མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ལྗོངས་ཁུལ་གཉིས་ཀྱིས་མཚོ་ནུབ་ཏུ་ལྗོངས་རྒྱུར་ཡོང་པའི་ཚ་རླབས་འཕྱུར་རུ་བཅུག

ཡོང་ཁུངས།:  སྤེལ་དུས།:2019-07-10  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

ཉེ་ཆར།མཚོ་ནུབ་ཁུལ་གྱི2019ལོའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགོ་རྩོམ་མཛད་སྒོ་སྟེ་ཚྭ་ཁ་ནམ་མཁའི་མེ་ལོང་ལྗོངས་ཁུལ་དང་པོའི་སྒོ་འབྱེད་མཛད་སྒོ་དང་།ཧ་ལེ་ཧ་ཐུའུ་ལྗོངས་ཁུལ་ནགས་ཚལ་ནམ་མཁའི་པར་ལེན་འགྲན་སྡུར་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་དེ་ཟི་ལིང་དུ་བསྡུས།ཁུལ་དཔོན་གཞོན་ཆན་གོ་ཆིན་ཁྱབ་བསྒྲགས་ཚོགས་འདུའི་སྟེང་ཞུགས།འོད་ཟེར་ཉིན་རེའི་ཚགས་པར་དང་དཔལ་འབྱོར་ཚགས་པར།ཀྲུང་དབྱང་མི་དམངས་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།མི་དམངས་དྲ་བ།མཚོ་སྔོན་ཉིན་རེའི་ཚགས་པར།མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྲུང་དབྱང་དང་ཞིང་ཆེན་རིམ་པ།ས་གནས་གསར་འགྱུར་སྨྱན་བྱད་ལས་ཁུངས18དང་།ཞིང་ཆེན་ནང་ཁུལ་གྱི་མིང་དུ་གྲགས་པའི་ཡུལ་སྐོར་ལས་དོན་ཁང་30ལྷག་ཁྱབ་བསྒྲགས་ཚོགས་འདུའི་སྟེང་ཞུགས།
རང་འགུལ་སྒོས་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་སྟེང་འདྲེས་པར་བྱེད་པ་དང་།རྒྱ་ཆེའི་རིག་གནས་ཡུལ་སྐོར་ལ་མོས་པ་རྣམས་ལ་རང་ཁུལ་གྱི་ཁྱད་དུ་འཕགས་པའི་མི་ཆོས་མཛེས་ལྗོངས་དང་རང་བྱུང་མཛེས་ཉམས་ངོམས་ཏེ།མེས་རྒྱལ་གྱི་ནོར་གཞོང་དང་མཚར་སྡུག་གི་ཚྭ་འདམ་གྱི་མིང་བྱང་མཐོར་འདེགས་སུ་གཏོང་ཆེད།རང་ཁུལ་གྱིས་ཟླ་བདུན་པའི་ཚེས་བརྒྱད་ནས་ཚེས་བཅུ་གཅིག་བར་དུ་དབུས་ལམ་རྫོང་ནས་རེ་རེ་བཞིན་ཧ་ལེ་ཧ་ཐུའུ་ལྗོངས་ཁུལ་ནགས་ཚལ་ནམ་མཁའི་པར་ལེན་འགྲན་སྡུར་དང་མཚོ་ནུབ་ཁུལ་གྱི2019ལོའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགོ་རྩོམ་མཛད་སྒོ་སྟེ་ཚྭ་ཁ་ནམ་མཁའི་མེ་ལོང་ལྗོངས་ཁུལ་དང་པོའི་སྒོ་འབྱེད་མཛད་སྒོ་སྤེལ་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན།རིག་གནས་དང་ཡུལ་སྐོར་མཉམ་བསྲེས་བྱས་པའི་མཛེས་པའི་འཚོ་བ་བརྗོད་གཞི་ཡིན་པའི་2019ལོའི་ཧ་ལེ་ཧ་ཐུའུ་ལྗོངས་ཁུལ་ནགས་ཚལ་ནམ་མཁའི་པར་ལེན་འགྲན་སྡུར་ནི་ཟླ་བདུན་པའི་ཚེས་བརྒྱད་ནས་འགོ་བརྩམས་ཏེ་ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན་མཇུག་སྒྲིལ་རྒྱུ་ཡིན་ལ།དུས་ཡུན་ཉིན་ང་གསུམ་ཡིན།འགྲན་སྡུར་ལ་ཆེད་ལས་ཚན་ཁག་དང་ལས་ཞོར་ཚན་ཁག་གཉིས་སུ་བཀར་ཡོད་དེ།བྱ་དགའ་ཐོབ་པའི་བརྩམས་ཆོས་དག་ནི་དྲ་ཚིགས་སོ་སོ་བརྒྱུད་ནས་དྲིལ་བསྒྲགས་རྒྱུ་རེད།དབུས་ལམ་རྫོང་གི་གནས་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ལ།དེའི་ནང་ཧ་ལེ་ཧ་ཐུའུ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ནང་དུ་ལྗོངས་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ས་ཚིགས་དང་ཤྭ་སེར་ཐང་།བྱེའུ་སྐད་ཁང་སོགས་ལྗོངས་ཁུལ་ཡོད་ལ།དེ་དག་ནི་རི་སྐྱེས་སྲོག་ཆགས་ལ་ལྟ་སའི་གནས་ལེགས་ཤོས་ཡིན།
