མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

པྭ་ཐུར་མཚོ་སྔོན་དུ་བརྟག་དཔྱད་གནང་བར་ཕེབས་པ།

ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2019-07-24  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

    ཟླ7པའི་ཚེས15ཉིན་ནས་ཚེས19ཉིན་བར།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ།རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རིན་པྭ་ཐུར་མཚོ་སྔོན་དུ་བརྟག་དཔྱད་གནང་བར་ཕེབས་པ་རེད།ཁོང་གིས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཤིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་རྣམ་བཤད་གལ་ཆེན་སྐོར་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།དུས་རབས་གསར་པའི་མི་རིགས་ལས་དོན་ཡག་པོ་སྒྲུབ་པ།སྤྱི་ཚོགས་ཡོངས་སུ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་གྱུར་གྱི་འདུ་ཤེས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མི་རིགས་གཅིག་ཀྱང་ཆད་མི་རུང་བ་དང་།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་མི་རིགས་གཅིག་ཀྱང་ཆད་མི་རུངཞེས་གསུངས་པ་རེད།

    ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་པཱ་ཐུར་དང་ས་གནས་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆར་པར་མ་འཛེམས་པར་པན་ཡན་སྡེ་བ་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ལས་དོན་ལ་གཟིགས་ཞིབ་གནང་བའི་མི་སེམས་འགུལ་བའི་རྣམ་པ་བསྐྱར་དྲན་བྱས་པ་དང་གནད་འཁེལ་དབུལ་སྐྱོར་གནས་སྤོའི་དཔེ་མཚོན་སྡེ་བའི་གནས་ཚུལ་གྱི་དཔེ་མཚོན་རང་བཞིན་གྱི་བྱ་བར་ཕྱིར་དྲན་བྱས་པ་རེད།ཁོང་གིས་བསྟན་དོན། ཏང་ཀྲུང་དབྱང་གིས་མི་རིགས་ས་ཁུལ་འཕེལ་རྒྱས་སུ་འགྲོ་བའི་རྒྱབ་སྐྱོར་བྱེད་པའི་ཁྱད་པར་ཅན་གྱི་ས་ཁོངས་རང་བཞིན་གྱི་སྲིད་ཇུས་སྔར་བས་དོན་ཐོག་ཏུ་འཁྱོལ་དགོས་ཏེ།མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ས་ཁུལ་དུ་སྤྱི་ཡོངས་ནས་སྔོན་ལ་དབུལ་ཐར་དང་སྔོན་ལ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་དགོས་པར་བསྟན།

    ཞོན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་གི་ས་ལར་དམངས་སྲོལ་རིག་གནས་དབུལ་སྐྱོར་ཐོན་ལས་གླིང་དུ།པྭ་ཐུར་གྱིས་ཞིབ་ཅིང་ཕྲ་བའི་སྒོ་ནས་ས་གནས་དེ་གའི་ཐུག་པ་འཕེལ་རྒྱས་སོགས་ཐོན་ལས་ཀྱིས་མང་ཚོགས་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་བསྒྱུར་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས།  ཧུའུ་ཀྲུའུ་ཝའེ་ཡོན་གྲོང་རྡལ་ཞའོ་ཀྲུང་སྡེ་བ་རུ།པཱ་ཐུར་ཧོར་རིགས་མང་ཚོགས་ཀྱི་ཁྱིམ་དུ་གཏིང་ཟབ་དུ་ཕྱིན་ཏེ།རང་ཉིད་ཀྱིས་རིག་གནས་ཡུལ་སྐོར་སོགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱིས་བསྩལ་བའི་བདེ་སྐྱིད་འཚོ་བར་རོལ་མྱོང་བྱས།ཁོང་གིས་བསྟན་དོན། ཞོན་ཧྭ་དང་ཧུའུ་ཀྲུའུ་ནི་མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ས་ཁུལ་ཞིག་ཡིན་པའི་ཆ་ནས།  འཕེལ་རྒྱས་ལ་འཕྲད་པའི་དམིགས་བསལ་གྱི་དཀའ་ཁག་གང་མང་མཆིས།  ཏང་གི་མི་རིགས་སྲིད་ཇུས་ཀྱི་གཟི་འོད་ཁྲོད།དུས་ཚོད་ཐུང་ངུ་ནང་དུ་རྒྱལ་ཡོངས་ཀྱི་སྔོན་ན་སྤྱི་ཡོངས་ཀྱི་དབུལ་ཐར་མངོན་འགྱུར་བྱེད་པ་ལས་སླ་བ་ཞིག་མིན།སྔར་ལས་ལྷག་པའི་སྒོ་ནས་འབྲེལ་ཡོད་ཀྱི་ཉམས་མྱོང་སྤྱི་སྡོམ་དང་དྲིལ་སྒྲོགཁྱབ་སྤེལ་བཅས་ལེགས་པོར་བྱས་ཤིང་།རིགས་སོ་སོའི་མང་ཚོགས་སྣེ་ཁྲིད་དེ་སྔར་བས་བདེ་ཞིང་སྐྱིད་པའི་འཚོ་བ་རོལ་དགོས་ཟེར།

