མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཁུལ་སོག་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་ཚད་ལྡན་གྱི་ཏང་ཡོན་བྱ་འགུལ་ཁང་བསྐྲུན་ནས་ཏང་འཛུགས་ལས་དོན་གྱི་བགྲོད་ལམ་གསར་པ་བསྙེགས།

ཡོང་ཁུངས།:  སྤེལ་དུས།:2019-06-18  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

      སློབ་གཉིས་བྱེད་གཅིག་གི་ཏང་ཡོན་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་གཏིང་ཟབ་ཏུ་སྤེལ་ཕྱིར། ཏང་ཀྲི་པུའི་ལས་སྟེགས་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་དང་བྱ་གཞག་སོ་སོ་ལེགས་པོར་སྤེལ་བ་དང་།ཏང་ཡོན་བྱ་འགུལ་ཁང་གིས་ཏང་ཡོན་ལ་ཉིན་རྒྱུན་སློབ་གསོ་དང་དོ་དམ་བྱེད་པའི་ཁྲོད་དུ་བྱེད་ནུས་གང་ཡོད་བཏོན་ནས།  རང་ལས་ཁུངས་ཀྱི་ཏང་ཀྲི་པུའི་ལས་དོན་གྱི་ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་བཏང་།  

    གཅིག་ནས་ཚད་མཐོན་པོས་མཐོང་ཆེན་མཛད་དེ།  ཚད་ལྡན་གྱི་ཏང་འཛུགས་བྱ་འགུལ་ཁང་བསྐྲུན།  ཏང་སྐྱོང་གཟབ་ནན་གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ་ཏང་འཛུགས་ལས་དོན་ལ་མཐོང་ཆེན་མཛད། ཏང་འཛུགས་ལས་དོན་གོ་རིམ་ལྡན་པའི་ངང་ནས་སྤེལ་བ་དང་རང་ལས་ཁུངས་ཀྱི་ཏང་འཛུགས་ལས་དོན་ཆུ་ཚད་སྔར་བས་ཇེ་མཐོར་གཏོང་ཕྱིར།ཏང་གི་མགོ་ཁྲིད་ཚན་ཁག་གིས་ཏང་ཡོན་བྱ་འགུལ་ཁང་བསྐྲུན་པ་ནི་ཏང་འཛུགས་ལས་དོན་ཁྲོད་གལ་ཆེ་བར་མཐོང་སྟེ། ཁུལ་ཐད་གཏོགས་ལས་དོན་ཨུ་ཡོན་ལྷན་ཁང་ལ་ལས་གཞི་རེ་ཞུ་བྱས་པར་དེས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ཞིང་མ་དངུལ་སྒོར་ཁྲི4.7ལྷག་གི་སྒྲིག་བཀོད་མ་དངུལ་གནང་ནས་དཀའ་བ་གང་མང་ཁྱད་དུ་བསད། ངེད་ལས་ཁུངས་གྱི་ཏང་ཡོན་བྱ་འགུལ་ཁང་ནི་ཏང་གི་འཛུགས་སྐྱོང་ལ་དམ་འཛིན་དང་མི་རིགས་སྐད་ཡིག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དམིགས་སུ་བཟུང་སྟེ།   ཚད་ལྡན་དང་གྲོན་ཆུང་།སྤྱོད་བཀོལ་ལྡན་པའི་རྩ་དོན་ལ་རྒྱུན་འཁྱོངས་བྱས་ཤིང་།བྱེད་ནུས་འཐུས་ཚང་དང་ཁང་གཅིག་མང་བཀོལ་གྱི་བླང་བྱ་ལྟར།  ཐོག་མའི་སེམས་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་དམ་པོར་འཛིན་ཞེས་པ་དང་ཏང་དར་མདུན་དུ་དམ་ཚིག་འཇོག་པ།   སྲིད་གཙང་འཛུགས་སྐྱོང་།  ཀུན་སྤྱོད་འཆད་འཁྲིད།  སློབ་སྦྱོང་གླིང་ག  ཏང་ཡོན་གྱི་གཟི་ཉམས་སོགས་ཕྱོགས6དང་གཟེངས་རྟགས་བཤམས་ས།  དཔེ་སྒྲོམ། LEDགློག་རྡུལ་འཆར་ཡོལ་སོགས་རེ་རེ་བཞིན་བསྐྲུན་ཡོད།  

