མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཁུལ་ཡོངས་ཀྱི་སློབ་གསོའི་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས་པ།

ཡོང་ཁུངས།:  སྤེལ་དུས།:2019-07-19  རྩོམ་པ་པོ།:  རྩོམ་སྒྲིག་པ།:ཀླུ་རྒྱལ་དོན་འགྲུབ།    ཀློགས་གྲངས།:

     ཟླ7པའི་ཚེས17ཉིན།ཁུལ་ཡོངས་ཀྱི་སློབ་གསོ་བྱ་བའི་སྐུལ་སྤེལ་ཚོགས་འདུ་གཏེར་ལེན་ཁ་ནས་བསྡུས་པ་དང་། ཁུལ་དཔོན་གཞོན་པ་ལིས་ཅཱ་ཁྲེང་གྲོས་ཚོགས་སུ་ཞུགས།གྲོས་ཚོགས་ལས་ཁུལ་ཡོངས་ཀྱི་སློབ་གསོ་སྡེ་ཁག་གི་དབུལ་ཐར་མཁྲེགས་གཏོར་མཐོར་འདེགས་བྱ་བའི་གནས་ཚུལ་དང་མཚོ་ནུབ་ཁུལ་གྱི་འོས་འགན་སློབ་གསོའི་བྱ་བ།ཁུལ་ཡོངས་ཀྱི་རྫོང་ནང་ཁུལ་གྱི་འོས་འགན་སློབ་གསོ་འདྲ་མཉམ་འཕེལ་རྒྱས་ཀྱིས་རྒྱལ་ཁབ་ཀྱི་ཞིབ་བཤེར་དང་ལེན་བྱེད་པའི་བྱ་བའི་གནས་ཚུལ་ཁྱབ་སྒྲོག་བྱས་ཤིང་།རྗེས་ཕྱོགས་ཀྱི་བྱ་བ་བཀོད་སྒྲིག་བྱས།

    གྲོས་ཚོགས་ལས་བསྟན་དོན། ཁྱབ་སྒྲོག་གནས་ཚུལ་ལ་བལྟས་ན།བྱ་བ་ཁ་ཤས་ཤིག་སྐུལ་འདེད་བྱས་པ་མི་འདང་བ་དང་། དུས་ཐོག་ཏུ་གོ་རིམ་བཞིན་ཕྱིན་མེད་པ། བྱ་བའི་གྲུབ་འབྲས་ཀྱིས་ཡིད་མི་ཚིམས་པ།བྱ་བ་སྐོར་ཞིག་ཁ་ནས་བཤད་པ་ལས་ལག་ནས་བསྒྲུབ་མེད་པས།ས་ཁུལ་སོ་སོས་ནན་ཏན་གྱིས་སྤྱི་བསྡོམས་ཆ་ཚང་བ་བྱས་ནས།གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བྱ་བའི་འགན་འཁྲི་གཙོ་བོ་འབུར་དུ་ཐོན་པ་བྱེད་པ་དང་།དག་ཐེར་བྱ་བ་དམ་པོར་འཛིན་དགོས་པ་བསྟན།

     གྲོས་ཚོགས་ལས། ས་ཁུལ་སོ་སོས་དོན་དངོས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་འདེགས་བཏང་ནས།ནན་ཏན་གྱིས་ཀྲུང་དབྱང་དང་། ཞིང་ཆེན། ཁུལ་གྱི་སློབ་གསོ་དང་འབྲེལ་བའི་ཐག་གཅོད་བཀོད་སྒྲིག་ལག་བསྟར་བྱས་ཏེ།2019ལོའི་སློབ་གསོའི་ལས་རིགས་འཕེལ་རྒྱས་དམིགས་འབེན་གྱི་འགན་འཁྲི་ཁག་ཐེག་བྱ་དགོས།བསམ་བློའི་གཞུང་ལུགས་ཀྱི་བྱ་བ་དམ་པོར་བཟུང་ནས། རྒྱལ་བཤེར་བྱ་བ་ལེགས་པོར་བསུ་དགོས་པ་དང་།སློབ་མའི་སློབ་བཤོལ་བྱ་བ་དམ་པོར་འཛིན་པ།སློབ་གསོའི་ལས་གཞིའི་འཛུགས་སྐྲུན་དམ་པོར་འཛིན་པ།སློབ་གྲྭའི་བདེ་འཇགས་བརྟན་བརླིང་བྱ་བ་དམ་པོར་འཛིན་པ། སློབ་གསོའི་འཕེལ་རྒྱས་དམིགས་ཚད་དམ་པོར་བཟུང་ནས།སློབ་གསོའི་སྤུས་ཚད་དེ་སློབ་གསོའི་ལས་དོན་གྱི་ཚེ་སྲོག་ཏུ་བཟུང་བ་དང་། ཚད་ལྡན་གྱི་དཔུང་སྡེ་འཛུགས་སྐྲུན་བྱས་ནས།ཆེས་ལེགས་པོའི་སྒོ་ནས་སྤུས་ཚད་འཛིན་པ་དང་། ཆེས་གཟབ་ནན་གྱི་སྒོ་ནས་དོ་དམ་བཟུང་སྟེ། ཧུར་བརྩོན་གྱིས་སློབ་གསོའི་སྤུས་ཚད་ལ་ཐོལ་བརྒལ་གསར་བ་ཞིག་མངོན་འགྱུར་བྱེད་དགོས་པའི་རེ་བ་བཏོན།

གོང་མ།: མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོག་ཁུལ་གྱི་དབུལ་ཕོངས་མི་གྲངས་ཀྱི་ནད་ལྗིད་མོར་སྨན་བཅོས་བྱེད་པའི་ནད་རིགས་སྣ30ལ་འཕར་སྣོན་བྱས་ཡོད།

ཞོལ་མ།:ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་དྲུག་པའི་ལྟ་ཞིབ་སྤྱི་བསྒྲགས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235