མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

རང་ཁུལ་གྱི་ལས་གཞི་སྐོར་ཞིག་ལ་ཞིང་ཆེན་རིམ་པའི་ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན་ཐོབ།

ཡོང་ཁུངས།:  སྤེལ་དུས།:2019-06-28  རྩོམ་པ་པོ།:  རྩོམ་སྒྲིག་པ།:ཀླུ་དོན།    ཀློགས་གྲངས།:

གསར་འགོད་པས་ཉེ་ལམ་ཞིང་ཆེན་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན།མིག་སྔར་བར་དུ་ད་ལོར་རང་ཞིང་གིས་ཞིང་ཆེན་རིམ་པའི་ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན9བཙུགས་ཤིང་།ཁྱོན་བསྡོམས་རོགས་དངུལ་སྒོར་དུང་ཕྱུར1.2བཀོད་སྒྲིག་དང་།  ལོ་དེར་སྒོར་ཁྲི7240གཏོང་སྤྲོད་བྱེད་རྩིས་ཡོད་པ་རེད།
      སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་སུ་གཙོ་བོར་མདོ་ལ་རིང་མོའི་ཆུ་ནག་འབབ་རྒྱུད་ཀྱི་རྩྭ་སའི་སྐྱེ་ཁམས་ཐོན་སྐྱེད་མཉམ་རྒྱལ་དཔེ་དབྱིབས་གསར་སྐྲུན་དང་།  ཚྭ་འདམ་གཞོང་སའི་ཆུའི་འཁོར་སྐྱོད་གོ་རིམ་ཕན་ལྡན་བེད་སྤྱོད་དང་སྐྱེ་ཁམས་སྲུང་སྐྱོང་འབྲེལ་ཡོད་ཀྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་དཔེ་སྟོན་བྱེད་པ་དེ་ཡིན་ལ།  མཐོ་སྒང་གི་དེང་རབས་ཞིང་ཕྱུགས་ལས་ཁྱབ་ཁོངས་སུ་གཙོ་བོར་ཞོག་ཁོག་ཐོན་ལས་འཕེལ་རྒྱས་གཏོང་བ་དང་།མཐོ་སྒང་གི་ཆུ་འཁྱག་ཉ་གསོ་སྤེལ་གྱི་འགག་རྩའི་ལག་རྩལ་གྱི་འགག་སྒྲོལ་དང་དཔེ་སྟོན་བྱེད་པ་དེ་ཡིན། བཟོ་ལས་ཁྱབ་ཁོངས་སུ་གཙོ་བོར་ཚྭ་མཚོའི་ཐོན་ཁུངས་ལ་དམིགས་ནས་ལྕགས་རིགས་ལཱིས་ཐོན་ལས་མུ་ཁྱུད་ཀྱི་གནད་འགག་ལག་རྩལ་དང་།གཏིང་ཟབ་པའི་ཚྭ་མཚོའི་སྐྱེ་དངོས་རྒྱུ་ཆའི་སྤུས་ཚད་མཐོ་བའི་ཐཱན་འགྱུར་ལཱིས་ཐོན་རྫས།  སླར་སྐྱེས་ནུས་ཁུངས་དང་གསོག་ཉར་ནུས་ཁུངས་འདུས་གྲུབ་བཀོལ་སྤྱོད།མཐོ་སྒང་གི་རླུང་ནུས་འཕྲུལ་འཁོར་གྱི་སྒྲིག་ཆས་ཐོན་སྐྱེད་དང་། འཕྲུལ་སྒུལ་འཁོར་ལོ་དང་འགྲོ་ལམ་མིན་པའི་འཕྲུལ་ཆས་འགྲོ་ལམ་དུ་བགྲོད་པའི་ལྟ་ཞིབ་ཚད་ལེན་སོགས་གནད་འགག་གི་ལག་རྩལ་སྐོར་ལ་ཞིབ་འཇུག་དང་འདུས་གྲུབ་དཔེ་སྟོན་སྤེལ་བ་བཅས་ཡིན།

