མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཆུ་ཁོལ་གནའ་བོའི་བང་སོའི་ཚོགས་ཀྱི་གནའ་རྫས་རྟོག་ཞིབ་དང་རིག་དངོས་སྲུང་སྐྱོང་ཞིབ་འཇུག་རྟེན་གཞི་མཉམ་སྐྲུན་བྱེད་པའི་སྐུལ་འདེད་ཚོགས་འདུ་བསྡུས།

ཡོང་ཁུངས།:མཚོ་ནུབ་གསར་འགྱུར་དྲ་བ།  སྤེལ་དུས།:2019-07-26  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

    ཟླ7པའི་ཚེས22ཉིན།ཆུ་ཁོལ་གནའ་བོའི་བང་སོའི་ཚོགས་ཀྱི་གནའ་རྫས་རྟོག་ཞིབ་དང་རིག་དངོས་སྲུང་སྐྱོང་ཞིབ་འཇུག་རྟེན་གཞི་མཉམ་སྐྲུན་བྱེད་པའི་སྐུལ་འདེད་ཚོགས་འདུ་ཟི་ལིང་དུ་བསྡུས།  ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཀྲང་ཀྲང་ཞི་མེང་དང་ཧྲེང་ཀྲང་གཞོན་པ་དབྱང་ཧྥེང་ཁྲུང་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང།

    ཀྲང་ཞི་མེང་གིས་བསྟན་དོན།ཟླ6པའི་ཚེས24ཉིན། རྒྱལ་ཁབ་གནའ་རྫས་ཅུའུ་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་།ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱི་པེ་ཅིང་རྒྱལ་ས་དངོས་མང་བཤམས་སྟོན་ཁང་དུ་མཉམ་དུཆུ་ཁོལ་གནའ་བོའི་བང་སོའི་ཚོགས་ཀྱི་གནའ་རྫས་རྟོག་ཞིབ་དང་རིག་དངོས་སྲུང་སྐྱོང་ཞིབ་འཇུག་རྟེན་གཞི་མཉམ་སྐྲུན་བྱེད་པའི་སྒྲོམ་གཞིའི་གྲོས་མཐུནགན་རྒྱ་བཞག་སྟེ། རང་ཞིང་ཆེན་གྱི་གནའ་རྫས་དང་རིག་དངོས་སྲུང་སྐྱོང་ཞིབ་འཇུག་རྟེན་གཞི་འཛུགས་སྐྲུན་བྱ་བའི་ལེའུ་གསར་བ་ཁ་ཕྱེས་པ་རེད།འདི་ནི་རྒྱལ་ཁབ་རིམ་པའི་ས་གནས་ཀྱི་གནའ་རྫས་རྟོག་ཞིབ་དང་རིག་དངོས་སྲུང་སྐྱོང་ལ་རྒྱབ་སྐྱོར་བྱེད་པའི་གསར་གཏོད་ཀྱི་བྱ་སྤྱོད་ཅིག་ཡིན་པ་དང་།ང་ཚོས་ཅིས་ཀྱང་སྔར་ལས་ལྷག་པའི་སྒོ་ནས་གོ་སྐབས་རྩ་ཆེན་འདི་གཅེས་སྤྲས་བྱས་ཏེ།སྔོན་དུ་བསྐྱོད་པ་དང།སྔར་ལས་ལྷག་པའི་སྒོ་ནས་མཐུན་སྦྱོར་བརྗེ་རེས་ཀྱི་མཉམ་ལས་གཏིང་ཟབ་དུ་བཏང་སྟེ། རང་ཞིང་ཆེན་གྱིས་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་ལས་དོན་སྐས་རིམ་གསར་བ་ཞིག་ཏུ་བསྙེག་པར་སྐུལ་འདེད་བྱ་དགོས།

     ཀྲང་ཞི་མེང་གིས་ནན་གྱིས་བསྟན་དོན།  ཆུ་ཁོལ་གནའ་བོའི་བང་སོའི་ཚོགས་ཀྱི་གནའ་རྫས་རྟོག་ཞིབ་དང་རིག་དངོས་སྲུང་སྐྱོང་ཞིབ་འཇུག་རྟེན་གཞིའི་བྱ་བ་མཉམ་སྐྲུན་བྱེད་པ་འགོ་བཙུགས་པ་དེས།ང་ཚོས་རིག་དངོས་སྲུང་སྐྱོང་བྱ་བའི་ཆུ་ཚད་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་རེད།  སྤྱི་ཁྱབ་ཞི་ཅིན་ཕིང་གི་རིག་དངོས་སྲུང་སྐྱོང་བྱ་བར་རྣམ་བཤད་གལ་ཆེན་གནང་བར་གཏིང་ཟབ་པའི་སྒོ་ནས་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་བྱས་ཤིང་།བསམ་བློ་ཤེས་རྟོགས་མཐོ་རུ་བཏང་སྟེ། བློ་བསྡུས་དགེ་འཚོལ་དང་སྒྲིག་གཞི་རྐྱེན་སྲོལ་གསར་གཏོད་བྱས་པ་དང་།འགོ་འཛུགས་མཐོ་བའི་འཆར་གཞི་འགོད་པ་དང་ཚད་གཞི་མཐོ་བའི་འཛུགས་སྐྲུན་བྱས་ཏེ།  རང་འགུལ་གྱིས་སྐུལ་འདེད་བྱེད་པར་ཧུར་བརྩོན་བྱས་པ་དང།ཆུ་ཁོལ་གནའ་བོའི་བང་སོ་རང་ཞིང་ཆེན་དང་ཐ་ན་ནུབ་རྒྱུད་ས་ཁུལ་གྱི་རིག་དངོས་སྲུང་སྐྱོང་རྟེན་གཞི་མཚོན་རྟགས་ཅན་གྱི་བཟོ་སྐྲུན་དུ་འཛུགས་སྐྲུན་བྱེད་པར་བརྩོན་ལེན་བྱ་དགོས།

     དབྱང་ཧྥེང་ཁྲུང་གིས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་ནས།ཚན་རིག་གི་འཆར་གཞི་གཏན་འཁེལ་བྱེད་པ་དང་།དམིགས་བསལ་གྱི་གོ་སྐབས་དམ་འཛིན་བྱས་ཏེ། མཉམ་སྐྲུན་གྱི་སྟོབས་ཤུགས་གྲུབ་ནས་བདེ་འཇགས་ཀྱི་མཐའ་ཐིག་བརྟན་སྲུང་བྱ་དགོས།   རིག་གནས་ཡིད་ཆེས་དང་རིག་གནས་རང་རྟོགས་ཀྱི་མཐོ་ཚད་བཟུང་ནས།ནུས་ཤུགས་ཡོད་རྒུས་ཞིབ་འཇུག་རྟེན་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།  ཞིང་ཆེན་ཡོངས་ཀྱི་རིག་གནས་དར་ཞིང་རྒྱས་པར་སྐུལ་སྤེལ་བྱས་ཏེ།མགྱོགས་མྱུར་ངང་རིག་གནས་ཞིང་ཆེན་མིང་གྲགས་འཛུགས་སྐྲུན་ལ་ཧུར་ཐག་གིས་བྱས་རྗེས་གཞག་དགོས་པའི་བླང་བྱ་བཏོན།

    མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ།ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་སོ་སོས་གཏམ་བཤད་གནང་བ་རེད།

གོང་མ།:ཁུལ་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།

ཞོལ་མ།:པྭ་ཐུར་མཚོ་སྔོན་དུ་བརྟག་དཔྱད་གནང་བར་ཕེབས་པ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235