མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

《མཚོ་ནུབ་ས་མིང་ལོ་རྒྱུས་རིག་གནས་དོན་འགྲེལ》(སོག་རྒྱ་པར་མ)དཔེ་གསར་འགྲེམས་སྤེལ་མཛད་སྒོ་དང་བགྲོ་གླེང་ཚོགས་འདུ་ཁུལ་དཔེ་མཛོད་ཁང་དུ་བསྡུས།

ཡོང་ཁུངས།:  སྤེལ་དུས།:2019-07-03  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

  ཟླ6པའི་ཚེས28ཉིན།མཛེས་ལྗོངས་ཡིད་དུ་འོང་ཞིང་སྐྱེ་དངོས་ཐམས་ཅད་འཕེལ་བའི་དུས་ཚིགས་ནང་དུ།མཚོ་ནུབ་ས་མིང་ལོ་རྒྱུས་རིག་གནས་དོན་འགྲེལསོག་རྒྱ་པར་མདཔེ་གསར་འགྲེམས་སྤེལ་མཛད་སྒོ་དང་བགྲོ་གླེང་ཚོགས་འདུ་ཁུལ་དཔེ་མཛོད་ཁང་དུ་བསྡུས།མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོ་གཞོན་པ་ཆན་གོ་ཆིང་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་རིང་པཱ་ལི།མཚོ་ནུབ་ཁུལ་རིག་གནས་དང་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སི་ཆིང་ཧྥུའུ་སོགས་མགོ་ཁྲིད་དང་ཆེད་མཁས་པ་དེ་མིན་ཚྭ་འདམ་ཉིན་རེའི་ཚགས་པར་ཁང་དང་མཚོ་ནུབ་བརྙན་འཕྲིན་ཁང་།མཚོ་ནུབ་ཁུལ་དཔེ་མཛོད་ཁང་།ཁུལ་ནགས་ཚལ་དང་རྩྭ་ཐང་ཅུའུ།ཁུལ་དབུལ་སྐྱོར་ཅུའུ།  ཁུལ་ཁྲིམས་འཛིན་ཅུའུ་སོགས་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་།གྲོང་ཁྱེར་དང་རྫོང་སོ་སོའི་མི་རིགས་སྐད་ཡིག་གཞུང་ལས་ཁང་།གྲོང་རྡལ་དང་ཞང་འགའ་ཡི་འཐུས་ཚབ་མི་སྣ་བཅས་མི་གྲངས60ལྷག་འགྲེམས་སྤེལ་མཛད་སྒོར་ཞུགས།

