མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཚྭ་འདམ་གཞོང་དུ་སྐོར་ལམ་མཁའ་འགྲུལ་ཤར་གཏོང་བྱས།

ཡོང་ཁུངས།:  སྤེལ་དུས།:2019-07-12  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

གཏེར་ལེན་ཁ་དང་།ན་གོར་མོ།ཧྭ་ཐུའུ་འགག་སོགས་ས་གནས་གསུམ་གྱི་བར་ལ་གནམ་གྲུ་ཤར་གཏོང་བྱས་པ་དང་བསྟུན།་མཚོ་ནུབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་།མི་དམངས་ཀྱི་འགྲོ་འོང་ལ་སྟབས་བདེ་བསྐྲུན།གནམ་གྲུ་ཤར་གཏོང་བྱེད་པའི་ཉིན་དེར།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་རིམ་པའི་མགོ་ཁྲི་དང་།ས་གནས་གསུམ་གྱི་ཏང་སྲིད་མགོ་ཁྲིད།རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་པ།ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི།ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་འཐུས་མི།མཚོ་ནུབ་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་གྱི་སྔོན་ཐོན་མི་སྒེར།ཀུན་སྤྱོད་དཔེ་ལེགས་པ་བཅས་རྩ་འཛུགས་བྱས་ཏེ་གནམ་གྲུ་ལ་བསྡད་ནས་དངོས་སུ་ཉམས་ལེན་བྱས།མཚོ་ནུབ་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་གྱི་སྔོན་ཐོན་མི་སྒེར།ཧོང་ཐུའོ་ཡིས་བཤད་རྒྱུར།ས་གནས་གསུམ་གྱི་གནམ་གྲུ་དངོས་སུ་འཕུར་མགོ་བརྩམས་པ་འདིས་རྗེས་ཕྱོགས་ས་གནས་གསུམ་གྱི་ལས་བྱེད་མི་སྣ་གཞུང་དོན་སྒྲུབ་པ་དང་།ཡང་ན་གཉེན་ཉེ་་ལ་ཐུག་འཕྲད་བྱེད་པར་སྟབས་བདེ་བཟོས་ཡོད་ཟེར།  

གཏེར་ལེན་ཁ་ན་གོར་མོ་ཧྭ་ཐོའུ་འགག་བཅས་གནམ་གྲུ་ཐང་གསུམ་གྱི་ཐག་ཉེ་སྐྱེལ་འདྲེན་མཁའ་ལམ་གྱིས་མཁའ་དབྱིངས་ཀྱི་རྒྱལ་བོ350རྟགས་ཅན་བེད་སྤྱོད་བྱས་ཏེ།གཏེར་ལེན་ཁ་དང་ཧྭ་ཐོའུ་འགག་ན་གོར་མོ་བཅས་ས་ཁུལ་གསུམ་དུ་འཕུར་འགྲོ་ཚུར་འོང་བྱེད་ཀྱིན་ཡོད།ཉིན་རེར་གཏེར་ལེན་ཁ་ནས་ཧྭ་ཐོའུ་འགག་དང་དེ་ནས་ན་གོར་མོ་དང་གཏེར་ལེན་ཁ་བར་གྱི་འཁོར་བསྐྱོད་འགྲུལ་ལམ་ཐེངས་གཉིས་ཡོད་ལ།གཏེར་ལེན་ཁ་ནས་ཧྭ་ཐོའུ་འགག་ལ་འགྲོ་བར་དུས་ཚོད་གཅིག་དང་སྐར་མ་སུམ་ཅུའི་ཆོགཧྭ་ཐོའུ་འགག་ནས་ན་གོར་མོར་དུས་ཚོད་གཅིག་དང་སྐར་མ་བཅུ་དགོས་པ་དང་།ན་གགོར་མོ་ནས་གཏེར་ལེན་ཁ་བར་ལ་སྐར་མ་བཞི་བཅུ་ཞེ་ལྔ་དགོས།

