མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པ་ཧཱ་ཡོན་ཧྲུའོ་ཡིས་གཟེངས་བསྟོད་ཁྱེར་ནས་ཕ་ཡུལ་དུ་ལོག

ཡོང་ཁུངས།:མཚོ་ནུབ་གསར་འགྱུར་དྲ་བ།  སྤེལ་དུས།:2019-07-05  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

   ཐེངས་དང་པོར་མི་དམངས་ཚོགས་ཆེན་དུ་འགྲོ་བ་དང་ཐེངས་དང་པོར་གཞུང་ཞབས་པའི་གཟེངས་བསྟོད་བླ་ན་མེད་པ་ཐོབ་པ་དང།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣར་འཇལ་འཕྲད་བྱུང་བ་བློ་ཡུལ་ལས་འདས་ཤིང་།དེ་མིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་།ཁུལ་ཨུ་དང་ཁུལ་སྲིད་གཞུང་།ཚྭ་འདམ་ཆེ་བའི་སྲིད་ཨུ་མགོ་ཁྲིད་ཀྱིས་རང་ཉིད་ལ་གདེང་འཇོག་དང་ཐུགས་ཁུར་གནང་བའང་བློ་ཡུལ་ལས་འདས་པ་ཞིག་རེད་ཅེས་བཤད།ཟླ7པའི་ཚེས2ཉིན།རྒྱལ་ཡོངས་ཀྱི་སྐབས་དགུ་པའི་མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི་གཟི་བརྗིད་མཚན་སྙན་ཐོབ་པའི་མཚོ་ནུབ་ཁུལ་ཀྱི་འཐུས་མི་ཧཱ་ཡོན་ཧྲུའོ་ཡིས་གཟེངས་བསྟོད་ཁྱེར་ནས་ཕ་ཡུལ་དུ་ལོག

  རྒྱལ་ཡོངས་ཀྱི་མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པ་དང་མི་དམངས་ཀྱིས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང་ནི་རང་རྒྱལ་གཞུང་ཞབས་པའི་གཟེངས་བསྟོད་ཀྱི་ཆེས་མཐོ་བའི་མཚན་སྙན་ཡིན་ཞིང་།1996ལོ་ནས་འགོ་བརྩམས་ནས2013ལོ་བར་ལ་སྐབས8བསྡུས་ཟིན།སྔོན་ཐོན་མིག་དཔེ་ཅན་གྱི་གཞུང་ཞབས་པ་སྐོར་ཞིག་གཅིག་བསྡུས་སྒོས་བཞེངས་པ་དང་དྲིལ་སྒྲོག་བྱས་ཡོད།ཐེངས་འདིའི་བདམས་ཐོན་བྱུང་བའི་མཚོ་ནུབ་ཁུལ་གྱི་གཞུང་ཞབས་པ་ཉག་གཅིག་ཡིན་པའི་ཆ་ནས།ཁུལ་གཙོ་གཞོན་པ་ལི་ཅཱ་ཁྲེན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཧཱ་ཡོན་ཧྲུའོ་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།ཁོས་བསྟན་དོན།གཟེངས་བསྟོད་འདི་ནི་སྒེར་ཀྱི་གཟེངས་བསྟོད་དང་ཐུན་མོང་གི་གཟེངས་བསྟོད་ཡིན་ལ།མཚོ་ནུབ་ཀྱི་གཟི་བརྗིད་ཅིག་ཀྱང་རེད།ཧཱ་ཡོན་ཧྲུའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་སེམས་ལ་བཅངས་ཤིང་།ཐོག་མའི་སེམས་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་དམ་པོ་འཛིན་ཞེས་པའི་བརྗོད་དོན་སློབ་གསོ་སྤེལ་བཞིན་པ་དང་ཟུང་འབྲེལ་བྱས་ཏེ།ཐོག་མའི་སེམས་འདུན་དང་འགན་འཁྲི་ཐོག་མཐའ་བར་གསུམ་དུ་ཕྲག་ཏུ་ཁུར་ཞིང།གཟེངས་བསྟོད་ལ་གཅེས་སྤྲས་དང་།མུ་མཐུད་དུ་འབད་བརྩོན་བྱས་ནས།མིག་དཔེ་དེས་ཁུལ་ཡོངས་ཀྱི་རྒྱ་ཆེ་གཞུང་ཞབས་པར་སྣེ་ཁྲིད་ནས་དུས་རབས་གསར་བར་ཚོན་མདངས་རྣམ་པར་བཀྲ་བ་བསྣན་ཏེ།མཚོ་ནུབ་གསར་བར་ཡང་བསྐྱར་གཟི་བརྗིད་ཅིག་བརྩོན་ལེན་བྱས་པ་རེད།

