མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཐེམ་ཆེན་རྫོང་གི་དྲུག་པའི་ཀླུ་རོལ་རིག་གནས་སྒྱུ་རྩལ་དུས་ཆེན་དང་སྐབས་ཐོག་མའི་སེ་ལྡན་བོད་ལུག་ནོར་ནག་འོས་སྦྱོར་ཚོགས་འདུ་ཐེམ་ཆེན་རི་ཁུལ་བྱེས་བགྲོད་འགྲན་བསྡུར་གྱི་འགོ་རྩོམ་མཛད་སྒོ་བསྡུས།

ཡོང་ཁུངས།:  སྤེལ་དུས།:2019-08-07  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མོ་འཛིན།    ཀློགས་གྲངས།:

ཟླ8པའི་ཐེམ་ཆེན་རྩྭ་ཐང་ནི་སྔོ་ལྗང་གི་ཞིང་ཁམས་སུ་སྣང་ལ།རི་མོ་མཁན་གྱི་པིར་རྩལ་ལས་འཁྲུངས་པ་ལྟ་བུའི་ཡུལ་ལྗོངས་ཀྱི་དུས་ཚིགས་འདིར།རིགས་སོ་སོའི་སྤུན་ཟླ་རྣམས་པག་ཆུ་འགྲམ་ངོགས་སུ་ལྷན་འཛོམས་བྱུང་ཞིང་།ཐེམ་ཆེན་རྩྭ་ཐང་དུ་དུས་སྟོན་ལ་རོལ་ཏེ།མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར་བདུན་ཅུ་འཁོར་བ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པརརྟེན་འབྲེལ་ཞུ་བ་བསྡོངས་ནས།ཐེམ་ཆེན་རྫོང་གི་དྲུག་པའི་ཀླུ་རོལ་རིག་གནས་སྒྱུ་རྩལ་དུས་ཆེན་དང་སྐབས་ཐོག་མའི་སེ་ལྡན་བོད་ལུག་ནོར་ནག་འོས་སྦྱོར་ཚོགས་འདུ།ཐེམ་ཆེན་རི་ཁུལ་བྱེས་བགྲོད་འགྲན་བསྡུར་བྱ་འགུལ་གྱི་འགོ་རྩོམ་མཛད་སྒོ་གཟབ་རྒྱས་ངང་སྤེལ།མཛད་སྒོའི་སྟེང་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧྲིན་ཡོན་ཚེ་དང་ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཀྲང་ཡྰ་པང་།ཞིང་ཆེན་ཞིང་ཕྱུགས་ཚན་རྩལ་གླིང་གི་གླིང་གཙོ་གཞོན་པ་ལིག་ཧྲུའུ་ཅའེ།ཐེམ་ཆེན་རྫོང་ཨུའི་ཧྲུའུ་ཨུ་མ་ཞོས་ཐའེ་སོགས་འགོ་ཁྲིད་བློ་མཐུན་རྣམས་འགོ་རྩོམ་མཛད་སྒོར་ཞུགས།

གཞན་གཟུགས།ཟླ8པའི་ཚེས6ཉིན་གྱི་སྔ་དྲོར།ཐེམ་ཆེན་རྫོང་གི་རིག་གནས་གནས་སྐོར་དུས་ཆེན་གྱི་འགོ་རྩོམ་མཛད་སྒོ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་བརྩམས་ཤིང་།གཟི་བརྗིད་ཀྱི་རྒྱལ་གླུའི་ཁྲོད་ཚོགས་རའི་ཡུལ་དངོས་ཧྲིལ་པོ་གུས་འདུད་ཀྱི་མིག་ཟུང་གིས་བརྩེ་ཞིང་།ལྷབ་ལྷུབ་ཏུ་གཡོ་བའི་རྒྱལ་དར་ནི་སྔོ་ལྗང་གི་རྩྭ་ཐང་མཁའ་དབྱིངས་སུ་ལྷེམ་མེར་གཡོ།རྒྱུས་ལོན་པ་ལྟར་ན།ཐེམ་ཆེན་རྫོང་གི་དྲུག་པའི་ཀླུ་རོལ་རིག་གནས་སྒྱུ་རྩལ་དུས་ཆེན་ནི་བཟང་ཤན་ཆེས་ལེགས་པའི་རིག་གནས་གནས་སྐོར་དུས་ཆེན་མིང་གྲགས་ཅན་ཞིག་དང་མང་ཚོགས་འཚོ་བའི་ཁྲོད་སྒྱུ་རྩལ་གྱི་གསོལ་སྟོན་ཆེན་མོ་ཞིག་ཡིན།ཐེངས་འདིའི་རིག་གནས་སྒྱུ་རྩལ་དུས་ཆེན་གྱིས་སྲིད་གཞུང་གིས་སྣེ་ཁྲིད་གཙོ་བོ་བྱེད་པ་དང་།སྤྱི་ཚོགས་ཡོངས་ནང་དུ་ཞུགས་པ།རྫོང་ཡོངས་མཉམ་འབྲེལ་བྱེད་པ།མང་ཚོགས་ལ་ཕན་ཁེ་བསྐྲུན་པའི་རྩ་དོན་གཞིར་བཟུང་ནས།ཐེམ་ཆེན་རྫོང་གི་རིག་གནས་ལོ་རྒྱུས་ཀྱི་འཕར་རྩ་ཕྱོགས་ཡོངས་ནས་འགྲེམ་སྤེལ་བྱེད་པ་དང་།མཐོ་སྒང་གི་སྐྱེ་ཁམས་གནས་སྐོར་ཀྱི་འགུག་ཤུགས་མངོན་པ།བོད་ཀྱི་དམངས་ཁྲོད་རིག་གནས་དར་སྤེལ་དང་མང་ཚོགས་ཀྱི་སྣ་མང་རིག་གནས་བྱ་འགུལ་ལ་གསོན་ཤུགས་བསྣོན་རྒྱུ་དམིགས་འབེན་དུ་བཟུང་ཡོད།