འགྲུལ་བ་ཕུན་ཀྲན་ཧེའེ་ཡིས་བཤད་རྒྱུར།སྔོན་ཆད་ཧྭ་ཐོའུ་འགག་དུ་སོང་ན་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་བསྡད་ནས་འགྲོ་དགོས་ལ།ལམ་བར་དུ་ཧ་ལམ་དུས་ཚོད་དྲུག་དང་ཕྱེད་ཀ་ཙམ་འགོར་ཀྱིན་ཡོད་པ་མ་ཟད་ད་དུང་ལམ་བར་དུ་མི་འདུག་པ་རེད།ཟ་མ་ཟ་སའི་གནས་མེད་པས་ཧ་ཅང་སྟབས་བདེ་མ་རེད།ད་ལྟ་གནམ་གྲུ་ཤར་གཏོང་བྱས་པས་ཧ་ཅང་སྟབས་བདེ་རེད་ཟེར།འགྲུལ་བ་ཀྲང་ཡིན་ལོང་གིས་བཤད་རྒྱུར།གནམ་གྲུ་ཤར་གཏོང་བྱས་རྗེས་ང་ཚོ་གྲོང་མི་ཕལ་བ་དག་ལ་མཚོན་ན་དོན་བཟང་ཞིག་རེད།དུས་ཚོད་གཅིག་གི་ནང་ཐོན་ཐུབ་པ་མ་ཟད་ད་དུང་པ་སེ་རིན་གོང་ཡང་བདེ་མོ་ཡིན་པས་ཧ་ཅང་བཟང་གི་ཟེར།

རང་ཞིང་ལ་མཚོན་ན་ས་རྒྱ་ཆེ་ལ་མི་འབོར་ཉུང་བས་མཁའ་འགྲུལ་སྐྱེལ་འདྲེན་གྱིས་ས་གནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་དོན་སྙིང་གལ་ཆེན་ལྡན།མིག་སྔར།རང་ཞིང་གིས་ས་གནས་སོ་སོའི་མཁའ་འགྲུལ་ལམ་ཐིག་ཤར་གཏོང་མངོན་འགྱུར་བྱུང་ཡོད་མོད།ཡིན་ཡང་ཞིང་ཆེན་ཟི་ལིང་གི་ཡན་ལག་མཁའ་འགྲུལ་ལམ་ཐིག་ལ་ལ་ད་དུང་ལེགས་འགྲུབ་བྱུང་མེད་པས།མཚོ་སྔོན་གནམ་གྲུ་འབབ་ཐང་ཀུང་ཟི་ཡིས་མཚོ་ནུབ་ཀྱི་གཏེར་ལེན་ཁ་དང་ན་གོར་མོ།དཔའ་ཐུའུ་ཀི་གསུམ་གྱི་གནམ་གྲུ་འབབ་ཐང་བཅ་ས་ལ་ལམ་ཐག་ཐུང་བའི་མཁའ་འགྲུལ་སྐྱེལ་འདྲེན་གསར་སྤེལ་བྱེད་དགོས་པའི་བྱེད་ཐབས་བཏོན།

