མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་སྔོན་ཚོང་གཏམ་གྲོས་ཚོགས་མཚོ་ནུབ་ཡན་ལག་གྲོས་ཚོགས་མཇུག་སྒྲིལ་བ།

ཡོང་ཁུངས།:ཚྭ་འདམ་ཉིན་རེའི་ཚགས་པར།  སྤེལ་དུས།:2019-06-28  རྩོམ་པ་པོ།:ཚྭ་འདམ་ཉིན་རེའི་ཚགས་པར།  རྩོམ་སྒྲིག་པ།:ཀླུ་དོན།    ཀློགས་གྲངས།:

ཟླ6པའི་ཚེས22ཉིན།ཀྲུང་གོའི་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཚོང་གཏམ་གྲོས་ཚོགས་སྐབས་ཉི་ཤུ་པའི་མཚོ་ནུབ་ཡན་ལག་གྲོས་ཚོགས་མཚོ་ནུབ་འགྲེམ་སྟོན་ལྟེ་གནས་སུ་བསྡུས་པ་རེད།

རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ཨུའམ་ཏུ་ལུ་ཞི་ཚོགས་ཁག་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཅུའུ་ཡི་ཀྲུའུ་ཞི་དངCEOཡི་འགན་ཁུར་མཁན་ཧུའུ་ཁྲེང་ཀྲུང་མཛད་སྒོར་ཞུགས་པ་རེད།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། ཚྭ་འདམ་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མེང་ཧའེ་ཡིས་མཇུག་སྒྲིལ་བའི་ཤིས་ཚིག་ཕུལ་བར་མ་ཟད།ཀྲུང་གོའི་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཚོང་གཏམ་གྲོས་ཚོགས་སྐབས་ཉི་ཤུ་པའི་མཚོ་ནུབ་ཡན་ལག་གྲོས་ཚོགས་མཇུག་སྒྲིལ་བ་ཁྱབ་བསྒྲགས་བྱས།
     ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀླུ་ཁོ་རྒྱལ་དང་ནང་སོག་བུད་མེད་ཁེ་ལས་པའི་བཟོ་ཚོང་ལྷན་ཚོགས་ཀྱི་ལག་བསྟར་ཚོགས་གཙོ་ཡུའུ་ཞིའུ་ལེན།  ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཡེ་ཆིང་ཡུན།  ཁུལ་ཨུའི་རྒྱུན་ཨུ་ཆའོ་ཝུན་ལི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཕང་ཅན་ཡཱ་སོགས་མགོ་ཁྲིད་རྣམས་མཇུག་སྒྲིལ་བའི་མཛད་སྒོར་ཞུགས་པ་རེད།

