཀྱི་ཐོན་སྐྱེད་འཕེལ་རྒྱས་དང་ཞོར་ལས་ཚོང་གཉེར་ཀྱི་ནུས་རྩལ་གསོ་སྤེལ་བྱ་དགོས།དབུལ་ཕོངས་མང་ཚོགས་ཀྱི་རང་ཉིད་གོང་འཕེལ་གྱི་ནུས་པ་མཐོ་རུ་གཏོང་བ་དང་།བསམ་བློའི་སྟེང་དུ་དབུལ་ཕོངས་ཀྱི་རྩ་བ་དོར་ནས། བསམ་པའི་དབུལ་ཕོངས་སེལ་བ་དང་མཐའ་མར་དངོས་པོ་དང་བསམ་པ་མཉམ་དུ་འབྱོར་ཕྱུག་ཏུ་བཏང་སྟེ།དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བ་སོགས་ཀྱི་ནང་དོན་བཤད།དུས་མཚུངས་སུ།  སྡེ་སྡོད་ལས་བྱེད་པ་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ལས་བྱེད་པས་རང་ཉིད་ཀྱི་ལས་འགན་སྒྲུབ་པ་དང་།དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་ལ་དཔེ་སྟོན་དང་སྣེ་ཁྲིད་བྱ་དགོས་པའི་བླང་བྱ་བཏོན་པར་མ་ཟད།སྲིད་ཇུས་འགྲེལ་བཤད་བརྒྱུད་དེ་མང་ཚོགས་འགའ་ཤས་ཀྱིས་དབུལ་སྐྱོར་ནི་རྒྱལ་ཁབ་ཀྱི་ཕན་བདེ་ཞིག་ཡིན་པ་དང་།དབུལ་ཕོངས་སྲིད་ཇུས་དང་རྣམ་གྲངས་ནི་དབུལ་ཕོངས་དུད་ཁྱིམ་ལ་སྟེར་དགོས་པའིསྒུག་པ་དང་རྟེན་པ། བླང་པབཅས་ཀྱི་བསམ་བློ་སེལ་ནས།དབུལ་ཕོངས་ཁྱིམ་ཚང་ལ་སྣེ་ཁྲིད་ནས་སྡེ་བ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ནས་ལངས་ཏེ་རང་ཉིད་ཀྱི་ཐོབ་པ་དང་བོར་བ་ལ་ཡང་དག་གིས་ལྟ་ཚུལ་བཟུང་བ་དང་།ཐུན་མོང་གི་འདུ་ཤེས་དང་གཟི་བརྗིད་ཀྱི་འདུ་ཤེས། དཔལ་ཡོན་གྱི་འདུ་ཤེས་བཅས་མུ་མཐུད་དུ་ཇེ་དྲག་ཏུ་བཏང་ན།ད་བཟོད་རྩ་བ་ནས་རང་དོན་རང་ལུགས་དང་རང་ཉིད་རང་ལུགས་ཀྱི་བཀག་རྒྱ་བརྡོལ་པ་དང་།ད་བཟོད་ཁོ་ཚོར་དངོས་གནས་ཀྱིས་སྣེ་ཁྲིད་ནས་རང་འགུལ་ངང་རང་ཉིད་ཀྱི་ཐོན་སྐྱེད་དང་འཚོ་བ་ཕྱོགས་ནས་གནད་དོན་དང་ཞན་ཆ་ཡོད་པ་བཙལ་ཏེ།རྗེས་ཕྱོགས་ཀྱི་འབད་བརྩོན་ཁ་ཕྱོགས་ལ་བསམ་བློ་གཏོང་བ་དང་།  མཉམ་དུ་ལས་བརྩོན་ཕྱུག་བསྒྱུར་དང་ཚན་རིག་གིས་ཕྱུག་བསྒྱུར་གྱི་སྤྱི་ཚོགས་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས།མུ་མཐུད་དུ་དབུལ་ཐར་ཕྱུག་བསྒྱུར་གྱི་ཕན་འབྲས་མཐོར་འདེགས་སུ་གཏང་དགོས་པར་མ་ཟད།  སྡེ་མིར་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་དྲིལ་སྒྲོག་བྱ་འགུལ་སྤེལ་བའི་དུས་མཚུངས་སུ་ནག་འཇོམས་ངན་སེལ་གྱི་དྲིལ་སྒྲོག་དཔྱད་ཡིག150བྱིན།

