མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

རང་ཁུལ་གྱིས“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲ་སྒྲིག་བྱ་བའི་གསོ་སྦྱོང་གྲོས་ཚོགས་བསྡུས།

ཡོང་ཁུངས།:མཚོ་ནུབ་གསར་འགྱུར་དྲ་བ།  སྤེལ་དུས།:2019-08-23  རྩོམ་པ་པོ།:  རྩོམ་སྒྲིག་པ།:ཀླུ་རྒྱལ་དོན་འགྲུབ།    ཀློགས་གྲངས།:

  ཉེ་ཆར། རང་ཁུལ་གྱིསཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲ་སྒྲིག་བྱ་བའི་གསོ་སྦྱོང་གྲོས་ཚོགས་བསྡུས་ཏེ།ཁུལ་ཡོངས་ཀྱིཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱ་བར་བཀོད་སྒྲིག་བྱས། ཁུལ་ཨུའིཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཚན་གཙོ་གཞོན་པའམ་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དང་།ཁུལ་ཨུའི་རྒྱུན་ལས་སམ་རྩྭ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་རུན་ཡུའུ་གྲོས་ཚོགས་ལ་ཞུགས།

   གྲོས་ཚོགས་ལས་བསྟན་དོན།བརྗོད་དོན་གཙོ་བོའི་སློབ་གསོའི་འགན་ཁུར་གཙོ་བོ་ནི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པར་ཤུགས་སྣོན་བྱས་ཏེ།རྒྱ་ཆེའི་ཏང་ཡོན་རྣམས་རྩ་འཛུགས་བྱས་ནས་མ་རྩོམ་ལ་སློབ་སྦྱོང་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལ་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་བྱེད་དགོས་པར་མ་ཟད།ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པར་སློབ་སྦྱོང་དང་ཚད་ལེན་བྱས་ཏེ་ཆབ་སྲིད་ཀྱི་གནས་ས་མཐོན་པོ་དང་ཚད་གཞི་མཐོན་པོའི་རང་རྟོགས་ཀྱི་སྒོ་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་དགོས་ཤིང་།ནན་ཏན་གྱིས་དུས་རིམ་སྔོན་མའི་རང་སྦྱོང་དང་། གཅིག་བསྡུས་ཀྱི་སློབ་སྦྱོང་།གཏིང་ཟབ་སྒོས་བགྲོ་གླེང་བྱེད་པའི་བྱ་བ་ལེགས་པོར་སྤེལ་དགོས་ལ།ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལ་ངེས་ཤེས་ཟབ་མོ་བླངས་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་བཏོན་པའི་ཐབས་ཇུས་དང་བཀོད་སྒྲིག་ལ་ངེས་པར་དུ་དངོས་འབེབས་དང་དོན་འཁྱོལ་བྱ་དགོས་པ་བསྟན།

   གྲོས་ཚོགས་ལས་ནན་གྱིས་བསྟན་དོན།ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོའི་དུས་ཚོད་བྲེལ་འཚུབ་ཆེ་ཞིང་འགན་ཁུར་ལྗིད་པས།ངེས་པར་དུ་བསམ་གཞིགས་ཕྲ་ཞིབ་དང་གཅིག་གྱུར་ཇུས་འགོད་ལ་སྐུལ་འདེད་བྱེད་པ་རྒྱུན་འཁྱོངས་བྱས་ཚེ།ད་གཟོད་ཕན་འབྲས་ངེས་ཅན་འབྱུང་ངེས། ཁྱོན་ཡོངས་ནས་བཀོད་སྒྲིག་གི་བླང་བྱ་ལྟར་མཚོ་ནུབ་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།སྤོབས་པའི་སྒོ་ནས་ཁུལ་ཡོངས་ཀྱི་བརྗོད་དོན་སློབ་གསོའི་བྱ་བ་སྔོན་དུ་བསྐྱོད་པར་འབད་བརྩོན་བྱ་དགོས་ཤིང་།བརྗོད་བྱ་གཙོ་བོའི་སློབ་གསོར་ཤུགས་རྒྱག་པ་དང་ངར་ཤུགས་ཆེན་པོས་གྲུབ་འབྲས་ཐོབ་པར་འགན་ལེན་བྱ་དགོས།ལས་དོན་གྱི་གཞི་རྟེན་གསར་གཏོད་བྱེད་པའི་ཐད་ལ་འབད་བརྩོན་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་སྟེང་མཚོ་ནུབ་ཀྱི་ཁྱད་ཆོས་ངོམ་པར་བྱ་དགོས་ལ།གནད་དོན་དངོས་ཐག་གཅོད་བྱེད་པའི་ཐད་ལ་འབད་བརྩོན་བྱས་ཏེ་ཏང་ཡོན་ལས་བྱེད་པར་སེམས་གཏིང་གི་སློབ་གསོ་ཐོབ་པ་དང་མི་དམངས་མང་ཚོགས་ཀྱིས་དངོས་གནས་ཀྱི་འགྱུར་ལྡོག་མཐོང་ཐུབ་པར་འགན་ལེན་བྱ་དགོས།དོན་འཁྱོལ་གྱི་ནུས་པ་དང་ལག་བསྟར་གྱི་སྟོབས་ཤུགས་ཆེ་རུ་བཏང་སྟེ་སྟོབས་དང་ལྡན་པའི་སྒྲིག་འཛུགས་མགོ་ཁྲིད་དང་སྤྱོད་ཚུལ་ལ་བརྟེན་པ་དང་།བརྗོད་དོན་གཙོ་བོའི་སློབ་གསོའི་མགོ་ཡག་པོ་འཛུགས་པ་དང་ཏན་ཏིག་ངང་འགན་ལེན་བྱ་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་དམ་འཛིན་ཡག་པོ་བྱེད་ཆེད།རང་ཁུལ་གྱིས་བློ་མཐུན70རྩ་འཛུགས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་དང་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་གྲུབ་ཡོད་ལ།འདིས་ཁུལ་ཨུས་བརྗོད་དོན་གཙོ་བོའི་སློབ་གསོ་ལེགས་པོར་སྤེལ་བའི་ཆོད་སེམས་མཚོན་ཡོད་པར་མ་ཟད།འགན་འཁྲི་དང་དུ་ལེན་ཕོད་པ་བྱས་ཏེ་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་དང་གཞུང་ལས་ཁང་གི་རང་སྟེང་གི་བྱ་བའི་སྟེང་དངོས་ཕན་དོན་གཉེར་བྱས་ཏེ་སྤྲོ་སེམས་དང་འབད་འབུངས་བྱེད་པའི་བྱ་བའི་རྣམ་འགྱུར་གྱིས་རིགས་སོ་སོའི་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་བྱ་དགོས་པ་བསྟན།

