མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

《ཡིད་དབང་འཕྲོག་པའི་ཀྲུང་གོའི་གྲོང་ཁྱེར》ཞེས་པའི་ཁག་གསུམ་པའི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་འཁྲབ་ཁྲིད་ཚོགས་པ་རང་ཁུལ་ལ་རྟོག་ཞིབ་ཏུ་སླེབས།

ཡོང་ཁུངས།:མཚོ་ནུབ་གསར་འགྱུར་དྲ་བ།  སྤེལ་དུས།:2019-08-16  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

    ཟླ8པའི་ཚེས14ཉིན། ཡིད་དབང་འཕྲོག་པའི་ཀྲུང་གོའི་གྲོང་ཁྱེརཞེས་པའི་ཀྲུང་དབྱང་གི་འཁྲབ་ཁྲིད་ཚོགས་པས་རང་ཁུལ་དུ་ཉིན་བཞི་ལ་རྟོག་ཞིབ་བྱས་པའི་རྗེས་སུ།མཚོ་ནུབ་ཀྱི་བཅོས་བསྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་དེར་ཕྱོགས་ཡོངས་དང་རིམ་པ་སྣ་མང་སྒོ་ནས་ཇི་ལྟར་འགྲེམས་སྟོན་དང་དྲིལ་སྒྲོག་ལེགས་པོ་བྱེད་པའི་ཐད་ལ་རང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་དང་མཉམ་དུ་གཏིང་ཟབ་ངང་བཞུགས་མོལ་བགྲོ་གླེང་བྱས།

བཞུགས་མོལ་ཚོགས་འདུའི་སྟེང་དུ།ཀྲུང་དབྱང་འཁྲབ་ཁྲིད་ཚོགས་པས་ཐེངས་འདིའི་རྟོག་ཞིབ་བྱེད་པའི་དམིགས་ཡུལ་དང་ལེ་ཚན་གྱི་ནང་དོན།རྣམ་པ། ཚད་མཐུན། ཕབ་བཟོའི་བླང་བྱ་སོགས་ངོ་སྤྲོད་བྱས་པ་མ་ཟད།བརྙན་ལེན་བྱ་བ་ལེགས་པོ་ཞིག་བསྒྲུབ་པའི་བྱེ་བྲག་གི་བླང་བྱའང་བཏོན། ད་དུང་ལེ་ཚན་སྡེ་ཁག་གིས་རང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་དང་རིག་གནས་དང་ལུས་རྩལ།ཡུལ་སྐོར་སོགས་ཀྱི་ཕྱོགས་ནས་བརྗེ་རེས་གང་མང་བྱས།ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་སོགས་སྡེ་ཁག་གི་ལས་འགན་ལ་ཟུང་འབྲེལ་བྱས་ནས།བརྙན་ལེན་འབྲེལ་ཡོད་ཀྱི་ནང་དོན་ལ་དམིགས་ཏེ་བསམ་འཆར་བརྗོད་ཅིང་།རང་ཁུལ་གྱི་འབྲེལ་ཡོད་ཆེད་མཁས་པས་བརྙན་ལེན་བྱ་བར་བསམ་འཆར་གལ་ཆེན་བཏོན།

ཡིད་དབང་འཕྲོག་པའི་ཀྲུང་གོའི་གྲོང་ཁྱེརཞེས་པ་ནི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ཀྲུང་དབྱང་བརྙན་འཕྲིན་ནོར་སྲིད་དཔལ་འབྱོར་ཟློས་ལམ་གྱིས་གྲོང་ཁྱེར་རིག་གནས་ཡུལ་སྐོར་རྟགས་ཅན་གྱི་འོས་སྦྱོར་ལེ་ཚན་ཆེ་གྲས་ཤིག་བསྐྲུན་པ་ཡིན་ཏེ།དབྱིབས་བསྒྱུར་འཕེལ་རྒྱས་ཀྱི་ཀྲུང་གོའི་གྲོང་ཁྱེར་འོས་སྦྱོར་བྱེད་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ཐོན་ལས་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད།དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད། ཚོང་འགུགས་མ་འདྲེན་གྱི་འགུག་ནུས་ཆེ་རུ་གཏོང་བ་བཅས་ཀྱི་རྒྱལ་ཁབ་རིམ་པའི་སྟེགས་བུ་ཞིག་ཡིན།ད་ལོར་ཁག་གསུམ་པ་འདོན་པ་ཡིན།ལེ་ཚན་གྱི་ནང་དོན་སྐོར་ཐེངས་གཉིས་ཀྱི་འོས་སྦྱོར་བྱས་ཏེ།སྐོར་ཐེངས་གཅིག་ལ་རིམ་པ་གསུམ་དང་། སྐོར་ཐེངས་གཉིས་ལ་སྡོམ་པའིགྲོང་ཁྱེར་ཐོག་མར་མཐོང་བདངགྲོང་ཁྱེར་གྱི་བྲོ་བ”“གྲོང་ཁྱེར་གྱི་མིང་བྱང”“རྡོ་རྗེ་ཕ་ལམ་ལམ་ཐིག”“གྲོང་ཁྱེར་བསམ་ཚུལ”“གྲོང་ཁྱེར་གྱི་གཏམ་རྒྱུདཅེས་པའི་རིམ་པ་དྲུག་གི་གྲུབ་ཡོད།

ཡིད་དབང་འཕྲོག་པའི་ཀྲུང་གོའི་གྲོང་ཁྱེརཞེས་པའི་འཁྲབ་སྟོན་ནང་ཞུགས་པ་ནི་ཕྱོགས་ཡོངས་ནས་རང་ཁུལ་གྱི་ཁྱད་འཕགས་ཀྱི་ཉམས་འགྱུར་དང་མཚོ་ནུབ་ཀྱི་ཤུགས་རྐྱེན་རྒྱ་སྐྱེད་གཏོང་བ།འཕེལ་རྒྱས་ཆེན་པོར་རམ་འདེགས་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཡིན་པས།   ལེ་ཚན་གྱིས་སྔར་ལས་ལྷག་པའི་སྒོ་ནས་མཚོ་ནུབ་གྱི་སྙན་གྲགས་ཇེ་ཆེར་གཏོང་བར་དགེ་མཚན་ཆེན་པོ་ལྡན།

དུས་འགོ་ཡི་རྟོག་ཞིབ་ཁྲོད་དུ།ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཚོགས་པས་སྔ་གཞུག་ཏུ་རང་ཁུལ་གྱི་དབུས་ལམ་རྫོང་དང་གཏེར་ལམ་རྫོང་།  ན་གོར་མོ་གྲོང་ཁྱེར།ཚྭ་འདམ་ཆེ་བ་ས་གནས་སོགས་སུ་སོང་སྟེ། ཞིབ་ཕྲའི་སྒོ་ནས་རིག་གནས་དང་ཡུལ་སྐོར།སྤྱི་ཚོགས་ཀྱི་རིག་གནས། གྲོང་ཁྱེར་སོགས་ཀྱི་ཐོན་ཁུངས་གནས་ཚུལ་ལ་རྒྱུས་ལོན་བྱས།

གོང་མ།:རང་ཁུལ་གྱིས“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲ་སྒྲིག་བྱ་བའི་གསོ་སྦྱོང་གྲོས་ཚོགས་བསྡུས།

ཞོལ་མ།:གཏེར་ལེན་ཁ་ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་སྤྱོད་མགོ་བརྩམས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235