མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཐིན་ཅཱ་ཚའེ་ཡིས་ལིན་ཧུའུ་དང་མང་ནའེ་ཡི་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས།:  སྤེལ་དུས།:2019-08-09  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅཱ་ཚའེ་ཡིས་ལིན་ཧུའུ་དང་མང་ནའེ་ཡི་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས།ཁུལ་ཨུའི་ཧྲུའུ་ཅི་བུན་གི་ཏུང་སོགས་མགོ་ཁྲིད་ཀྱིས་རྟོག་ཞིབ་བྱེད་རོགས་བྱས།

རྟོག་ཞིབ་སྐབས་སུ།ཐིན་ཅཱ་ཚའེ་ཡིས་ལིན་ཧུའུ་དང་མང་ནའེ་ཡི་གཞི་རིམ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་བྱེད་མི་སྣར་འཚམས་འདྲི་བྱས་པར་མ་ཟད།ད་དུང་ཁོ་ཚོ་དང་མཉམ་དུ་དུས་རབས་གསར་བའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་བྱ་བ་ཅི་ལྟར་སྒྲུབ་དགོས་པའི་སྐོར་ནས་ཞིབ་འཇུག་བྱས།

ཐིན་ཅཱ་ཚའེ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བར་དམིགས་བཙུགས་ནས་ནན་གྱིས་བསྟན་དོན།སྐོར་ཞིབ་ལས་དོན་ནི་ཏང་ཨུས་གནད་དོན་རྙེད་པར་བྱེད་པ་དང་ལེགས་སྒྲིག་ལ་སྐུལ་འདེད་གཏོང་པ།ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་བཅས་ཀྱི་བྱེད་ཕྱོགས་གལ་ཆེན་ཞིག་ཡིན་ལ། སྐོར་ཞིབ་བྱེད་ཡུལ་དུ་གཏོགས་པའི་ས་ཁུལ་གྱི་ཏང་རྩ་འཛུགས་ཀྱིས་ཧུར་བརྩོན་ཆེན་པོས་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་དོན་ལ་གཞོགས་འདེགས་བྱས་ཏེ།གནད་དོན་མ་ནོར་བའི་སྒོ་ནས་རྙེད་པར་བྱེད་པ་དང་གནད་དོན་གྱི་འབྱུང་རྩ་གཙང་བཤེར་བྱེད་པ།ལེགས་སྒྲིག་དམ་པོར་འཛིན་པ། དངོས་འབེབས་ལ་ཤུགས་སྣོན་པ་བཅས་ལ་འབད་དེ། ཆབ་སྲིད་ཀྱི་ཉམས་སད་ཐེག་ཐུབ་མིན་དེ་ནི་ཆབ་སྲིད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་པ་དང་ཆབ་སྲིད་ཀྱི་ནུས་པ་མཐོར་འདེགས་གཏོང་པ།ཆབ་སྲིད་སྐྱེ་ཁམས་དག་གཙང་ཅན་དུ་འཕེལ་བར་བྱེད་པ་བཅས་ཀྱི་དངོས་ཡོད་ཕན་འབྲས་ཡིན་ཟེར།

ཐིན་ཅཱ་ཚའེ་ཡིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་ཁུངས་ཀྱིས་གཞི་རིམ་འཛུགས་སྐྲུན་ལོའི་བྱ་འགུལ་དམ་འཛིན་བྱས་ཏེ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཡོངས་ཀྱི་གསོ་སྦྱོང་བླང་བྱ་ལག་བསྟར་དང་ལས་རིགས་སློབ་སྦྱོང་དང་ལག་ལེན་དངོས་ཟུང་འབྲེལ་སྒོས་ཕྱོགས་ཡོངས་ནས་གཞི་རིམ་ལས་བྱེད་པའི་ནུས་ཤུགས་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས།སྟོབས་ཤུགས་གཅིག་བསྡུ་དང་གསར་སྐྲུན་ནང་རྐྱེན་བྱ་བ་ལེགས་པོར་སྒྲུབ་ཏེ་རྫོང་རིམ་པ་དང་པོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གཙོ་ཤུགས་བྱས་ནས་མངགས་སྡོད་དང་མཁར་གྲོང་།རྫོང་ཐད་གཏོགས་ལས་ཁུངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་བྱ་བའི་སྟོབས་ཤུགས་གཅིག་བསྡུ་བྱས་ཏེ་རྫོང་དང་ཞིང་རིམ་པའི་སྒྲིག་སྲུང་དང་ཁྲིམས་བསྟར་ལྟ་སྐུལ་དོ་དམ་གཅིག་བསྡུས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས།ལྟ་སྐུལ་དོ་དམ་བྱ་བ་གནད་དུ་འཁེལ་བ་དང་འགན་འཁྲི་ལག་བསྟར་བྱ་བ་གནད་དུ་འཁེལ་བ།ལས་བྱེད་མི་སྣའི་འགན་འཁྲི་དང་དུ་ལེན་པའི་སྙིང་སྟོབས་ལ་སྐུལ་མ་བྱས་ཏེ་ལས་དོན་ལས་སྐྲུན་གྱི་མཁའ་དབུགས་ལེགས་པོ་བཞེངས་སྐྲུན་བྱེད་དགོས་པའི་བླང་བྱ་བཏོན།

གོང་མ།:ན་གོར་མོ་ནས་མཱ་ལའེ་ཞི་ཡཱ་དང་སི་རི་ལན་ཁ་བར་གྱི“རྒྱལ་སྤྱིའི་སྐམ་མཚོ་ཉོ་ཚོང་བགྲོད་ལམ་གསར་བ”ལྕགས་ལམ་དང་མཚོ་ཐོག་མཉམ་འབྲེལ་སྐྱེལ་འདྲེན་འཁོར་ཐེངས་དང་པོ་ཤར་གཏོང་བྱས།

ཞོལ་མ།:ཐེམ་ཆེན་རྫོང་གི་དྲུག་པའི་ཀླུ་རོལ་རིག་གནས་སྒྱུ་རྩལ་དུས་ཆེན་དང་སྐབས་ཐོག་མའི་སེ་ལྡན་བོད་ལུག་ནོར་ནག་འོས་སྦྱོར་ཚོགས་འདུ་ཐེམ་ཆེན་རི་ཁུལ་བྱེས་བགྲོད་འགྲན་བསྡུར་གྱི་འགོ་རྩོམ་མཛད་སྒོ་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235