མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

གཏེར་ལེན་ཁའི་མང་ཚོགས་ལས་དོན་བསྒྲུབ་ཏུ་ཡོང་ན་ཐེངས་གཅིག་མ་གཏོགས་འགྲོ་མི་དགོས་པའི་སྟབས་བདེ་བསྐྲུན་ཡོད།

ཡོང་ཁུངས།:  སྤེལ་དུས།:2019-07-03  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

   སྔོན་ཆད་སྲིད་གཞུང་ཁག་ཏུ་ལས་དོན་ཞིག་བསྒྲུབ་པར་འགྲོ་དགོས་ན་དཀའ་ཁག་གང་མང་མྱངས་དགོས་པ་དང་།ད་ལྟའི་དྲ་ངོས་གཅིག་གིས་ཡོད་ཚད་སྒྲུབ་ཐུབ་པ་དང་སྟེགས་བུ་གཅིག་གི་དང་ལེན་བྱེད་ཐུབ་པ།  སྔོན་ཆད་དཔང་ཡིག་མང་པོ་དགོས་པ་དང་གོ་རིམ་ཉག་ཉོག་ཡིན་ཞིང་།ད་ལྟའི་སྒོ་ནང་དུ་ཐེངས་གཅིག་མ་གཏོགས་འགྲོ་མི་དགོས་པ་དང་ཐེངས་གཅིག་མ་གཏོགས་ཡོང་མི་དགོས་ཏེ།  ཉེ་ཆར།གཏེར་ལེན་ཁ་གྲོང་ཁྱེར་སྲིད་དོན་ཞབས་ཞུའི་ལྟ་སྐུལ་དོ་དམ་ཅུའུ་ཡི་ལས་ཁུངས་ཀྱི་ཞབས་ཞུའི་གནས་སོ་སོ་ཁུལ་སྲིད་འཛིན་ཞབས་ཞུ་ལྟེ་གནས་སུ་སྤར་ཞིང་།གསུམ་ཐོག་ཏུ་ཞབས་ཞུའི་སྟེགས་བུ80བཙུགས་ཡོད་པ་དང་། གནས་དེ་ནས་གཅིག་བསྡུས་སྒོས་སྲིད་འཛིན་ཞིབ་བཤེར་ཆོག་མཆན75སྒྲུབ་ཆོག་པ་དང་སྤྱི་པའི་ཞབས་ཞུ་ལས་དོན127ཡང་སྒྲུབ་ཆོགཁུལ་དང་གྲོང་ཁྱེར་ཀྱིས་གཞི་གཅིག་ཅན་གྱི་སྲིད་འཛིན་ཞབས་ཞུ་ལྟེ་གནས་བཙུགས་པ་ནི་ཕྱོགས་ཡོངས་ནས་སྲིད་དོན་ཞབས་ཞུའིདྲ་གཅིག་དང་སྒོ་གཅིགཐེངས་གཅིགཅེས་པའི་བཅོས་བསྒྱུར་ལ་སྐུལ་འདེད་བཏང་བ་ཡིན་པ་དང་།ཁེ་ལས་དང་མང་ཚོགས་ཀྱིས་སྲིད་གཞུང་དུ་ལས་དོན་བསྒྲུབ་ཏུ་ཡོང་དུསསྒོ་ནང་དུ་ཐེངས་གཅིག་མ་གཏོགས་འགྲོ་མི་དགོས་པདངཐེངས་གཅིག་མ་གཏོགས་ཡོང་མི་དགོསཞེས་པ་མངོན་འགྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན།

 “གློད་སྡོམ་ཞབསཀྱི་བཅོས་བསྒྱུར་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཞིང་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་བས།  སྲིད་དོན་ཞབས་ཞུ་ཁོར་ཡུག་རྒྱུན་མཐུན་ངང་ཇེ་ལེགས་སུ་རིམ་སྤར་བྱས་ཤིང།མང་ཚོགས་ཀྱི་ལས་དོན་སྒྲུབ་པ་སྔར་ལས་སྟབས་བདེ་ཡིན་པ་དང་ནུས་ཆོད་སྔར་ལས་ཆེ།  ངོ་སྤྲོད་བྱས་པ་ལྟར་ན།  རྗེས་མར་ཁུལ་སྲིད་དོན་ཞབས་ཞུའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཏན་ཏིག་སྒོས་ཞབས་ཞུའི་སྟེགས་བུའི་སྤྱི་ཁོག་གི་ཞབས་ཞུ་ནུས་ཆོད་དང་ནུས་པ་ཇེ་མཐོ་རུ་གཏོང་བ་དང་།བྱ་བར་གཅིག་གྱུར་གྱི་མཐུན་སྦྱོར་ལམ་སྲོལ་བཙུགས་ནས།  ཞབས་ཞུའི་གནས་དེ་ཧྲིལ་པོ་མཉམ་འགུལ་དང་ཚན་རིག་དང་མཐུན་པའི་གཅིག་གྱུར་གྱི་གཞི་གཅིག་ཅན་འཛུགས་པར་མ་ཟད།བསྟུད་མར་སྲིད་དོན་སྟབས་བདེ་ཡིན་ཞིང་དབང་གློད་པ་དང་གློད་སྡོམ་ཟུང་འབྲེལ་གཏིང་ཟབ་བྱས་ཏེ།ཞབས་ཞུའི་བཅོས་བསྒྱུར་ཇེ་ལེགས་སུ་གཏོང་བ་དང་། མུ་མཐུད་དུནུས་ཆོད་ཚད་ལྡན་དང་སྤྱི་བསྒྲགས་གསལ་བོ་ཡིན་ཞིང་། དམངས་ལ་སྟབས་བདེ་ཞིང་ཁེ་ལས་ལ་ཕན་པ།ཞབས་ཞུ་ལེགས་པ།ཞེས་པའི་བྱ་བའི་གནས་བབ་གསར་བ་མངོན་འགྱུར་བྱ་རྒྱུ་རེད།

གོང་མ།:མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པ་ཧཱ་ཡོན་ཧྲུའོ་ཡིས་གཟེངས་བསྟོད་ཁྱེར་ནས་ཕ་ཡུལ་དུ་ལོག

ཞོལ་མ།:《མཚོ་ནུབ་ས་མིང་ལོ་རྒྱུས་རིག་གནས་དོན་འགྲེལ》(སོག་རྒྱ་པར་མ)དཔེ་གསར་འགྲེམས་སྤེལ་མཛད་སྒོ་དང་བགྲོ་གླེང་ཚོགས་འདུ་ཁུལ་དཔེ་མཛོད་ཁང་དུ་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235