མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོག་ཁུལ་གྱི་དབུལ་ཕོངས་མི་གྲངས་ཀྱི་ནད་ལྗིད་མོར་སྨན་བཅོས་བྱེད་པའི་ནད་རིགས་སྣ30ལ་འཕར་སྣོན་བྱས་ཡོད།

ཡོང་ཁུངས།:མཚོ་ནུབ་གསར་འགྱུར་དྲ་བ།  སྤེལ་དུས།:2019-07-24  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

     གསར་འགོད་པས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དུ་རྒྱུས་ལོན་བྱས་པ་ལྟར་ན།ཕྱོགས་བསྡུས་ཀྱི་སྨན་བཅོས་བཅོས་བསྒྱུར་ལས་དོན་ཁྲོད་དུ།སྔར་ཡོད་ཀྱི་ནད་ལྗིད་མོའི་ནད་རིགས་ཀྱི་ཆེད་དམིགས་རྣམ་གྲངས་ཀྱི་སྨན་བཅོས་ཀྱི་རྨང་གཞི་སྟེང་།རྒྱལ་ཁབ་ཀྱིས་ནད་རིགས་ཐད་ལ་གློ་གཅོང་དང་གྲིབ་སྐྱོན། གློ་རྒྱས།  ཨེ་ཙི་གཉན་ནད་སོགས་བསྣན་ཡོད།  མཚོ་སྔོན་ཞིང་ཆེན་གྱིས་མཆིན་པ་སྲ་འགྱུར་དང་མཆིན་ཚད། གྲུམ་བུ་སོགས་བསྣན་ཡོད། དེ་བས།མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོག་ཁུལ་གྱི་དབུལ་ཕོངས་མི་གྲངས་ཀྱི་ནད་ལྗིད་མོར་སྨན་བཅོས་བྱེད་པའི་ནད་རིགས་སྣ30ལ་འཕར་སྣོན་བྱས་ཡོད།

     མཚོ་སྔོན་ཞིང་ཆེན་གྱིས་ནད་རིགས་གསར་སྣོན་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ།  སྨན་ཁང་གཏན་ཁེལ་ཁ་སྣོན་བྱས་ཤིང།  ནད་བརྟག་སྨན་བཅོས་ཀྱི་དགོས་མཁོ་བསྐངས་ཡོད།  ཧུར་ཐག་སྒོས་ས་ཚིགས་གཅིག་ཏུ་བསྡོམས་རྩིས་རྒྱག་པར་སྐུལ་འདེད་བཏང་སྟེ།རོང་འབྲོག་ཁུལ་དུ་ཚགས་འཛུགས་བྱང་བཟོའི་དབུལ་ཕོངས་ནད་པས་རྫོང་ཐོག་དུ་སྨན་བཅོས་ཞག་སྡོད་བྱས་ཚེ་སྔོན་ན་སྨན་བཅོས་བྱས་ཏེ་རྗེས་ནས་སྨན་རིན་སྟེར་བ་ལག་ལེན་བྱེད་རྒྱུ་རེད།  སྨན་བཅོས་འགན་སྲུང་བརྒྱུད་སྒྲུབ་ལས་ཁུངས་ཀྱིས་གྲོས་མཐུན་གྱི་ཁ་དན་ལྟར་དུས་ཐོག་ཏུ་གཏན་ཁེལ་སྨན་བཅོས་ལས་ཁུངས་ལ་སྨན་རིན་སྟེར་དགོས།

     ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཁག་གིས་ཆེད་དམིགས་རྣམ་གྲངས་ཀྱི་སྨན་བཅོས་བྱ་བར་འགན་བཞེས་ཤིང་སྣེ་ཁྲིད་དེ།གཏན་ཁེལ་སྨན་ཁང་གསལ་བོ་ཡིན་ཞིང་འཐུས་ཚང་ཅན་གྱི་ནད་ཐོག་འགྲོ་ལམ་བཟོ་དགོས་ལ།སྨན་བཅོས་ཆེད་མཁས་པ་ཚན་ཁག་བཙུགས་ཏེ། འབྲེལ་ཡོད་ཀྱི་གསོ་སྦྱོང་དང་སྤུས་ཚད་ཚོད་འཛིན་བྱ་བར་རྩ་འཛུགས་བྱས་ནས་སྤེལ་བ་དང་།དམངས་སྲིད་སྡེ་ཁག་གིས་ཞིབ་བསྡུར་ནན་མོ་ཡིན་པའི་རོང་འབྲོག་ཁུལ་གྱི་དམིགས་གསལ་དབུལ་ཕོངས་ཡིན་པའི་མི་སྣ་དང་འཚོ་བའི་ཆེས་དམའ་བའི་འགན་སྲུང་བྱ་ཡུལ་གྱི་མང་ཐོ་དེ་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཁག་ལ་སྤྲོད་དགོས་ཤིང་།རྩ་འཛུགས་བྱས་ནས་དེའི་རིགས་ཀྱི་མི་སྣར་ཆེད་དམིགས་ཀྱི་རྣམ་གྲངས་སྨན་བཅོས་ཀྱི་བྱ་བ་ལེགས་པོར་སྒྲུབ་རྒྱུ་རེད།དབུལ་སྐྱོར་སྡེ་ཁག་གིས་དབུལ་ཕོངས་ཁྱིམ་ཚང་གི་ནད་ལྗིད་མོ་ཕོག་པའི་ནད་པ་དང་ཁྱིམ་ཚང་རོགས་སྐྱོར་ལ་ཤུགས་ཚད་ཆེ་རུ་བཏང་སྟེ།ཆེད་དམིགས་ཀྱི་རྣམ་གྲངས་སྨན་བཅོས་བྱ་བར་ལྟ་སྐུལ་དང་མཛུལ་སྟོན་ལ་ཤུགས་སྣོན་པ་དང།སྨན་བཅོས་འགན་སྲུང་སྡེ་ཁག་གིས་འབྲེལ་ཡོད་ཀྱི་སྨན་བཅོས་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ་རོང་འབྲོག་ཁུལ་གྱི་དབུལ་ཕོངས་མི་སྣ་སྨན་ཁང་དུ་ཞག་སྡོད་བྱེད་སྐབས་སྨན་རིན་དངོས་གནས་ཀྱི་རྩིས་ཞུ་དང་འཇལ་སྤྲོད་བསྡུར་ཚད90%བསླེབ་པར་ཁག་ཐེག་བྱ་དགོས།ད་དུང་དཀའ་ངལ་ཡོད་པ་ཅན་ལ། གནས་སྐབས་ཀྱི་རོགས་སྐྱོར་བྱས་ཏེ། གཞན་ཕན་རོགས་སྐྱོར་སོགས་ཀྱི་རྣམ་པ་སྤྱད་དེ་ཐག་གཅོད་བྱ་དགོས།

    རྒྱུས་ལོན་བྱས་པ་ལྟར་ན།  2019ལོར་ནད་རིགས་དང་ནད་པ་གསར་བ་ཁ་སྣོན་བྱས་པ་དེས།  མཚོ་སྔོན་ཞིང་ཆེན་གྱིས་མྱུར་དུ་རྒྱུས་ལོན་བྱས་པ་དང།ཡིག་ཚགས་བཟོས་ཤིང་དོ་དམ་བྱས་ཏེ།སྣང་ཚུལ་གཅིག་བྱུང་ན་ཡིག་ཚགས་གཅིག་བཟོས་པ་དང་། སྨན་བཅོས་གཅིག་བྱས་ན་མང་ཐོ་གཅིག་གསུབ་དགོས།

གོང་མ།:པྭ་ཐུར་མཚོ་སྔོན་དུ་བརྟག་དཔྱད་གནང་བར་ཕེབས་པ།

ཞོལ་མ།:ཁུལ་ཡོངས་ཀྱི་སློབ་གསོའི་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235