   དཔེ་ཆ་དེ་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་དང་ཁུལ་ཨུ།ཁུལ་སྲིད་གཞུང་།འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་ཡང་དག་གི་མགོ་ཁྲིད་དང་རྒྱབ་སྐྱོར་འོག་དང་།མགོ་ཁྲིད་རིམ་བྱོན་གྱིས་ཐུན་མོང་གི་དོ་ཁུར་འོགའབྲེལ་ཡོད་འགན་ཁུར་བློ་མཐུན་དང་སྒྲིག་སྦྱོར་མི་སྣ་ཡོངས་ཀྱིས་འབད་འབངས་ལྷོད་མེད་འོགལྷག་པར་དུ་ཁུལ་ཨུའི་ཧྲུའུ་ཅི་བློ་མཐུན་ཝུན་གོ་ཏུང་གིས་དཔེ་ཆ་དེར་རང་ཉིད་ཀྱི་འགོ་བརྗོད་བཀོད་པ་དང།ལོ་འགའི་བརྒྱུད་རིམ་གྱི་དཀའ་སྡུག་སེལ་ཏེ།བདེ་བླག་ངང་པར་དུ་སྐྲུན་ཞིང་འགྲེམས་སྤེལ་བྱས།ས་མིང་ལ་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ཀྱི་བརྡ་འཕྲིན་མཆིས་ཤིང་།ཞིབ་འཇུག་གི་རིན་ཐང་ཧ་ཅང་ཆེ།མཚོ་ནུབ་ཀྱི་ལོ་རྒྱུས་རིག་གནས་རྒྱུན་རིང་ཞིང་གཏིང་ཟབ་པ་ཞིག་ཡིན་ལ།མི་རིགས་ཀྱི་རིག་གནས་ཁྱད་མཚར་ལྡན་པ་ཞིག་ཡིན་པ་དང་།ཀྲུང་ཧྭ་མི་རིགས་ཀྱི་སྤྱིར་དབང་བའི་བསམ་པའི་ནོར་བུའི་ཆ་ཤས་གལ་ཆེན་ཞིག་ཡིན།ཡིན་ནའང་དུས་ཡུན་རིང་པོ་ནང་ལ།གནས་ས་མཐོ་བའམ་ལུང་ཁུག བརྡ་འཕྲིན་མི་འཕྲོད་པའི་ཕྱི་ཡུལ་གྱི་རྒྱུ་རྐྱེན་གྱིས།མངོན་མིན་རིག་གནས་ཀྱི་རྣམ་པ་མཆིས་པའི་ས་མིང་གནའ་ཤུལ་མང་པོ་གཡོལ་ཐབས་མེད་པར་འཁྱོག་བཤད་དང་གོ་ལོགམ་དག་རྒྱུན་འབྱམས་སུ་སོང་བ་དང།ཐ་ན་རྨེག་མེད་དུ་བཏང་ཡོད།དེའི་རྐྱེན་གྱིས།རྩ་བའི་ཐོག་ནས་བསྒྱུར་བཅོས་བྱེད་པ་དང་སྙིགས་དོར་བཅུད་ལེན་བྱས་ནས།ལོ་རྒྱུས་ལ་ངོ་བོ་གཙང་མ་ཞིག་བྱིན་ཏེ།ས་མིང་ལོ་རྒྱུས་རིག་གནས་ཡང་དག་གིས་འགྲེལ་བཤད་བྱེད་ཆེད།སྒྲིག་སྦྱོར་ཨུ་ཡོན་ལྷན་ཚོགས་དང་ས་གནས་སོ་སོའི་འབྲེལ་ཡོད་སྡེ་ཁག་གི་ལས་བྱེད་མི་སྣས།འགྲིམ་འགྲུལ་སྟབས་བདེ་མིན་པ་དང་ལམ་ཐག་རིང་བ།འཚོལ་སྡུད་ཐོབ་དཀའ་བ་སོགས་ཀྱི་དཀའ་ངལ་སེལ་ཏེ།ཁུལ་ཡོངས་ཀྱི་ས་ཁུལ་བདུན་ལ་ཕྱིན་ནས།དུད་ཁྱིམ600ལྷག་ལ་འདྲི་རྩད་བྱས་ནས་འཚོལ་བསྡུ་དང་དག་སྒྲིགསྒྲིག་སྦྱོར་གྱི་བྱ་བ་བསྒྲུབས་ཤིང།མཇུག་མཐརམཚོ་ནུབ་ས་མིང་ལོ་རྒྱུས་རིག་གནས་དོན་འགྲེལསོག་རྒྱ་པར་མཔར་སྐྲུན་འགྲེམས་སྤེལ་བྱ་བ་ལེགས་པར་གྲུབ།འདི་ནི་རང་ཁུལ་གྱི་ལོ་རྒྱུས་སྟེང་དུ་སྒྲིག་སྒྱུར་དང་པར་སྐྲུན།འགྲེམས་སྤེལ་བྱས་ཡོད་པའི་གཞི་རྒྱ་ཆེ་ཞིང་ཞིབ་ཕྲ་ལྡན་ལ་རྩ་ཆེན་ཡིན་པའི་ཚྭ་འདམ་ས་མིང་དཔྱད་ཡིག་དཔེ་ཆ་ཞིག་ཡིན།དཔེ་ཆ་དེ་ཁུལ་སོག་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་མི་མང་པོ་ཞིག་གི་ལག་བརྒྱུད་དེ།དཀའ་ཚེགས་ལ་མ་འཛེམས་པར་ཐེངས་གང་མང་ལ་དག་བཅོས་བྱས་རྗེས།མཇུག་མཐར་དཔེ་དེབ་འདི་ལེགས་འགྲུབ་བྱུང་།སྒྲིག་སྦྱོར་མི་སྣས་ལས་ལ་བརྩོན་ཞིང་དཀའ་སྤྱད་ངང་ནས་མཛེས་སྡུག་རྣམ་པར་བཀྲ་བའི་ཚྭ་འདམ་ལ་ཡང་བསྐྱར་འོད་སྟོང་འབར་བའི་ལེའུ་ཞིག་བསྣན་ཞིང་།རང་ཁུལ་གྱི་མི་རིགས་རིག་གནས་འཛུགས་སྐྲུན་ལ་མཚར་སྡུག་ལྡན་པའི་རིག་གནས་ཤུལ་བཞག་ཞིག་གི་བྱས་རྗེས་བཞག་ཡོད།