གཉིས་ནས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱས་ཏེ། ཏང་འཛུགས་བྱ་འགུལ་ཁང་གི་བརྗིད་ཉམས་དོད་པོར་བཟོས།དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཏང་འཛུགས་བྱ་འགུལ་ཁང་གི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ།རྩ་འཛུགས་ཀྱི་འཚོ་བ་དང་སློབ་སྦྱོང་སློབ་གསོའི་ལམ་ལུགས་ཁག་འཛུགས་པ་དང་འཐུས་སྒོ་ཚང་བར་གཏོང་བ་དང་།གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ཚད་ལྡན་ཅན་གྱི་བླང་བྱ་ལྟར།རྩ་འཛུགས་ཀྱི་བྱ་འགུལ་རྒྱུན་རྣམ་ཅན་དང་ལས་ཁུངས་ཀྱི་ཏང་འཛུགས་བྱ་འགུལ་ཁང་ཚད་ལྡན་ཅན་དུ་གཏོང་བར་རྒྱུན་འཁྱོངས་བྱས་ཤིང་།ཚད་གཞི་ལྔ་ལ་གཞི་བཅོལ་ནས་ཏང་འཛུགས་བྱ་འགུལ་ཁང་མིང་དོན་མཚུངས་པ་ཞིག་བསྐྲུན་པའི་རྨང་གཞིའི་ཐོག་ཡག་པོ་ལྔ་ཡི་བླང་བྱ་གཞིར་བཟུང་སྟེ་སྔོན་ཐོན་ཏང་འཛུགས་བྱ་འགུལ་ཁང་བསྐྲུན་པར་བརྩོན་ལེན་བྱས། ཏང་འཛུགས་བྱ་འགུལ་ཁང་དེ་ཏང་འཛུགས་སྐྱོང་དམིགས་ཚད་ཀྱི་དཔྱད་ཞིབ་ནང་དུ་བཞག་ནས་གཙོ་གནད་མངོན་གསལ་དོད་པ་དང་ཚད་གཞི་གཟབ་ནན་ལྡན་པ།གོམ་རིམ་དབྱེ་ནས་ལག་བསྟར་བཅས་བྱས་ཏེ་ཕན་འབྲས་དངོས་གཙིགས་སུ་བཟུང་།  