མཚོ་སྔོན་གནམ་གྲུ་འབབ་ཐང་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ་ལིས་ཏིག་ཅིན་གྱིས་བཤད་རྒྱུར།ཐེངས་འདིའི་མཁའ་ལམ་ལ་ཕར་འགྲོ་ཚུར་ཡོང་གི་ཕྱོགས་གཉིས་འཕུར་སྐྱོད་ཀྱི་ལམ་ཐིག་རྣམ་པ་སྤྱད་ཡོད་ལ།གནམ་གྲུ་འབབ་ཐང་གསུམ་གྱིས་ཉིན་རེར་ཕར་འགྲོ་ཚར་ཡོང་བྱས་ཆོག་པ་ཡིན་ལ།འདིས་རྒྱུན་པར་མང་ཚོགས་འགྲོ་འོང་གི་དུས་ཚོད15ཇེ་ཐུང་དུ་བཏང་ཡོད།པ་སེའི་རིན་གོང་ཡང་ལམ་ཐག་ལྟར་སྒོར200ནས400བར་ཡིན་ལ།རིན་གོང་ཆེས་བདེ་དུས་སྒོར80ཡིན།འདི་ནི་རྒྱལ་ནང་དུ་མཐོ་སྒང་གི་གནམ་གྲུ་འབབ་ཐང་དུ་ལག་བསྟར་བྱས་པ་ཐོག་མ་ཡིན་ལ།རང་ཞིང་གིས་རྒྱལ་ཡོངས་མཁའ་འགྲུལ་ལས་དོན་ཀྱི་འཕེལ་རྒྱས་ཁྲོད་བྱས་རྗེས་བཞག་པ་མཚོན།མཚོ་ནུབ་ཀྱི་གནམ་གྲུ་འབབ་ཐང་གསུམ་གྱིས་ཕར་འགྲོ་ཚར་འོང་གི་ཕྱོགས་གཉིས་འཕུར་སྐྱོད་ཀྱི་དཔེ་དབྱིབས་ནི་རྒྱལ་ཡོངས་ཀྱི་དམངས་སྐྱོད་མཁའ་འགྲུལ་ནང་གི་གསར་སྤེལ་ཐོག་མ་ཡིན་ལ།ནུབ་རྒྱུད་ས་ཁུལ་གྱི་ལམ་ཐག་ཐུང་བའི་མཁའ་འགྲུལ་སྐྱེལ་འདྲེན་མེད་པའི་ལོ་རྒྱུས་ལ་སྟོང་ཆ་བསྐངས་ཡོད་པས།མཚོ་སྔོན་མཁའ་འགྲུལ་ཀུང་ཟིའི་ལོ་རྒྱུས་སྟེང་དོན་སྙིང་གལ་ཆེན་ལྡན་ཟེར།

ཁུལ་ཨུའི་རྒྱུན་ཨུའམ་གཏེར་ལེན་ཁ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་སུན་ལེ་མིན་གྱིས་བཤད་རྒྱུར།གཏེར་ལེན་ཁ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་ཐག་ཉེའི་འཕུར་སྐྱོད་ལས་གཞིའི་འཁོར་སྐྱོད་དང་ཐད་འཕུར་ཀུང་ཟིའི་དོ་དམ་སྡེ་ཁག་གིས་སྲིད་ཇུས་སོ་སོ་དངོས་འབེབས་བྱེད་པར་རྒྱབ་སྐྱོར་བྱས་ཏེ་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་ལ་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱུང་དུ་འཇུག་རྒྱུ་ཡིན་ཟེར།

མཁའ་དབྱིངས་ཀྱི་རྒྱལ་བོ350ཅན་གྱི་གནམ་གྲུའི་བྱེད་ནུས་བདེ་འཇགས་དང་བརྟན་བརླིང་ཡིན་པ་དང་།འགྲུལ་བའི་མི་གྲངས་བཅུ་གཉིས་བུད་ཆོག་ལ།བར་ཐག་ཆུང་ངུ་ནང་འཕུར་འབབ་ཀྱི་ནུས་པ་ལྡན་པས།གནམ་གྲུ་འབབ་ཐང་ཆུང་བ་ནས་མཁའ་སྐྱོད་བྱེད་པར་ཧ་ཅང་འཚམ་པ་རེད།མཁའ་ལམ་འདི་ནི་རྒྱལ་ནང་གི་དམངས་སྤྱོད་མཁའ་འགྲུལ121པུའུ་ཡི་སྒྲིག་སྲོལ་ལྟར་འཁོར་སྐྱོད་བྱེད་པའི་མཁའ་འགྲུལ་ལས་གཞི་གཅིག་པུ་ཡིན་ཞིང་།ཆེས་གཟབ་ནན་གྱི་ཚད་གཞི་དང་བླང་བྱ་ལྟར།བདེ་འཇགས་ངང་འཁོར་སྐྱོད་བྱེད་པར་རྨང་གཞི་བརྟན་པོ་ཞིག་བཏིང་།