   གཟེངས་བསྟོད་ཚོགས་འདུར་ཚོགས་ཚར་རྗེས།སེམས་འགུལ་ཐེབས་པའི་ཧཱ་ཡོན་ཧྲུའོ་ད་དུང་ལྷིང་འཇགས་སུ་སོང་མེད་ལ།ཁོས་བཤད་རྒྱུར།གཟེངས་བསྟོད་འདི་འདྲ་ཞིག་ཐོབ་པ་ནི།རྩ་འཛུགས་ཀྱི་སྐྱེད་སྲིང་དང་འགོ་ཁྲིད་ཀྱི་ཐུགས་ཁུར།ད་དུང་ལས་གྲོགས་ཀྱི་རྒྱབ་སྐྱོར་བཅས་ཀྱི་འབྲས་བུ་རེད།ལྷག་པར་དུ་རྒྱ་ཆེ་མི་དམངས་མང་ཚོགས་ཀྱི་བསྟོད་བསྔགས་ཀྱི་འབྲས་བུ་ཡང་རེད།ངས་དྲིན་གཟོ་སེམས་ལ་བཅངས་ནས་བཀའ་དྲིན་ཡང་ཤིན་དུ་ཆེ་ཟེར།དེས་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ་རང་ཉིད་ལ་སྐུལ་མ་གཏང་བ་དང་།མི་དམས་ལ་ཞབས་ཞུ་བསྒྲུབ་པར་སྔར་བས་ལག་ལེན་ལེགས་པོར་བྱེད་རྒྱུ་ཡིན་ཟེར།

   ཧཱ་ཡོན་ཧྲུའོ་ཡིས་ད་ལྟའི་ཚྭ་འདམ་ཆེ་བའི་སྲིད་ཨུ་ཡི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྱི་འགན་བཞེས་ཡོད་པ་དང་།ལོ14ཡི་བྱ་བའི་ཁྲོད་དུ།ཁོས་ནམ་ཡིན་ཡང་ཏན་ཏིག་གི་རང་བཞིན་རྒྱུན་འཁྱོངས་བྱས་ཤིང་།ཕུགས་འདུན་དང་ཡིད་ཆེས་སེམས་ཀྱིས་སྲུང་ཡོད་པ་དང།ཧཱ་ཡིན་ཧྲུའོ་ཡིས་བཤད་རྒྱུར་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ་ནམ་ཡིན་ཡང་རང་ཉིད་ལ་དྲན་སྐུལ་བྱས་ནས་གཟེངས་བསྟོད་འདིར་གཅེས་སྤྲས་བྱས་ཏེ།མི་དམངས་ཀྱི་རེ་བ་དང་རྩ་འཛུགས་ཀྱི་སྐྱེད་སྲིང་སྟོང་ཟད་དུ་མི་གཏོང་བ་དང་།ཕུགས་འདུན་དང་ཡིད་ཆེས་བརྟན་པོ་བཅངས་ནས་བློ་གཅིག་སེམས་གཅིག་གིས་མུ་མཐུད་དུ་མི་དམངས་ལ་ཞབས་ཞུ་བསྒྲུབ་པའི་ལས་དོན་སོ་སོའི་སྟེང་དུ་ཞུགས་རྒྱུ་ཡིན་ཟེར།

གོང་མ།:ནག་འཇོམས་ངན་སེལ་གྱི་ཟིལ་ཤུགས་ཀྱིས་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ལ་སྲུང་སྐྱོབ་ཐོབ།

ཞོལ་མ།:གཏེར་ལེན་ཁའི་མང་ཚོགས་ལས་དོན་བསྒྲུབ་ཏུ་ཡོང་ན་ཐེངས་གཅིག་མ་གཏོགས་འགྲོ་མི་དགོས་པའི་སྟབས་བདེ་བསྐྲུན་ཡོད།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235