མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

གཏེར་ལེན་ཁ་ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་སྤྱོད་མགོ་བརྩམས།

ཡོང་ཁུངས།:མཚོ་ནུབ་ཁྱབ་བསྒྲགས།  སྤེལ་དུས།:2019-08-14  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

      ཟླ8པའི་ཚེས11ཉིན་གཏེར་ལེན་ཁ་གྲོང་ཁྱེར་ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་དངོས་སུ་སྤྱོད་མགོ་བརྩམས་པ་རེད།གཏེར་ལེན་ཁ་གྲོང་ཁྱེར་ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་ནི་གཏེར་ལེན་ཁ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་འགྲོ་བར་གཞིར་བཟུང་སྟེ་གསར་ཏུ་བཙུགས་པའི་ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་ཕྱོགས་བསྡུས་ཅན་ཞིག་ཡིན།ཡུལ་སྐོར་བ་སྣེ་ལེན་ངལ་གསོ་དང་ས་ཁོངས་འགྲེམས་སྟོན། ཕྱོགས་བསྡུས་ཀྱི་ཞབས་ཞུ།ཡུལ་སྐོར་སྤྲོ་གསེང་དང་ཚོང་གཉེར།མཛེས་ལྗོངས་ཁུལ་གྱི་པ་སེ་བཙོང་ས།ཁུལ་ནང་གི་ཡུལ་སྐོར་ཁེ་ལས་འགྲེམས་སྟོན། ཞུ་གཏུག་དང་ཡུལ་སྐོར་བསྡུ་འགྲེམ་སོགས་ཀྱི་ཞབས་ཞུའི་བྱེད་ནུས་ཆེན་མོ་བརྒྱད་ལྡན་ཡོད།ཞབས་ཞུ་ལྟེ་གནས་གྱི་སྤྱོད་མགོ་བརྩམས་པས་གཏེར་ལེན་ཁ་གྲོང་ཁྱེར་ཡུལ་སྐོར་རྨང་གཞིའི་སྒྲིག་ཆས་སྔར་བས་འཐུས་ཚང་དུ་བཏང་ཞིང་།  ཡུལ་སྐོར་དང་ཉོ་སྒྲུབ། རོལ་རྩེད། བཟའ་བཏུང་།མགྲོན་ཁང་།  འགྲིམ་འགྲུལ་སོགས་ཀྱི་ཡུལ་སྐོར་གྱི་སྦྲེལ་ཐག་འཐུས་ཚང་དུ་བཏང་ཡོད།ཕྱོགས་ཡོངས་ནས་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ཞབས་ཞུ་དེང་རབས་ཅན་དང་ཚད་གཞི་ཅན།ཚན་རིག་ཅན་གྱི་ཆུ་ཚད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད་པ་དང་། རིག་གནས་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་རེད།

    ཞབས་ཞུ་ལྟེ་གནས་བྱེད་སྒོའི་སྤྱི་གཉེར་བ་ཧོའུ་ཡོན་ཡུན་གྱིས་བཤད་རྒྱུར།གཏེར་ལེན་ཁ་གྲོང་ཁྱེར་ཡུལ་སྐོར་ཞབས་ཞུ་ལྟེ་གནས་ཀྱིས་ཁྱད་ཆོས་ལྡན་པའི་བཟའ་བཏུང་དང་ཡུལ་སྐོར་ཚོང་ཟོགསྤྲོ་གསེང་རོལ་རྩེད་སོགས་ཀྱི་ཞབས་ཞུ་རྣམ་གྲངས་གཙོ་བོ་ཡིན་པ་དང་།ཡུལ་སྐོར་ལྟ་སྐོར་རམ་འདེགས་ཡིན་པའི་ཡུལ་སྐོར་བ་བསྡུ་འགྲེམ་བྱེད་པའི་ཞབས་ཞུ་དོ་དམ་ལྟ་སྐོར་ལྟེ་གནས་ཤིག་བཙུགས་ཏེ།  ཡུལ་སྐོར་ཞབས་ཞུའི་ལས་རིགས་ཆུང་ཞིང་ཁ་ཐོར་ཡིན་ལ།ཡུལ་སྐོར་ཆེད་ལས་ཀྱི་ཞབས་ཞུ་ཁོངས་གཏོགས་ཆད་པའི་རྣམ་པ་བསྒྱུར་ནས།ཡུལ་སྐོར་ཐོན་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ནུས་ཤུགས་གལ་ཆེན་ཞིག་ཏུ་བསྐྲུན་རྒྱུ་ཡིན།

གོང་མ།:《ཡིད་དབང་འཕྲོག་པའི་ཀྲུང་གོའི་གྲོང་ཁྱེར》ཞེས་པའི་ཁག་གསུམ་པའི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་འཁྲབ་ཁྲིད་ཚོགས་པ་རང་ཁུལ་ལ་རྟོག་ཞིབ་ཏུ་སླེབས།

ཞོལ་མ།:ན་གོར་མོ་ནས་མཱ་ལའེ་ཞི་ཡཱ་དང་སི་རི་ལན་ཁ་བར་གྱི“རྒྱལ་སྤྱིའི་སྐམ་མཚོ་ཉོ་ཚོང་བགྲོད་ལམ་གསར་བ”ལྕགས་ལམ་དང་མཚོ་ཐོག་མཉམ་འབྲེལ་སྐྱེལ་འདྲེན་འཁོར་ཐེངས་དང་པོ་ཤར་གཏོང་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235