   དཔེ་གསར་འགྲེམས་སྤེལ་མཛད་སྒོ་སྟེང་དུ།འབྲེལ་ཡོད་མགོ་ཁྲིད་དང་ཆེད་མཁས་པསམཚོ་ནུབ་ས་མིང་ལོ་རྒྱུས་རིག་གནས་དོན་འགྲེལསོག་རྒྱ་པར་མའཚོལ་སྡུད་དང་དག་སྒྲིག སྒྲིག་སྒྱུར་བཅས་བྱས་པའི་འགྲེམ་སྤེལ་བརྒྱུད་རིམ་ལ་ཁས་ལེན་གང་ལེགས་གནང་བ་དང་།ཚོགས་འདུའི་ཡུལ་དངོས་སུ།མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོ་གཞོན་པ་ཆན་གོ་ཆིང་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་རིང་པཱ་ལི།ཁུལ་རིག་གནས་དང་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སི་ཆིང་ཧྥུའུ་སོགས་མགོ་ཁྲིད་ཀྱིས་དཔེ་གསར་ཐོག་ཏུ་བཀལ་པའི་ཁ་བཏགས་ཡར་བཀྱགས་ནས།མཚོ་ནུབ་ས་མིང་ལོ་རྒྱུས་རིག་གནས་དོན་འགྲེལསོག་རྒྱ་པར་མདངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས་པར་རྟེན་འབྲེལ་ཞུས་པ་མ་ཟད།མཚོ་ནུབ་ཁུལ་དཔེ་མཛོད་ཁང་དང་ཁུལ་ཡིག་ཚགས་ཁང་།ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་དང་གྲོང་ཁྱེར་རམ་རྫོང་སོ་སོའི་འབྲེལ་ཡོད་སྡེ་ཁག་དང་གྲོང་རྡལ།ཞང་སོགས་ལ་བསྡོམས་པའི་དཔེ་ཆ་དྲུག་བརྒྱ་འབུལ་བ་དང་། མཇུག་མཐར།ཚོགས་འདུར་ཞུགས་པའི་ཆེད་མཁས་པས་དཔེ་གསར་གྱི་པར་སྐྲུན་དང་འགྲེམས་སྤེལ་གྱི་བརྗོད་དོན་ལ་དམིགས་ནས་བརྗེ་རེས་དང་གྲོས་བསྡུར་གཏིང་ཟབ་པ་བྱས་ཤིང་།ཚང་མས་གཅིག་གྱུར་ཏུ་བཤད་རྒྱུར་དཔེ་ཆ་འདི་ནི་མི་རིགས་གནའ་དཔེ་བསྡུ་ཉེར་གྱི་རིན་ཐང་དང་མི་རིགས་རིག་གནས་རྒྱུན་འཛིན་གྱི་རིན་ཐང་ཅུང་ཆེན་པོ་ཡོད་པ་དང་།ལྷག་པར་དུ་རང་ཁུལ་དང་དེ་མིན་ཞིང་ཆེན་ས་མིང་ཞིབ་འཇུག་ཐད་ལ་ཞིབ་ཅིང་ཕྲ་བའི་དཔྱད་ཡིག་འདོན་སྤྲོད་བྱས་ཡོད་ཅིང།སྟོད་སོག་ས་མིང་རིག་གནས་ལ་ཞིབ་འཇུག་བྱེད་པར་ནུས་པ་གལ་ཆེན་ཐོབ་ཡོད་ཅེས་བཤད།

   དཔེ་ཆ་འདི་ནི་མེས་རྒྱལ་བཙུགས་པའི་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར70ལོན་པའི་སྐྱེར་སྐར་གྱི་ལེགས་སྐྱེས་སུ་འབུལ་བ་ཡིན་ཏེ།མཚོ་ནུབ་ཀྱི་དཔལ་འབྱོར་རིག་གནས་ལས་དོན་གྱི་དར་རྒྱས་དང་རང་ཁུལ་གྱི་མི་རིགས་གནའ་དཔེ་བསྡུ་ཉར།མི་རིགས་ལོ་རྒྱུས་ཞིབ་འཇུག་གི་རིན་ཐང་བཅས་ལ་རྒྱུན་འཛིན་དང་སྲུང་སྐྱོང་གི་དོན་སྙིང་ཆེན་པོ་ལྡན་ནོ།།

གོང་མ།:གཏེར་ལེན་ཁའི་མང་ཚོགས་ལས་དོན་བསྒྲུབ་ཏུ་ཡོང་ན་ཐེངས་གཅིག་མ་གཏོགས་འགྲོ་མི་དགོས་པའི་སྟབས་བདེ་བསྐྲུན་ཡོད།

ཞོལ་མ།:མཚོ་སྔོན་ཚོང་གཏམ་གྲོས་ཚོགས་མཚོ་ནུབ་ཡན་ལག་གྲོས་ཚོགས་མཇུག་སྒྲིལ་བ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235