ཀྲུང་གོའི་པར་ལེན་པའི་མཐུན་ཚོགས་ཀྱི་ཚོགས་མི་ཀུག་ཡུའུ་ཀྲིན་གྱིས་བཤད་རྒྱུར།ང་ལྗོངས་ཁུལ་འདིར་ཐེངས་དང་པོར་ཡོང་བ་ཡིན།ཡོང་བའི་རྗེས་སུ་ཧ་ཅང་སེམས་འགུལ་ཐེབས།དེའི་རྐྱེན་ནི་འདི་རུ་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཡོད་པ་མ་ཟད།དྭངས་ཤིང་གཙང་བའི་ཆུ་བོ་ཡོད།རྗེས་ཕྱོགས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་པར་ལེན་མཁན་དང་རིག་གནས་པ།ན་གཞོན་པ་དག་གནས་འདིར་ལྗོངས་རྒྱུ་ཡོང་བར་ཡིད་ཆེས་ཡོད་ཟེར།
མི་འགྱང་བར་སྒོ་འབྱེད་ལ་ཉེ་བའི་ཚྭ་ཁ་ཚྭ་མཚེའུ་ལྗོངས་རྒྱུ་ཁུལ་ནི་འཛུལ་སྒོའི་གཟུགས་བརྙན་འགྲེམ་སྟོན་དང་གནས་སྐོར་ཕྱོགས་བསྡུས་ཞབས་ཞུ།ཚྭ་ཁུའི་རིག་གནས་ལས་ཐོབ་པའི་མྱོང་ཚོར། བརླན་སའི་ལྟ་སྐོར་གྱི་གསར་གཏོད་རང་བཞིན་ལྡན་པའི་རིག་གནས་སོགས་བྱེད་ནུས་ལྔ་དང་ཉམས་ལེན་བྱེད་ས་བཅས་ལ་བགར་ཡོད་པ་དང་།  སྐབས་དེར་ལྗོངས་རྒྱུ་ཁུལ་གྱིས་རྔ་ནོག་ཐང་ཆེན་དང་ཚྭ་ཆུའི་གཡེང་ཁང་། སྐར་མར་ལྟ་སའི་སྒར་ས། གླུ་དབྱངས་དུས་ཆེན་སོགས་སྔ་གཞུག་ཏུ་སྒོ་འབྱེད་བྱས་ཏེ་བྱ་འགུལ་སྤེལ་རྒྱུ་རེད།
མཚོ་སྔོན་ཚྭ་ཁ་ཚྭ་མཚོ་ལྗོངས་རྒྱུ་ཁུལ་རིག་གནས་གནས་སྐོར་ཚད་ཡོད་ཀུང་ཟིའི་ལས་འཛིན་དཔོན་ཀྲང་ཅན་ཕེན་གྱིས་བཤད་རྒྱུར། ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན་ང་ཚོས་ལྗོངས་རྒྱུ་ཁུལ་གྱི་སྒོ་དངོས་སུ་ཕྱེ་རྒྱུ་ཡིན་ལ།ནང་འཛུལ་བྱང་བུ་གཅིག་ལ་སྒོར་ལྔ་བཅུ་ཡིན། ང་ཚོས་མཚོ་སྔོན་མི་དམངས་ལ་བཀའ་དྲིན་ཞུ་ཆེད། སྒོ་འབྱེད་མ་བྱས་པའི་ཟླ་ཕྱེད་སྔོན་ནས་བཟུང་མཚོ་སྔོན་གྱི་མི་ཞིག་ཡིན་ཕྱིན་བྱང་བུ་ཉོ་སྐབས་བརྒྱ་ཆའི་ལྔ་བཅུའི་རིན་གོང་མར་ཕབ་ཡོད་ཟེར།
བྱ་འགུལ་དང་འགྲན་སྡུར་རབ་དང་རིམ་པ་ལས་གཞན། རིག་གནས་གནས་སྐོར་དུས་ཆེན་སྐབས་སུ་ད་དུང་མཚོ་སྔོན་གྱི་མིའི་མཚོ་ནུབ་ལ་ལྟ་བྱས་པའི་གནས་སྐོར་འོས་སྦྱོར་བྱ་འགུལ་སྤེལ་རྒྱུ་ཡིན་འདུག་ཅིང་། ༢༠༡༩ལོའི་རིག་གནས་སྤེལ་རེས་བྱེད་པའི་བྱ་འགུལ་ལམ་འགྲུལ་བའི་ཡོངས་ཁོངས་གཙོ་བོར་བསྐྱོད་དེ་རིག་གནས་གནས་སྐོར་འོས་སྦྱོར་བྱ་འགུལ་སོགས་སྤེལ་རྒྱུ་རེད། ཟླ་བརྒྱད་པའི་ཚེས་གཅིག་ཉིན། ཀྲུང་དབྱང་དམངས་ཨུའི་རིག་གནས་གནས་སྐོར་སྡེ་ཚོགས་དང་དབུས་ལམ་རྫོང་རིག་གནས་གནས་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་ཟིས་མཉམ་དུ་སྒྲུབ་པའི་གསེར་མཚོ་ལྗོངས་རྒྱུ་ཁུལ་ཡང་དངོས་སུ་སྒོ་འབྱེད་བྱེད་རྒྱུ་རེད།

གོང་མ།:ཀྲང་ཞི་མེན་གྱིས་མང་ངེ་ཡི་བྱ་བར་རྟོག་ཞིབ་བྱས།

ཞོལ་མ།:ནག་འཇོམས་ངན་སེལ་གྱི་ཟིལ་ཤུགས་ཀྱིས་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ལ་སྲུང་སྐྱོབ་ཐོབ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235