བྱ་འགུལ་སྤེལ་སྐབས་སུ།  སྡེ་བའི་ལས་བྱེད་མི་སྣས་བྱ་བའི་ཚན་ཁག་ཁྲིད་ནས།དབུལ་ཕོངས་དུད་ཁྱིམ་དུ་ཕྱིན་ནས་འཚམས་འདྲི་བྱས།མཱ་ཀྲན་ཆཱང་དང་མཱ་ཧུང་། མཱ་ཁྲུང་ཡོན། ལིའོ་པཱོ་ལིན་བཅས་དུད་ཁྱིམ་བཞིར་འཚམས་འདྲི་བྱས།དུད་ཁྱིམ་རེ་རེར་སྒོར400ཡི་འཚམས་འདྲི་དངུལ་སྦྱིན་པར་མ་ཟད། ཁོ་ཚོར་སྤྲོ་སྣང་དང་ཧུར་བརྩོན་གྱི་རྣམ་འགྱུར་བཟུང་ནས་འཚོ་བར་གདོང་གཏུག་པར་བསྟོད་སྐུལ་བྱས།དབུལ་ཕོངས་དང་དཀའ་ངལ་ལ་རྒྱལ་ཁ་ལེན་ཐུབ་པའི་སྤོབས་པ་དང་ཡིད་ཆེས་ཁེངས་པ་དང་།དབུལ་སྐྱོར་དངབློ་སྐྱོར”“རིག་སྐྱོརཟུང་འབྲེལ་བྱེད་པར་རྒྱུན་འཁྱོངས་བྱ་དགོས་པར་བཤད།འཚམས་འདྲིའི་མ་དངུལ་ཁྱེར་ཡོང་པ་ཉུང་ནའང་། འཚམས་འདྲིའི་མ་དངུལ་དེ་དབུལ་སྐྱོར་སྦྲེལ་གནས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པའི་བརྩེ་སེམས་ཤིག་མཚོན་ཡོད།ཏང་དང་སྲིད་གཞུང་གི་ཁོ་ཚོ་བརྗེད་མེད་པ་ར་སྤྲོད་བྱས་ལ། མུ་མཐུད་དུ་ཁོང་ཚོར་རོགས་སྐྱོར་བྱས་ནས་དབུལ་ཕོངས་ཀྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་གཏོང་བ་དང་།  མཇུག་མཐར། འཚམས་འདྲི་མ་དངུལ་སྒོར1500ཁྱེར་ནས་སྡེ་སྡོད་ལས་བྱེད་པའི་སྡོད་གནས་སུ་སོང་ནས་ལས་ཁུངས་ཀྱིས་མངག་སྡོད་ལས་བྱེད་པར་བདེ་འདྲི་བྱས་ཏེ།ཞིབ་ཕྲ་སྒོ་ནས་འཚོ་བ་དང་བྱ་བའི་གནས་ཚུལ་ལ་འདྲི་རྩད་བྱས་པ་དང་།  སྡེ་སྡོད་ལས་བྱེད་མི་སྣའི་དབུལ་ཕོངས་འགག་སྒྲོལ་དུས་སྐབས་གཙོ་བོར་རང་འགན་གཙང་སྒྲུབ་བྱས་ནས།འགན་འཁྲི་སྟོང་ཟད་དུ་མི་གཏོང་བ་དང་། བྱས་རྗེས་དང་འགན་ཁུར་འབུལ་ཕོད་པ།དཀའ་ངལ་འཕྲད་ཚེ་རྩ་འཛུགས་དང་ལས་ཁུངས་འཚོལ་ཞིང་། རྩ་འཛུགས་དང་ལས་ཁུངས་ནི་སྡེ་སྡོད་ལས་བྱེད་མི་སྣའི་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡིན་པར་བཤད།

གོང་མ།:མཚོ་ནུབ་ཁུལ་སོག་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་ཚད་ལྡན་གྱི་ཏང་ཡོན་བྱ་འགུལ་ཁང་བསྐྲུན་ནས་ཏང་འཛུགས་ལས་དོན་གྱི་བགྲོད་ལམ་གསར་པ་བསྙེགས།

ཞོལ་མ།:དམག་དཔུང་བརྒྱ་ཡི་ཡིག་རིས་རྒྱལ་ཡོངས་སུ་འགྲེམས་སྟོན་བྱེད་པ་མཚོ་ནུབ་ཏུ་བསྐྱོད་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235