གསུམ་ནས་ཁང་གཅིག་མང་སྤྱོད་བྱས་ཏེ། ཏང་འཛུགས་བྱ་འགུལ་ཁང་གི་རྣམ་པའི་ནང་དོན་ཕུན་སུམ་ཚོགས་པར་བཏང་།ཏང་ཡོན་བྱ་འགུལ་ཁང་དེ་ཏང་འཛུགས་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་།བསམ་པའི་དཔལ་ཡོན་འཛུགས་སྐྱོང་བཅས་ལ་སྐུལ་འདེད་གཏོང་ཡུལ་གལ་ཆེན་ཞིག་ཏུ་འགྱུར་བར་འབད་པ་བྱས།གཅིག་ནས་སློབ་ཁང་གི་ནུས་པ་འདོན་སྤེལ་བྱས། རྒྱ་ཆེའི་ཏང་ཡོན་དང་ལས་བཟོ་བ་སྒྲིག་འཛུགས་བྱས་ནས་རིགས་པའི་གཞུང་ལུགས་བཅས་ལ་སློབ་སྦྱོང་དང་ཞབས་ཞུའི་ནུས་པ་ལྡན་ལ་མི་འཇོན་ཐང་ཅན་དུ་བཏང་ནས་གསར་གཏོད་ལ་མཐོང་ཆེན་དང་ཁྱད་ཆོས་མངོན་པར་དོད།གཉིས་ནས་བྱ་འགུལ་སྤེལ་ཡུལ་ལ་ཁག་ཐེག་བྱས།ཏང་འཛུགས་བྱ་འགུལ་ཁང་གི་གཞི་རྟེན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།ཕུན་སུམ་ཚོགས་པའི་བྱ་འགུལ་སྤེལ་བར་བརྟེན་ནས་མི་སེམས་གཅིག་ཏུ་སྒྲིལ་བ་དང་ཏང་འཛུགས་སྐྱོང་ལས་དོན་གྱི་ཡིད་དབང་འཕྲོག་ཤུགས་ཆེ་རུ་བཏང་།གསུམ་ནས་གཟི་ཉམས་མངོན་པའི་སྟེགས་བུ་ཞིག་ཏུ་བསྐྲུན།ཏང་ཡོན་གྱི་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་སྒོས་བྱ་འགུལ་ཁང་གི་བྱེད་ནུས་བརྒྱུད་དེ་རྒྱ་ཆེའི་ཏང་ཡོན་གྱི་སྲོལ་བཟང་དར་སྤེལ་དང་དྲང་ནུས་འདོན་སྤེལ་བྱེད་པའི་སྣེ་ཁྲིད་བྱེད་པ་དང་འབྲེལ།ཏང་འཛུགས་བྱ་འགུལ་ཁང་ལ་བརྟེན་ནས་ཏང་ཡོན་གྱིས་ཁས་ལེན་ལག་བསྟར་བྱ་རྒྱུ་དང་ཏང་ཡོན་བྱ་འགུལ་ནང་ཞུགས་པ།དཔེ་མཚོན་འདེམས་པ་སོགས་སྤྱད་དེ་ཏང་ཡོན་གྱི་གཟི་ཉམས་མངོན་པ་དང་།ཏང་ཡོན་གྱི་གཏམ་སྤྱོད་མཚོན་པ།ཏང་ཡོན་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་ནས།དགའ་སྣང་དང་སྐྱིད་སྣང་གིས་བརྟས་པའི་དུས་རབས་གསར་བའི་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ལས་བྱེད་པའི་ཁྱད་ཆོས་མངོན་པར་མཚོན་པའི་ཏང་འཛུགས་བྱ་འགུལ་ཁང་ཞིག་ཏུ་བསྐྲུན་པར་བརྩོན་པ་བསྐྱེད།  

ཏང་ཡོན་བྱ་འགུལ་ཁང་འཛུགས་སྐྱོང་བྱས་པ་དེས་ངེད་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་ལས་དོན་སྤེལ་བར་སྐུལ་མ་ནུས་ལྡན་ཐེབས་པ་དང་།ཏང་གི་རྩ་འཛུགས་ཀྱི་གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་བྱེད་ནུས་ཆེ་རུ་སོང་ནས་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་པའི་བསམ་བློ་འཛུགས་སྐྱོང་དང་།རྩ་འཛུགས་འཛུགས་སྐྱོང་།ཆབ་སྲིད་འཛུགས་སྐྱོང་།སྤྱོད་ཚུལ་ལེགས་སྐྱོང་བཅས་ལ་ཤུགས་སྣོན་བརྒྱག་པའི་རྟེན་གཞི་གལ་ཆེན་དུ་གྱུར་པ་དང་།ཏང་ཡོན་ལས་བྱེད་པ་དང་ལས་བཟོ་པའི་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་གཏོང་བའི་བཙན་རྫོང་ཞིག་ཏུ་གྱུར་ཡོད་པ་རེད།    

གོང་མ།:རང་ཁུལ་གྱི་ལས་གཞི་སྐོར་ཞིག་ལ་ཞིང་ཆེན་རིམ་པའི་ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན་ཐོབ།

ཞོལ་མ།:ཁུལ་སོག་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་ཁྲའེ་ཡོན་སྡེ་བ་གོང་མར་ཕྱིན་ནས་བློ་སྐྱོར་དང་རིག་སྐྱོར་གྱི་དྲིལ་སྒྲོག་སློབ་གསོ་དང་རོགས་སྐྱོར་གྱི་བྱ་འགུལ་སྤེལ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235