མཇུག་སྒྲིལ་བའི་མཛད་སྒོ་ལ་ཁུལ་དཔོན་གཞོན་པ་ལོན་ཧྥེང་ཅང་གིས་མགོ་འཛིན་མཛད།

ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ལིང་ཡན་གོ་ཡིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉི་ཤུ་པའི་མཚོ་ནུབ་ཡན་ལག་ཚོགས་རའི་གྲུབ་འབྲས་བརྡ་ཁྱབ་བཏང་།
        སྐབས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་མཚོ་ནུབ་ཡན་ལག་ཚོགས་རའི་གང་སར་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་གསལ་བ་དང་།  རྩ་འཛུགས་བྱས་ནས་ཉོ་ཚོང་དང་རིག་གནས། ལུས་རྩལ་བཅས་ཀྱི་བྱ་འགུལ་ཞིག་སྤེལ་བར་མ་ཟད།མཚོ་ནུབ་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཤིང་། བརྗོད་དོན་མངོན་གསལ་ཆེ་བ་དང་ནང་དོན་གསར་བ་ཡིན་ལ།  སྒོ་འབྱེད་མཉམ་ལས་དང་། ལྗང་མདོག་ཐཱན་ཉུང་དང་འཁོར་སྐྱོད་འཕེལ་རྒྱས།མཚོ་ནུབ་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་བཅས་འབུར་དུ་ཐོན་ཡོད། ཡན་ལག་ཚོགས་རར་བྱ་འགུལ་སྤེལ་གནས་བཞི་ཡིས་གྲུབ་པ་དང་།འགྲེམ་སྟོན་རྒྱ་ཁྱོན་གྱིས་སྨི་གྲུ་བཞི་མ་ཁྲི2ཟིན་ཞིང་།བྱ་འགུལ་སྤེལ་དུས་སུ་རྒྱལ་ཁབ་ཕྱི་ནང་གི་ཚོང་འགྲུལ་དང་སྐུ་མགྲོན་མི1100ལྷག་ཙམ་གདན་འདྲེན་ཞུས་ནས་ཞུགས་པར་མ་ཟད།  ཡན་ལག་ཚོགས་རའི་གཅིག་སྡུད་མིང་རྟགས་འགོད་པའི་མཛད་སྒོ་བདེ་བླག་ངང་འགྲུབ་པ་རེད།ཁྱོན་བསྡོམས་རྣམ་གྲངས78ལ་གན་རྒྱ་བཞག་པ་དང་། དངུལ་གྲངས་སྒོར་དུང་ཕྱུར234.93ལྷག་གི་གན་རྒྱ་བཞག    ཁུལ་སྲིད་གཞུང་དང་ཁེ་ལས་མང་པོའི་བར་ལ་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པའི་རྣམ་གྲངས7ཡོད་པ་དང་།  ཁུལ་གྱི་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་ཀྱི་བར་ལ་མཉམ་ལས་གྲོས་མཐུན་བཞག་པའི་རྣམ་གྲངས4ཡོད།  གཞན་ཡང་མིང་གྲགས་ཅན་གྱི་ཆད་མཁས་པ་ཞུགས་པའི་མདོ་དོན་གླེང་སྟེགས་བཞི་ཡིས་མཚོ་ནུབ་འཕེལ་རྒྱས་ཐད་ཀྱི་ལས་རིགས་ཁག་གི་བློ་གྲོས་གཅིག་ཏུ་བསྡུས་ཡོད།རིག་རྩལ་འཁྲབ་སྟོན་དང་མི་རིགས་ལུས་རྩལ་འགྲན་ཚོགས་སོགས་རིག་གནས་ལུས་རྩལ་བྱ་འགུལ་མང་པོ་སྤེལ་ནས་སྤྲོ་སེམས་འཁོལ་བའི་ཁོར་ཡུག་བསྐྲུན་ཏེ།  མཚོ་ནུབ་ཀྱི་སྤྱི་ཚོགས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད།རྒྱལ་ནང་གི་སྨྱན་སྦྱོར་ལས་ཁུངས50ལྷག་གིས་བྱ་འགུལ་གྱི་ཕྱོགས་ཡོངས་དང་།ཟུར་ཚད་མང་བ། གཏིང་ཟབ་པ་བཅས་ཀྱི་སྒོ་ནས་དྲིལ་བསྒྲགས་སྤེལ་གཏོང་བྱས་ལ།  སྔར་ལས་ལྷག་པའི་སྒོ་ནས་མཚོ་ནུབ་ཀྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཚད་མཐོ་རུ་བཏང་ཡོད།

ཐེངས་འདིའི་ཡན་ལག་ཚོགས་རའི་བྱ་འགུལ་དུ་ཞུགས་པའི་ཁེ་ལས་ལས་རིགས་ཀྱི་འཐུས་མི་དང་།ས་ཁུལ་གྱི་འཐུས་མི། ལས་དོན་ཚོ་ཆུང་གི་འཐུས་མི་བཅས་སོ་སོས་གཏམ་བཤད་གནང་། སོག་པོ་རྒྱལ་ཁབ་ཀྱི་ཐོན་སྐྱེད་པའི་མཐུན་ཚོགས་ཀྱིས་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉི་ཤུ་པའི་མཚོ་ནུབ་ཡན་ལག་ཚོགས་འདུ་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གཉིས་ལ་ལག་བཟོས་དྲན་རྟེན་དངོས་པོའི་ལེགས་སྐྱེས་གནང་།
   མཇུག་སྒྲིལ་མཛད་སྒོའི་རྗེས་སུ།  མེང་ཧའེ་ཡིས་ཡན་ལག་ཚོགས་རའི་དང་བླངས་པ་དང་བདེ་སྲུང་།རྒྱབ་ཕྱོགས་མཁོ་སྒྲུབ།  དྲིལ་བསྒྲགས་སོགས་ལས་དོན་མི་སྣར་འཚམས་འདྲི་གནང་བ་དང་།  ཚང་མས་དཀའ་སྤྱད་འབད་བརྩོན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

གོང་མ།:《མཚོ་ནུབ་ས་མིང་ལོ་རྒྱུས་རིག་གནས་དོན་འགྲེལ》(སོག་རྒྱ་པར་མ)དཔེ་གསར་འགྲེམས་སྤེལ་མཛད་སྒོ་དང་བགྲོ་གླེང་ཚོགས་འདུ་ཁུལ་དཔེ་མཛོད་ཁང་དུ་བསྡུས།

ཞོལ་མ།:རང་ཁུལ་གྱི་ལས་གཞི་སྐོར་ཞིག་ལ་ཞིང་ཆེན་རིམ་པའི་ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན་ཐོབ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235