མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ན་གོར་མོ་ནས་མཱ་ལའེ་ཞི་ཡཱ་དང་སི་རི་ལན་ཁ་བར་གྱི“རྒྱལ་སྤྱིའི་སྐམ་མཚོ་ཉོ་ཚོང་བགྲོད་ལམ་གསར་བ”ལྕགས་ལམ་དང་མཚོ་ཐོག་མཉམ་འབྲེལ་སྐྱེལ་འདྲེན་འཁོར་ཐེངས་དང་པོ་ཤར་གཏོང་བྱས།

ཡོང་ཁུངས།:མཚོ་ནུབ་ཁྱབ་བསྒྲགས།  སྤེལ་དུས།:2019-08-14  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

  ཟླ8པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་དུ་མཱ་ལའེ་ཞི་ཡཱ་ཡི་པཱ་ཧྲེན་གྲུ་ཁ་དང་སི་རི་ལན་ཁ་ཡི་ཁུ་ལུང་ཕཱོ་གྲུ་ཁ་བར་གྱི་རྒྱལ་སྤྱིའི་སྐམ་མཚོ་ཉོ་ཚོང་བགྲོད་ལམ་གསར་བ་སྟེ་ལྕགས་ལམ་དང་མཚོ་ཐོག་མཉམ་འབྲེལ་སྐྱེལ་འདྲེན་འཁོར་ཐེངས་དང་པོ་ཤར་གཏོང་བྱས།  ཞིང་ཆེན་ཡོངས་ཀྱི་ཁྱད་འཕགས་ཐོན་རྫས་སྔར་ལས་མང་པོ་ཞིག་མཚོ་སྔོན་ནས་ཕྱིར་འདྲེན་བྱས་ཏེ་འཛམ་གླིང་དུ་སྐྱེལ་ཆེད།  མཚོ་སྔོན་གྱི་ཚོང་ཟོག་ཕྱིར་སྐྱེལ་བའིརྒྱལ་སྤྱིའི་བགྲོད་ལམ་གསར་བ་བསྐྲུན་པ་རེད།  

  ཐེངས་འདིའི་མེ་འཁོར་དུ་ཚོང་ཟོག་གཙོ་བོ་ནི་ཁིལ་ཅཱ་རྫས་ཏུན500དངPVCཏུན52བླུགས་ཡོད།འདི་ནི་རྒྱལ་ཡོངས་ཀྱི་ལུད་རྫས་ཕྱིར་འདྲེན་སྒོ་ཁྲལ་ཁྱོན་ཡོངས་ནས་སྒོ་ཕྱེས་རྗེས།མཚོ་སྔོན་ཞིང་ཆེན་གྱི་ཁིལ་ཅཱ་རྫས་ཐོན་རྫས་ཐེངས་དང་པོར་མཱ་ལའེ་ཞི་ཡཱ་རུ་ཕྱིར་འདྲེན་བྱས།ཚྭ་མཚོ་འཁོར་སྐྱོད་དཔལ་འབྱོར་གསར་སྤེལ་གྱི་ཐོན་རྫས་ཕྱིར་འདྲེན་གྱི་རྒྱ་ཁྱོན་དང་རྣམ་གྲངས་མུ་མཐུད་དུ་རྒྱ་ཇེ་ཆེར་བཏང་བ་རེད།  རྒྱལ་སྤྱིའི་ཚོང་ར་རུ་བདག་བཟུང་ཐོབ་ཆ་མུ་མཐུད་དུ་ཇེ་མཐོར་སོང་བ་མཚོན་ཐུབ་པ་དང་།མཚོ་སྔོན་ཞིང་ཆེན་ཁེ་ལས་ཀྱིས་རྒྱལ་སྤྱིའི་ཚོང་ར་རུ་འགྲན་རྩོད་བྱེད་པའི་སྟོབས་ཤུགས་ཇེ་དྲག་ཏུ་བཏང་ཡོད།

  ཉེ་བའི་ལོ་འགའི་ནང་དུ།ཞིང་ཆེན་ཚོང་དོན་ཐིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་གི་བླང་བྱ་ནན་ཏན་སྒོས་དོན་ཐོག་ཏུ་འཁྱོལ་ནས།རྒྱུད་གཅིག་ལམ་གཅིགའཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྣེ་ཁྲིད་དུ་བཟུང་སྟེ།མགྱོགས་མྱུར་ངང་མཚོ་སྔོན་གྱིས་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་གོམ་སྟབས་ལ་སྐུལ་འདེད་གཏོང་པ་དང་།སྔ་གཞུག་ཏུ་ཀྲུང་གོ་དང་ཡོ་རོབ་གླིང་གི་མེ་འཁོར།རྒྱལ་སྤྱི་སྐམ་མཚོ་ཉོ་ཚོང་བགྲོད་ལམ་གསར་བའི་ལྕགས་ལམ་དང་མཚོ་ཐོག་གི་མཉམ་འབྲེལ་སྐྱེལ་འདྲེན་མེ་འཁོར་བཅས་ཤར་གཏོང་བྱས།རིགས་གཉིས་ཀྱི་མེ་འཁོར་རྒྱུན་རྣམ་ཅན་གྱིས་འཁོར་སྐྱོད་བྱེད་པ་མངོན་འགྱུར་བྱུང།ཐེངས་འདིའི་མེ་འཁོར་ནི་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཆན་ཀྲོའུ་གྲུ་ཁར་བརྒྱུད་ཅིང་།མཚོ་སྔོན་ཞིང་ཆེན་དང་ཨེ་ཤ་ཡའི་ཤར་ལྷོའི་རྒྱལ་ཁབ་བར་གྱི་ཉོ་ཚོང་ཤར་བགྲོད་ཀྱི་ཟམ་པ་གསར་བ་བཙུགས་ཡོད།

  ཞིང་ཆེན་ཚོང་དོན་ཐིན་གྱིས་ཧུར་ཐག་སྒོསརྒྱལ་སྤྱིའི་སྐམ་མཚོ་ཉོ་ཚོང་གི་བགྲོད་ལམ་གསར་པཡི་དོ་དམ་གཉེར་སྐྱོང་ལས་སྟེགས་དང་ཆ་འཕྲིན་མཉམ་སྦྲེལ་བརྗེ་རེས།ཉོ་ཚོང་སྟབས་བདེ་ཅན་སོགས་ཐད་ཀྱི་ལས་ཀར་མུ་མཐུད་དུ་སྐུལ་འདེད་བཏང་ནས། ས་ཁོངས་མཉམ་འབྲེལ་གྱིས་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱུང་བ་དང་།སྐམ་མཚོ་ཉོ་ཚོང་གི་བགྲོད་ལམ་གསར་པ་ལྕགས་ལམ་དང་མཚོ་ཐོག་གི་མཉམ་འབྲེལ་སྐྱེལ་འདྲེན་མེ་འཁོར་རྒྱུན་རྣམ་ཅན་དུ་བསྐྱོད་པར་སྐུལ་འདེད་བྱ་རྒྱུ་རེད།

གོང་མ།:གཏེར་ལེན་ཁ་ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་སྤྱོད་མགོ་བརྩམས།

ཞོལ་མ།:ཐིན་ཅཱ་ཚའེ་ཡིས་ལིན་ཧུའུ་དང་མང་ནའེ་ཡི་བྱ་བར་རྟོག་ཞིབ་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235