     ཞོན་ཧྭ་དང་ཧུའུ་ཀྲུའུ་སོགས་ཀྱི་ས་གནས་སུ་པཱ་ཐུར་གྱིས་མི་རིགས་མཐུན་སྒྲིལ་གོང་འཕེལ་གསར་སྐྲུན་ལས་དོན་དང་།གྲངས་ཉུང་མི་རིགས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ།ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་གསར་འཛུགས་ལས་དོན་ལ་གཏིང་ཟབ་དང་རྒྱུན་འཁྱོངས་བྱས་པ་དངམི་རིགས་སོ་སོའི་མང་ཚོགས་རྣམས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ངངཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་དང་འདྲ  བློ་སེམས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུརབྱེད་ཆེད་སྔར་བས་བྱས་རྗེས་གང་མང་གཞག་དགོས་ཞེས་ནན་གྱིས་བསྟན་པ་མ་ཟད། ཁོང་གིས་ད་དུང་པཎ་ཆེན་སྐུ་ཕྲེང་བཅུ་པའི་སྐུ་ཡུལ་ལ་ཕྱིན་ཞིང་ས་གནས་དེ་གའི་དགོན་སྡེའི་དགེ་འདུན་པ་དང་དགོན་སྡེའི་བཅའ་སྡོད་ལས་བྱེད་པར་བཞུགས་མོལ་གནང་སྟེ་པཎ་ཆེན་སྐུ་ཕྲེང་བཅུ་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པོ་ཡོང་རྒྱུར་མཛུབ་ཁྲིད་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད།

    མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་།ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ།མཚོ་ཤར་གྲོང་ཨུའི་ཧྲུའུ་ཅི་ཉིའོ་ཁྲེན་ཡུན་དང་།ཞིང་ཆེན་འགོ་གཙོ་གཞོན་པ་དབྱང་ཧྥེང་ཁྲུན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མ་ཧའེ་ཡཱིན་བཅས་ཀྱིས་བརྟག་དཔྱད་ལ་ཕེབས་རོགས་ཞུས་པ་རེད།།

གོང་མ།:ཆུ་ཁོལ་གནའ་བོའི་བང་སོའི་ཚོགས་ཀྱི་གནའ་རྫས་རྟོག་ཞིབ་དང་རིག་དངོས་སྲུང་སྐྱོང་ཞིབ་འཇུག་རྟེན་གཞི་མཉམ་སྐྲུན་བྱེད་པའི་སྐུལ་འདེད་ཚོགས་འདུ་བསྡུས།

ཞོལ་མ།: མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོག་ཁུལ་གྱི་དབུལ་ཕོངས་མི་གྲངས་ཀྱི་ནད་ལྗིད་མོར་སྨན་བཅོས་བྱེད་པའི་ནད་རིགས་སྣ30ལ་འཕར་སྣོན་བྱས་ཡོད།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235