མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ནག་འཇོམས་ངན་སེལ་གྱི་ཟིལ་ཤུགས་ཀྱིས་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ལ་སྲུང་སྐྱོབ་ཐོབ།

ཡོང་ཁུངས།:  སྤེལ་དུས།:2019-07-10  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

ནག་འཇོགས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་བའི་ཚུན་ལ། མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཆེད་དོན་འཐབ་རྩོད་ཀྱི་དམིགས་འབེན་དང་བྱེད་ཐབས་གོ་རིམ། བྱ་བའི་འགན་འཁྲི་བཅས་ལ་བྱང་ཆ་ཡོང་བར་བྱས་ཏེ། ལྟེ་གནས་དམིགས་ཚད་དབྱེ་འབྱེད་བྱེད་པ་དང་། གཞི་གྲངས་ཚད་ལྡན་སྒོས་ཐག་གཅོད་བྱེད་པ། གྱོད་དོན་ནན་འཛིན་བྱེད་པ་དང་། ཁྲིམས་ལྟར་ནག་ཤུགས་སྟོབས་ཤུགས་ལ་རྡུང་རྡེག་བྱས་ནས་སྤྱི་ཚོགས་འཆམ་མཐུན་དང་འཕེལ་རྒྱས་ལ་བྱས་རྗེས་བཞག
མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་འགོ་ཁྲིད་ཚན་ཆུང་དང་ལྟ་ཞིབ་ཚན་ཆུང་། འདྲི་གཅོད་མཛུབ་སྟོན་ཚན་ཆུང་བཅས་བཙུགས་ཏེ། འགོ་ཁྲིད་གཙོ་བོས་དངོས་སུ་སྣེ་ཁྲིད་བྱེད་ཅིང་། སྐས་རིམ་སོ་སོ་ནས་འགན་འཁྲི་དངོས་འབེབས་བྱས་ནས། ནག་འཇོམས་ངན་སེལ་གྱི་བྱ་བར་སྐུལ་འདེད་བྱས་ལ། ཆེད་དོན་འཐབ་རྩོད་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས་ནས། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་བར། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་མཚོ་ནུབ་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས།

མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་གཞོན་པ་ལྷ་ཕྱུག་ཐར་གྱིས་བཤད་རྒྱུར། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་བྱ་བར་དམིགས་ནས། མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁུལ་ཨུའི་རྒྱུན་ལས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། ཏང་ཙུའུ་ཁོངས་མིས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་བྱ་བའི་ཁྲོད་མི་འདང་སའི་གནད་དོན་ལ་ཞིབ་བཤེར་བྱས་ནས། འདིའི་ཕྱོགས་ཀྱི་ཤེས་བྱ་མཐོར་འདེགས་སུ་བཏང་སྟེ།འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་བྱས་པ་ཡིན་ཟེར།

མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་ནུས་པ་མཐོ་རུ་བཏང་ནས། ནག་ཤུགས་སྟོབས་ཤུགས་ཆེ་བའི་ས་ཁུལ་དང་ནག་ཤུགས་ལས་རིགས་དང་མི་དམངས་མང་ཚོགས་ཀྱིས་ཞུ་འབུལ་བྱས་པའི་ནག་ཤུགས་ནག་ཉེས་བྱ་བ་གཙོ་གནད་དུ་བཟུང་ཞིང་། ནག་ཤུགས་ལ་རྡུང་རྡེག་གཏོང་བའི་དུས་མཚུངས་སུ། ནག་ཤུགས་ལ་རྒྱབ་རོགས་བྱེད་མཁན་འཚོལ་ཞིབ་ཟབ་མོ་བྱེད་པ་དང་། ནག་ཉེས་གྱོད་དོན་འདྲི་གཅོད་ཀྱི་གོ་རིམ་དུ་སླེབས་སྐབས་གཟབ་ནན་དང་མགྱོགས་མྱུར་གྱི་སྒོ་ནས་གནད་དོན་ཐག་གཅོད་བྱས་ལ། གྱོད་དོན་རྙོག་འཛིང་ཅན་ལ་འཕྲད་སྐབས། ཆབ་སྲིད་ཀྱི་གོ་རྟོགས་མཐོ་ལ། ལས་སྒོའི་ནུས་པ་མཐོ་བའི་ཁྲིམས་དཔོན་མི་སྣ་རྩ་འཛུགས་བྱས་ནས། ཁྲིམས་ར་འཛུགས་སྒྲུབ་བྱེད་ཅིང་། འདྲི་གཅོད་སྤུས་ཀ་མཐོ་རུ་བཏང་ནས། ནག་ཤུགས་དང་འབྲེལ་བའི་གྱོན་དོན་རེ་རེ་ཉམས་མྱོང་དང་དུས་ཚོད་ཀྱིས་དབྱེ་འབྱེད་བྱས།

མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་གཞོན་པ་ལྷ་ཕྱུག་ཐར་གྱིས་བཤད་རྒྱུར། ཆེས་གལ་ཆེ་བ་ཞིག་ནི་གཞི་རིམ་གྱི་ཁྲིམས་ཁང་གི་གྱོན་དོན་འདྲི་གཅོད་ལ་མཛུབ་སྟོན་བྱེད་རྒྱུ་དེ་ཡིན། གྱོད་དོན་འདྲི་གཅོད་ལེགས་འགྲུབ་མ་བྱུང་བ་ཡོད་ཚེ། མྱུར་དུ་དོན་དངོས་ལ་དམིགས་ནས། བདེན་དཔང་འཚོལ་ཞིབ་བྱེད་པ་དང་། བཅའ་ཁྲིམས་ལྟར་མཛུབ་སྟོན་བྱེད་དགོས་པ་མ་ཟད། ང་ཚོས་ཆེད་དུ་མི་སྣ་མངགས་གཏོང་བྱས་ནས་གྱོད་དོན་ལ་རྗེས་འདེད་བྱེད་དགོས། འདི་ལྟར་བྱས་ན་གཞི་རིམ་གྱི་ཁྲིམས་ཁང་གི་གྱོད་དོན་འདྲི་གཅོད་ཀྱི་སྤུས་ཀ་མཐོ་རུ་འགྲོ་ཐུབ་ལ། ཕྱོགས་གཞན་ཞིག་ནས་གྱོད་དོན་གོང་གཏུག་བྱས་རྗེས་གྱོད་གཞི་ལ་རྒྱུས་ལོན་ཞིབ་མོ་བྱེད་ཐུབ་པ་དང་། རྒྱུ་ཆ་མང་པོ་ཞིག་གསོག་འཇོག་བྱེད་ཐུབ་པའི་ཁར། ང་ཚོས་ཆེད་དོན་ཁྲིམས་དཔོན་བཀོད་སྒྲིག་བྱས་ནས་གྱོད་གཞི་བསྒྲུབ་ན། ཁོ་རང་སྟེང་གི་ལག་རྩལ་ཕྱོགས་ནས་ཀྱང་མཐོ་རུ་འགྲོ་ངེས་ཟེར།

མིག་སྔའི་བར་དུ། མཚོ་ནུབ་ཁུལ་གྱི་གཞི་རིམ་ཁྲིམས་ཁང་དག་ནས་ནག་ཤུགས་དང་འབྲེལ་བའི་གྱོད་དོན་སྡོམ་པས10འབྱོར་ཞིང་། དེའི་ནང་གྱོད་དོན་2་ཐག་གཅོད་བཞིན་པའི་སྒང་ཡིན་ལ། གྱོད་དོན་8འདྲི་གཅོད་བྱས་ཚར་འདུག མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ནག་ཤུགས་དང་འབྲེལ་བའི་གྱོད་དོན་སྡོམ་པས་5དང་ལེན་བྱས་ཏེ་གྱོད་དོན་གཉིས་གོང་གཏུག་བྱས་པར་མིག་སྔར་འདྲི་གཅོད་བྱ་བ་མཇུག་སྒྲིལ།

གོང་མ།:ལྗོངས་ཁུལ་གཉིས་ཀྱིས་མཚོ་ནུབ་ཏུ་ལྗོངས་རྒྱུར་ཡོང་པའི་ཚ་རླབས་འཕྱུར་རུ་བཅུག

ཞོལ་མ།:མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པ་ཧཱ་ཡོན་ཧྲུའོ་ཡིས་གཟེངས་བསྟོད་ཁྱེར་ནས་ཕ་ཡུལ་དུ་ལོག

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235