ཉེ་བའི་ལོ་འགའི་ཚུན་ལ།ཐེམ་ཆེན་རྫོང་གིས་དུས་དང་རྣམ་པ་ཀུན་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་པ་མཛུ་སྟོན་དུ་བཟུང་ནས།ནན་ཏན་སྒོས་འཕེལ་རྒྱས་གསར་བའི་འདུ་ཤེས་ལག་ལེན་དུ་བཏབ་པ་དང་།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལྔ་བཞིའི་འཐབ་ཇུས་དང་།སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལྟར།མཚོ་ནུབ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མངའ་ཁོངས་ཡོངས་ཀྱི་གནས་སྐོར་དང་མཚོ་ནུབ་གནས་སྐོར་གྱི་འཐབ་ཇུས་དངོས་འབེབས་དོན་འཁྱོལ་བྱས་ཤིང་།རིག་གནས་གནས་སྐོར་གྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་ནི་རྫོང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་བྱེད་ས་གསར་བ་རུ་བཞག་ཏེ།ཅི་ནུས་ཀྱིས་མཐོ་སྒང་གི་རང་བྱུང་ལྗོང་རྣམ་དང་རི་འཛེགས་གནས་སྐོར།བོད་བརྒྱུད་ནང་བསྟན་རིག་གནས་གནས་སྐོར།དམངས་སྲོལ་ཡུལ་སྲོལ་ཉམས་རོལ་གནས་སྐོར་སོགས་ཀྱི་ཁྱད་ལྡན་གནས་སྐོར་སྙན་གྲགས་བཞེངས་བསྐྲུན་བྱས་པར།རིག་གནས་གནས་སྐོར་ཐོན་ལས་ཕྱོགས་ནས་འཕེལ་རྒྱས་ཀྱི་གནས་བབ་ལེགས་པོ་མངོན།

མཛད་སྒོའི་སྟེང་།ཐེམ་ཆེན་རྫོང་གི་གྲོང་རྡལ་གསུམ་དང་ཞང་བདུན་གྱི་འབྲོག་པ་མང་ཚོགས་ཀྱི་འཐུས་མིས་གྲུབ་པའི་རྟ་རྒྱུག་རུ་ཁག་གིས་འབད་འཐབ་ཀྱི་ལོ་ངོ་བདུན་ཅུ།མཚར་སྡུག་གི་དུས་རབས་གསར་བ་ཞེས་པའི་ཡོལ་བྱང་མཐོ་རུ་བསྒྲེངས་ནས།དུས་རབས་གསར་བའི་རྩྭ་ཐང་འབྲོག་དམངས་ཀྱི་བསམ་བློའི་སྙིང་སྟོབས་མངོན་པར་བྱས་ལ།རྩྭ་ཐང་གི་བུ་བུ་མོས་བདེ་སྐྱིད་འཚོ་བར་བརྩོན་པའི་ཡར་སེམས་དང་མ་འོངས་ཕུགས་འདུན་ལ་བཅངས་པའི་སྙིང་སྟོབས་མངོན་པར་མཚོན།ཐེངས་འདིའི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་དུས་ཡུན་ནི་ཉིན་གསུམ་ཡིན་ལ།དུས་ཆེན་སྐབས་སུ་བོད་ཀྱི་དམངས་ཁྲོད་བྱ་འགུལ་རབ་དང་རིམ་པ་ལས་ལ་གཞས་དང་མདའ་རྩེད།ས་འགྱོགས།ཐག་འཐེན།རྟ་རྒྱུག་འགྲན་སྡུར།སྐོར་བྲོ་འགྲན་སྡུར་སོགས་ཡོད་ཅིང་།གཞན་ད་དུང་རི་ཁུལ་བྱེ་བགྲོད་འགྲན་སྡུར་དང་།ཟས་མཆོག་གཡོས་སྦྱོར་འགྲན་སྡུར་སོགས་ཀྱི་འོས་སྦྱོར་སྟེགས་བུ་མང་པོ་བསྐྲུན་ཡོད།

འགོ་རྩོམ་མཛད་སྒོ་བདེ་སྐྱིད་ཀྱི་ཁྱིམ་གཞིསཞེས་པའི་གླུ་བྲོ་ཁྲོད་འགོ་བརྩམས།ཐེམ་ཆེན་རྫོང་ལྷ་མཚོའི་འབྱུང་ཡུལ་གླུ་གར་ཚོགས་པ་དང་ས་གནས་སོ་སོ་ནས་ཕེབས་པའི་གླུ་བ་གླུ་མ་རྣམས་ཀྱི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་བརྩམས་ཆོས་ཀྱིས་ལས་བྱེད་མང་ཚོགས་ལ་མིག་དབང་གི་གསོལ་སྟོན་གྱ་ནོམ་པ་སྦྱིན།  

གོང་མ།:ཐིན་ཅཱ་ཚའེ་ཡིས་ལིན་ཧུའུ་དང་མང་ནའེ་ཡི་བྱ་བར་རྟོག་ཞིབ་བྱས།

ཞོལ་མ།:ཁུལ་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235