   ཚོགས་འདུའི་བླང་བྱ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་གཅུས་གཟེར་རྒྱག་པ་དང་།ཛ་དྲག་ཆེ་བ།བྱ་སྤྱོད་སྤེལ་བ་བཅས་བྱས་ནས་སེམས་ནུས་གཙོ་བོ་དང་ལས་ཀའི་གཙོ་གནད་བརྗོད་བྱ་གཙོ་བོའི་སློབ་གསོར་སྐུལ་འདེད་གཏོང་བའི་ཐོག་བཞག་སྟེ་འཆར་འགོད་ཞིབ་ཚགས་དང་བྱ་ཐབས་ཞིབ་ཕྲ་བཟོ་བ་དང་།བརྗོད་བྱ་གཙོ་བོའི་སློབ་གསོར་སྐུལ་འདེད་གཏོང་བའི་བྱ་ཐབས་ཇུས་འགོད་ཡག་པོ་བྱེད་པ། ལས་དོན་ཁག་གོ་རིམ་ལྡན་པ་དང་གོ་རིམ་ལྡན་པའི་ངང་སྤེལ་བ།བརྩེ་དུང་བཅངས་ནས་དེའི་ནང་ཞུགས་པ། འགན་འཁྲི་ཁྱེར་ནས་དོན་འཁྱོལ་བྱེད་པ་བཅས་བྱ་དགོས་ཤིང་།བརྗོད་དོན་གཙོ་བོའི་སློབ་གསོར་མིག་མཐོང་ལག་འཛིན་གྱི་ཕན་འབྲས་ཐོན་པ་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ལ་རྒྱུགས་ཤོག་ཕུལ་ཏེ་ལས་ཀའི་ཕན་འབྲས་དངོས་ལ་བརྟེན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ70འཁོར་བར་ལེགས་སྐྱེས་འབུལ་དགོས།

   ཁུལ་ཨུའིཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཁོངས་ཞུགས་ལས་ཁུངས་ཀྱི་འགན་ཁུར་བ་དང་།ཁུལ་ཨུའི་སྡེ་ཁག་སོ་སོ།ཁུལ་ཐད་གཏོགས་ཀྱི་ལས་ཁུངས་སོ་སོ།མི་དམངས་ཚོགས་པ་ཁག་དང་མང་ཚོགས་ཚོགས་པ།ཁུལ་དུ་སྡོད་པའི་ཀྲུང་དབྱང་དང་ཞིང་ཆེན་གྱི་ལས་ཁུངས་དང་ཁུལ་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས།ཁེ་ལས་ཀྱི་ཏང་ཙུའུ་ཡི་འགན་ཁུར་བ་གཙོ་བོ།  གྲོང་ཁྱེར་དང་རྫོང་སོ་སོའི་བཟོ་ཨུའི་གཞུང་ལས་ཁང་གི་ཡིག་ཆའི་ལས་དོན་འགན་གཉེར་བྱེད་པའི་དྲུང་ཡིག་གཞོན་པའམ་ཀྲུའུ་རིན་གཞོན་པ།སྒྲིག་ཨུའི་ཉིན་རྒྱུན་ལས་དོན་འགན་གཉེར་བྱེད་པའི་ཧྲུའུ་ཅི་གཞོན་པ།རྩ་འཛུགས་པུའུ་དང་དྲིལ་སྒྲོག་པུའུ་ཡི་ཉིན་རྒྱུན་ལས་དོན་འགན་གཉེར་བྱེད་པའི་པུའུ་ཀྲང་གཞོན་པ།ཁུལ་ཨུའིཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་།སྐོར་ཞིབ་མཛུབ་སྟོན་ཙུའུ་རུ་བསྐོ་འཐེན་བྱས་པའི་ལས་མི་ཡོངས་སོགས་གསོ་སྦྱོང་གྲོས་ཚོགས་སུ་ཞུགས།

གོང་མ།:ནུབ་བྱང་ས་ཁོངས་ཀྱི་གནམ་གཤིས་བརྟག་དཔྱད་ལྟེ་གནས་བྱ་བའི་གྲོས་ཚོགས་གཏེར་ལེན་ཁ་རུ་བསྡུས།

ཞོལ་མ།:《ཡིད་དབང་འཕྲོག་པའི་ཀྲུང་གོའི་གྲོང་ཁྱེར》ཞེས་པའི་ཁག་གསུམ་པའི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་འཁྲབ་ཁྲིད་ཚོགས་པ་རང་ཁུལ་ལ་རྟོག་ཞིབ་ཏུ་སླེབས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235