གཏེར་ལེན་ཁ་གྲོང་ཁྱེར་སྤྱི་བདེ་ཅུའུ་བདེ་སྲུང་རུ་ཆེན་གྱི་རུ་གཙོ་པའོ་ཧྲན་གྱིས་བཤད་རྒྱུར།གནམ་གྲུ་བརྟན་བརླིང་ངང་འཕུར་སྐྱོད་བྱས་པ་ཅུང་བཟང་པ་མ་ཟད།སྣང་བ་ཡང་བཟང་པས།རྗེས་ཕྱོགས་ང་ཚོ་ན་གོར་མོ་དང་མང་ནེར་འགྲོ་བའི་སྐབས་སུ་ཧ་ཅང་སྟབས་བདེ་རེད་ཟེར།

མཚོ་ནུབ་གནམ་གྲུ་འབབ་ཐེངས་གསུམ་པའི་ཐག་ཉེ་རིང་གི་སྐྱེལ་འདྲེན་ཤར་གཏོང་བྱས་པ་ནི།རང་ཁུལ་གྱི་དམངས་འཚོའི་བཅོས་བསྒྱུར་ལ་སྐུལ་འདེད་འཕེལ་རྒྱས་གཏོང་བ་དང་།མཚོ་ནུབ་ཀྱི་འགྲིམ་འགྲུལ་དྲ་བ་ཤར་གཏོང་བྱེ་ད་པ་དང་།མཚོ་ནུབ་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐུལ་འདེད་གང་ལེགས་ཐོབ་ཡོད།དེ་ཡིས་རང་ཁུལ་གྱི་དཔལ་འབྱོར།རིག་གནས།ཡུལ་སྐོར་བཅས་ལ་དགོས་པ་གལ་ཆེན་ཐོན་ཡོད།  

མང་ཨེ་གྲོང་ཁྱེར་གྱི་འགོ་གཙོ་གཞོན་པ་ཀྲང་ཡུག་ཆང་གིས་བཤད་དོན།ལས་གཞི་འདི་ཡིས་མཁའ་གཏོང་སྐྱེལ་འདྲེན་འཕེལ་རྒྱས་ཀྱི་གནད་དོན་ཐག་གིས་བཅད་པར་མ་ཟད།ཁུལ་ནང་ཁུལ་གྱི་གནམ་གྲུ་འབབ་ཐང་སོ་སོ་མངོན་འགྱུར་བྱས་ཤིང་། མཚོ་སྔོན་ནང་ཁུལ་དུ་གཞན་པའི་འགྲན་སེམས་གྲུ་འབབ་ཐང་ལ་ཉམས་མྱོང་དང་དཔྱད་གཞི་མཁོ་བྱས་ཟེར།

ན་གོར་མོ་གྲོང་ཁྱེར་གྱི་འགོ་གཙོ་གཞོན་པ།ཀྲོ་བུན་ཚེ་ཡིས་བཤད་དོན།མཁའ་གཏོང་ཤར་གཏོང་བྱས་པ་དེས་ཡུལ་སྐོར་གནས་བབས་ལེགས་པོ་ཞིག་མཁོ་འདོན་བྱས་པ་དང་།གཏེར་ལེན་ཁ་དང་།ན་གོར་མོ།ཧི་ཐུའུ་འགག་བཅས་ཀྱི་ས་གནསགསུམ་གྱི་དཔལ་འབྱོར།རིག་གནས།ཡུལ་སྐོར་བཅས་ལ་ནུས་པ་གང་ལེགས་ཐོན་ཟེར།

གོང་མ།:ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་དྲུག་པའི་ལྟ་ཞིབ་སྤྱི་བསྒྲགས།

ཞོལ་མ།:ཀྲང་ཞི་མེན་གྱིས་མང་ངེ་ཡི་བྱ་བར་རྟོག་ཞིབ་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235