གཞན་ཡང་ཚྭ་མཚོའི་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིས་སྣེ་ཁྲིད་པའི་ཞིང་ཆེན་ཚན་རྩལ་གྱི་ཆེད་དོན་རྣམ་གྲངས་གལ་ཆེན་ཞིག་སྟེམཚོ་སྔོན་ཚྭ་མཚོའི་ལྕགས་རིགས་མཱེ་ཡི་རྣམ་གྲངས་ཀྱི་འཁོར་ལོའི་ཚོད་ལྟའི་ཁྲོད་ཀྱི་འགག་རྩའི་ལག་རྩལ་ཞིབ་འཇུག་དང་བཀོལ་སྤྱོད་བྱེད་པདེ་ཟླ5པའི་ཚེས22ཉིན་ཞིབ་བཤེར་རྩིས་ལེན་བྱས་པ་རེད། རྣམ་གྲངས་དེས་ལྕགས་རིགས་མཱེ་ཐོན་སྐྱེད་བྱེད་རིམ་གྱི་འགག་རྩའི་བཟོ་རྩལ་འགག་སྒྲོལ་ལེགས་འགྲུབ་བྱུང་བ་མ་ཟད། ད་དུང་རྒྱལ་ནང་དུ་ཐོག་མར་མཱེ་ཏེང་གིས་བཟོས་པའི R134aདབུགས་རླངས་སྲུང་སྐྱོབ་ལག་རྩལ་དེ་བཟོ་ལས་ཅན་གྱི་བེད་སྤྱོད་ལ་ཞིབ་འཇུག་བྱས་ཏེ།མཚོ་སྔོན་གྱི་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་དང་།  སྒོར་དུང་ཕྱུར་སྟོང་ལྡན་པའི་ཚྭ་མཚོའི་ཐོན་ལས་ཀྱི་རྟེན་གཞི་འཛུགས་སྐྲུན།ཚྭ་མཚོའི་མཱེའི་བཟོ་ལས་ཐོན་རྫས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱུང་བ་བཅས་ལ་ཚན་རྩལ་གྱི་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱས་པ་རེད། ཉི་ནུས་ཚ་འོད་གློག་འདོན་གྱི་སྣ་མང་ཞུས་ཚྭ་གསར་སྤེལ་དང་བཟོ་སྐྲུན་ཚོད་ལྟའི་ར་སྤྲོད་བྱེད་པའིརྣམ་གྲངས་ལ་ཚྭ་ཉུང་བའི་ཚྭ་འདོན་ས་ཚིགས་གསར་པ་འདེམས་སྒྲུག་དང་བཀོད་སྒྲིག་ལེགས་གྲུབ་བྱུང་བ་དང་།  ན་གོར་མོ་དང་གཏེར་ལེན་ཁ་གཉིས་སུ་ལོ་རེར་ཚྭ་ཏུན་ཁྲི10ཅན་གྱི་ཚ་དྲོད་གསོག་པའི་རྒྱུ་ཆ་ཐོན་སྐྱེད་བདེ་བླག་ངང་འཕེལ་རྒྱས་བྱུང་བ་རེད།ཞིང་ཆེན་འོད་ཧྥུ་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས་དུས་ཡུན་ལོ5ཡི་རིང་དངོས་སུ་བཙུགས་པ་དང་།ཉི་ནུས་གློག་འདོན་མ་ལག་གི་ཇུས་འགོད་ཞིབ་འཇུག་གཞི་གྲངས་མཛོད་བཙུགས་ཏེ་ཚན་ཞིབ་ལྟེ་གནས་ཀྱི་ཚོད་ལྟ་ཁང་ཁག་གི་གྲངས་གཞི་བརྒྱུད་སྐྱེལ་དང་མཉམ་སྤྱོད་བྱེད་པ་མངོན་འགྱུར་བྱས་ནས།ཞིང་ཆེན་ཡོངས་ཀྱི་འོད་ཧྥུ་ཁྱབ་ཁོངས་ཀྱི་ལག་རྩལ་གྲུབ་འབྲས་གལ་ཆེན་འཕོ་འགྱུར་བྱེད་པའི་ལས་སྟེགས་སུ་གྱུར་ཡོད།
       དུས་མཚུངས་སུཚྭ་འདམ་གཞོང་སའི་ཆུའི་འཁོར་སྐྱོད་གོ་རིམ་ཕན་ལྡན་བེད་སྤྱོད་དང་སྐྱེ་ཁམས་སྲུང་སྐྱོང་ལག་རྩལ་ཞིབ་འཇུག་དང་དཔེ་སྟོན གྱི་རྣམ་གྲངསདང་།  རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་འགོད་ཀྱི་སྲ་གཏོར་ཐོན་ཁུངས་ཅན་གྱི་ཆེད་དོན་ཏེམཚོ་སྔོན་ཚྭ་མཚོ་རྫས་འགྱུར་བཟོ་ལས་ཐོན་ལས་ཁུལ་གྱི་སྙིགས་རྫས་འཁོར་རྒྱུག་བེད་སྤྱོད་ཀྱི་འདུས་གྲུབ་དཔེ་སྟོནབཅས་ཀྱི་རྣམ་གྲངས་སྤེལ་འགོ་བཙུགས་ནས།སྐྱེ་ཁམས་ཁོར་ཡུག་གི་རྒྱུན་མཐུད་འཕེལ་རྒྱས་དང་རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ལག་རྩལ་གྱི་འདེགས་སྐྱོར་མཁོ་སྤྲོད་བྱས།
     ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།

གོང་མ།:མཚོ་སྔོན་ཚོང་གཏམ་གྲོས་ཚོགས་མཚོ་ནུབ་ཡན་ལག་གྲོས་ཚོགས་མཇུག་སྒྲིལ་བ།

ཞོལ་མ།:མཚོ་ནུབ་ཁུལ་སོག་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་ཚད་ལྡན་གྱི་ཏང་ཡོན་བྱ་འགུལ་ཁང་བསྐྲུན་ནས་ཏང་འཛུགས་ལས་དོན་གྱི་བགྲོད་ལམ་གསར་པ་བསྙེགས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235