མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཀྲང་ཞི་མེན་གྱིས་མང་ངེ་ཡི་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས།:  སྤེལ་དུས།:2019-07-12  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཟླ་བདུན་པའི་ཚེས་བདུན་ཉིན་ནས་ཚེས་དགུ་ཉིན་བར།མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་།ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བར་དམིགས་ནས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ངེ་གྲོང་ཁྱེར་དུ་རྟོག་ཞིབ་བྱས།

ཀྲང་ཞི་མེན་གྱིས་ཀྲུང་གོའི་རྡོ་སྣུམ་མཚོ་སྔོན་སྣུམ་ཞིང་ཀུང་ཟིའི་སྣུམ་ཞིང་ནུབ་མ་དང་མཚོ་སྔོན་ཁྲུང་ཨན་ཀུང་ཟི་རུ་སོང་ནས་ཁེ་ལས་ཀྱི་ཏང་འཛུགས་བྱ་བར་རྒྱུས་ལོན་བྱས་པ་དང་།ཡིག་ལུང་ལམ་དང་ཁུ་ནུ་ལམ་གཞིས་ཁུལ། འབྲོག་དམངས་གཞིས་གསར་དུ་འཚམས་འདྲི་བྱས་པ་མ་ཟད།མང་ངེ་སྲིད་འཛིན་ཨུ་ཡོན་ལྷན་ཁང་སློབ་འབྲིང་དུ་སོང་ནས་སློབ་ཁྲིད་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་།མང་ངེ་གྲོང་ཁྱེར་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་ཉེན་རྟོག་པ་དང་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་ཁྱིམ་ཚང་གི་དཔེ་ལེགས་ཅན་ཧི་ཐོ་ལ་འཚམས་འདྲི་བྱས་ལ།གཞི་རིམ་གྱི་བསམ་བློ་རིགས་གནས་དྲིལ་སྒྲོག་བྱེད་པའི་བྱ་བའི་ཐད་ནས་མང་ངེ་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་དང་བཞུགས་མོལ་བྱས།

རྟོག་ཞིབ་བྱེད་སྐབས།ཀྲང་ཞི་མེན་གྱིས་བསྟན་དོན།ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཉེ་ལམ་མང་ངེ་རུ་རྟོག་ཞིབ་བྱེད་སྐབས་བཏོན་པའི་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱེད་པ་དང་།མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་རྐྱེན་སྲོལ་བཀོལ་སྤྱོད་བཟང་བོ་བྱེད་པ།རིག་གནས་གནས་སྐོར་མཉམ་བསྲེས་ལ་དམ་འཛིན་བྱེད་པ།བཅོས་བསྒྱུར་བྱེད་པར་བརྟེན་ནས་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་ཆེར་གཏོང་བ།ཁྱད་ལྡན་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས། མཚོ་སྔོན་གྱི་ཆེས་རྩ་ཆེ་བའི་རྒྱུ་ནོར་ནི་སྙིང་སྟོབས་ཡིན་པས།དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ།དབྱངས་རྟ་གཙོ་བོ་དར་སྤེལ་གཏོང་བ། དྲང་ཕྱོགས་ཀྱི་ནུས་ཚད་བརྒྱུད་སྒྲོག་བྱེད་པ།དཔེ་མཚོན་གྱི་སྣེ་ཁྲིད་འབུར་དུ་ཐོན་པར་བྱེད་པ། བསམ་བློའི་སློབ་གསོ་ལ་ཤུགས་སྣོན་པ།ཚ་འདམ་གཞོང་གི་སྙིང་སྟོབས་དང་མཚོ་སྔོན་སྣུམ་ཞིང་གི་སྙིང་སྟོབས་སོགས་མཚོ་སྔོན་གསར་བའི་སྙིང་སྟོབས་ཀྱི་ཆེས་རྩ་ཆེ་བའི་ཐོན་ཁུངས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ།རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ཏང་ལ་དྲིན་གཟོ་བྱེད་པ་དང་ཏང་གི་བཀའ་ལ་ཉན་པ།ཏང་གི་རྗེས་སུ་འབྲངས་པར་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱེད་དགོས།སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང་འཛུགས་སྐྲུན་བྱེད་པ་དང་།ཁྱིམ་ཚང་དང་ཁྱིམ་ཚང་གོ་སློབ་གསོ། ཁྱིམ་སྲོལ་ལ་དོ་སྣང་བྱས་ནས།སྤྱི་ཚོགས་སྣང་ཚུལ་བཟང་བོ་བསྐྲུན་དགོས།བརྗོད་དོན་སློབ་གསོ་དང་བསམ་བློ་དྲིལ་སྒྲོག་འཐབ་ཕྱོགས་ཀྱི་ཤུགས་བཞི་སློབ་གསོ་ལག་ལེན་དང་ཟུང་འབྲེལ་བྱེད་པ།དྲང་བདེན་སྲུང་འཛིན་དང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ།གཞི་རིམ་གྱི་བསམ་བློ་དྲིལ་སྒྲོག་བྱ་བ་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཀྲང་ཞི་མེན་གྱིས་ད་དུང་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ།ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་ཕྲག་ཏུ་ལེན་པའི་ཁྲོད་མཚོ་སྔོན་གསར་བའི་སྙིང་སྟོབས་ཀྱི་མཐོ་གནས་འཛུགས་སྐྲུན་བྱེད་པ་ཁ་བྱང་དུ་བྱས་ནས།གྲོང་ཁྱེར་ཡོངས་ཀྱི་ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་ལས་དོན་སྡེ་ཁག།མང་ཚོགས་དང་ཏང་ཡོན་འཐུས་ཚབ་པར་ཏང་གི་སློབ་ཁྲིད་བྱས། །

གོང་མ།:ཚྭ་འདམ་གཞོང་དུ་སྐོར་ལམ་མཁའ་འགྲུལ་ཤར་གཏོང་བྱས།

ཞོལ་མ།:ལྗོངས་ཁུལ་གཉིས་ཀྱིས་མཚོ་ནུབ་ཏུ་ལྗོངས་རྒྱུར་ཡོང་པའི་ཚ་རླབས་འཕྱུར་རུ་བཅུག

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235