མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཁུལ་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།

ཡོང་ཁུངས།:  སྤེལ་དུས།:2019-08-07  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

ཉེ་ཆར།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི།ཁུལ་དཔོན་མེང་ཧའེ་ཡིས་མགོ་འཛིན་མཛད་ནས་ཁུལ་སྲིད་གཞུང་ཏང་ཙུའུ་གྲོས་ཚོགས་ཐེངས15བ་བསྡུས་ཏེ།ཉེ་སྔོན་གྱི་གྲོས་ཚོགས་དང་ཡིག་ཆ་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་མ་ཟད།དངོས་འབེབ་དང་དོན་འཁྱོལ་བྱེད་པའི་བྱེད་ཐབས་ལ་ཞིབ་མཇུག་བྱས།

གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་མགོ་ཁྲིད་ཚན་ཆུང་གི་རྒྱ་བསྐྱེད་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་གལ་ཆེན།དེ་མིན་ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་ཚན་ཆུང་བཅོ་བརྒྱད་པའི་ཕྱིར་སློག་གནད་དོན་ལ་དག་ཐེར་བྱེད་པའི་བྱ་བའི་བརྡ་སྦྱོར་གྱི་ནང་དོན་གཙོར་བོར་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན།གཏིང་ཟབ་པའི་སྒོ་ནས་འབྲེལ་བ་དྲུག་དང་ཕྱོགས་ལྔའི་བྱ་བ་སོགས་བྱེ་བྲག་གི་བླང་བྱར་ལག་ལེན་དང་ཡང་དག་པའི་སྒོ་ནས་དམ་འཛིན་བྱས་ཏེ།ཞིང་ཆེན་ཏང་ཨུ་ཡི་ཐབས་ཇུས་བཀོད་སྒྲིག་ཕྲ་ཞིང་ཞིབ་པའི་སྒོ་ནས་སྲིད་གཞུང་གི་རིགས་སོ་སོའི་བྱ་བའི་ཁྲོད་དོན་འཁྱོལ་དང་།ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་དངོས་འབེབ་ལེགས་པོ་བྱེད་དགོས་ཤིང་།རང་ཁུལ་གྱི་གསར་དར་གྲོང་བརྡལ་ཅན་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་།གནད་སའི་འཛུགས་སྐྲུན།བཟོ་སྐྲུན་གྱི་ལས་གཞི་སོགས་མངོན་གསལ་བྱས་ཏེ།ཁྱད་ཆོས་ལྡན་པའི་མཚོ་ནུབ་ཀྱི་གསར་དར་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་ལ་སེམས་ཤུགས་འདོན་དགོས་ལ།མཚོ་ནུབ་ཀྱི་གསར་དར་གྲོང་རྡལ་ཅན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་གཏོད་བྱེད་དགོས།མིག་སྔར་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བ་གཏིང་ཟབ་སྒོས་སྤེལ་བའི་སྒང་འདིར།ཁུངས་སྣེ་རྩད་ཞིབ་བྱེད་པ་ཇེ་དྲག་དང་།གཅིག་བསྡུས་སྒོས་མང་ཚོགས་ཀྱི་ཕྱིར་སློག་པའི་ནག་འབྲེལ་ངན་འབྲེལ་གྱི་གྱོད་དོན་སྐོར་ཞིག་ཕར་རྒོལ་བྱེད་དགོས་ལ།  ཆེད་དོན་དག་ཐེར་དང་ཁུངས་གཏོགས་བཅོས་སྐྱོང་།ཁྲིམས་བསྟར་བཅོས་སྐྱོང་།འགོ་ཁུངས་བཅོས་སྐྱོང་བཅས་ཟུང་འབྲེལ་བྱས་ཏེ།ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་ལེན་དགོས་ཤིང་།ཆེད་དོན་འཐབ་རྩོད་ཀྱི་ལྟ་སྐུལ་ནུས་པར་ཤུགས་བསྣན་ནས།གནད་དོན་རྩད་མ་ཆོད་ན་ལྷོད་ཡངས་སུ་མི་གཏོང་བ་དང་།དག་ཐེར་ལེགས་པོར་མ་བྱས་ནས་ལྷོད་ཡངས་སུ་མི་གཏོང་བ།མང་ཚོགས་ཀྱི་བློ་ཡིད་མ་ཚིམ་ན་ལྷོད་ཡངས་སུ་མི་གཏོང་བ་བྱེད་དགོས་པ་བསྟན།

གྲོས་ཚོགས་སྟེང་ཀྲུང་དབྱང་གི་ཁེ་ལས་ཀྱིས་མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་བྱེད་པའི་གྲོས་ཚོགས་དང་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་རྒྱུན་རྣམ་ཅན་དུ་གཏོང་བར་དྲན་སྐུལ་དང་ཁ་ཆད་ལམ་ལུགས།ཐོག་མའི་མདུན་མ་མི་བརྗེད་པར་འགན་འཁྲི་དང་དུ་ལེན་ཞེས་པའི་བརྗོད་དོན་སློབ་གསོའི་ཁྲོད་ཏང་ཙུའུ་ཧྲུའུ་ཅི་དང་ཏང་ཀྲི་པུའུ་ཡི་འགན་འཁྲི་དངོས་འཛིན་བྱེད་པའི་སྐོར་གྱི་བརྡ་སྦྱོར་གྱི་དགོངས་དོན་གྱི་ནང་དོན་བརྒྱུད་སྒྲོག་བྱས།གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན།ཀྲུང་དབྱང་གི་ཁེ་ལས་དང་སྦྲེལ་མཐུད་བྱས་ཏེ།རིགས་སོ་སོའི་རྗེས་མཐུད་བྱ་བ་ལེགས་པོར་སྒྲུབ་དགོས་ཤིང་།ཚོང་འགུག་དངུལ་འདྲེན་གྱི་དམིགས་བསལ་སྲིད་ཇུས་དངོས་འབེབ་བྱས་ཏེ།ཀྲུང་དབྱང་གི་ཁེ་ལས་ཀྱིས་མཚོ་ནུབ་ནས་དངུལ་གཏོང་ལས་སྐྲུན་དང་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་ནས།ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་ནུབ་ཀྱི་དབུལ་སྐྱོར་མཁྲེགས་གཏོར་སྲ་བརྟན་བྱ་བར་སྐུལ་འདེད་གྱི་ནུས་པ་ཆེན་པོ་འདོན་ཆེད།ནན་ཏན་གྱིས་སློབ་སྦྱོང་བྱས་ཏེ་དབུལ་སྐྱོར་མཁྲེགས་གཏོར་རྒྱུན་རྣམ་ཅན་ལ་དྲན་སྐུལ་དང་ཁ་ཆད་ལམ་ལུགས་གསར་དུ་བཏོན།གཙོ་བོ་ཁ་ཆད་གྲོས་མོལ་བྱེད་སྟངས་ཀྱི་རྣམ་པ་བདུན་ཁུང་དུ་ཆུད་པ་བྱས་ཏེ།ཁྱོན་ཡོངས་ནས་དབུལ་སྐྱོར་མཁྲེགས་གཏོར་ཕན་འབྲས་སྲ་བརྟན་དུ་གཏང་དགོས་ཤིང་།ཐོག་མའི་མདུན་མ་མི་བརྗེད་པར་འགན་འཁྲི་དང་དུ་ལེན་པའི་བརྗོད་དོན་སློབ་གསོའི་བྱ་འགུལ་སྤེལ་བའི་ཁྲོད།སློབ་སྦྱོང་གི་རྣམ་འགྱུར་བཟང་བོ་དང་།བྱ་བ་དང་སློབ་སྦྱོང་གི་འབྲེལ་བ་ལེགས་པོར་སྤེལ་ཏེ།གནད་དོན་སེལ་བ་དང་བྱ་བའི་བྱེད་སྟངས་ཀྱི་ཐབས་ལམ་བཅོས་སྒྱུར་བྱས་ཐོགམཚོ་ནུབ་མགྱོགས་མྱུར་སྒོས་འཕེལ་རྒྱས་འབྱུང་བར་བློ་གྲོས་ཀྱི་ནུས་ཤུགས་འདོན་དགོས་པ་བསྟན།  

གོང་མ།:ཐེམ་ཆེན་རྫོང་གི་དྲུག་པའི་ཀླུ་རོལ་རིག་གནས་སྒྱུ་རྩལ་དུས་ཆེན་དང་སྐབས་ཐོག་མའི་སེ་ལྡན་བོད་ལུག་ནོར་ནག་འོས་སྦྱོར་ཚོགས་འདུ་ཐེམ་ཆེན་རི་ཁུལ་བྱེས་བགྲོད་འགྲན་བསྡུར་གྱི་འགོ་རྩོམ་མཛད་སྒོ་བསྡུས།

ཞོལ་མ།:ཆུ་ཁོལ་གནའ་བོའི་བང་སོའི་ཚོགས་ཀྱི་གནའ་རྫས་རྟོག་ཞིབ་དང་རིག་དངོས་སྲུང་སྐྱོང་ཞིབ་འཇུག་རྟེན་གཞི་མཉམ་སྐྲུན་བྱེད་པའི་སྐུལ་འདེད་ཚོགས་འདུ་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235