མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ནུབ་བྱང་ས་ཁོངས་ཀྱི་གནམ་གཤིས་བརྟག་དཔྱད་ལྟེ་གནས་བྱ་བའི་གྲོས་ཚོགས་གཏེར་ལེན་ཁ་རུ་བསྡུས།

ཡོང་ཁུངས།:  སྤེལ་དུས།:2019-08-28  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

   ཉེ་ཆར། ནུབ་བྱང་ས་ཁོངས་ཀྱི་གནམ་གཤིས་བརྟག་དཔྱད་ལྟེ་གནས་བྱ་བའི་གྲོས་ཚོགས་གཏེར་ལེན་ཁ་རུ་བསྡུས།  

     རྒྱལ་ཁབ་གནམ་གཤིས་བརྟག་དཔྱད་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཡུས་ཡུང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད་གནང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་མུན་ཧེ་གྲོས་ཚོགས་ལ་ཞུགས་ནས་ཤིས་ཚིག་ཕུལ།  ནུབ་བྱང་གི་ཞིང་ཆེན་ལྔ་ཡི་གནམ་གཤིས་བྱ་བའི་ཕྱོགས་ཀྱི་འགན་ཁུར་བ་གཙོ་བོ་གྲོས་ཚོགས་ལ་ཞུགས།

མིན་ཧེ་ཡིས་ཤིས་ཚིག་ཁྲོད། མཚོ་ནུབ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་ཐབས་ཇུས་ཀྱི་དགོས་མཁོ་དང་ས་གནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་ལ་ཞབས་ཕྱི་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། གནས་གཤིས་བྱ་བར་ཚན་རྩལ་གྱིས་རོགས་འདེགས་དང་ཁག་ཐེག་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་དང་།ཤུགས་ཆེན་པོས་རིག་པས་གནམ་གཤིས་འཕེལ་རྒྱས་སུ་བཏང་བ་དང་་། གནས་གཤིས་ཀྱི་གནོད་འཚེའི་ཉེན་བརྡ་དང་ཉེན་ཁའི་ཉེན་བརྡ་གཏོང་བའི་ཆུ་ཚད་ཇེ་དྲག་ཏུ་བཏང་ནས།དབུལ་ཕོངས་ས་ཁུལ་དུ་གནས་གཤིས་ཀྱིས་ཞིང་ལས་ལ་ཞབས་ཕྱི་བྱེད་པའི་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་དང་།ཁུལ་ཡོངས་ཀྱི་གནོད་འཚེ་རང་བཞིན་ལྡན་པའི་གནམ་གཤིས་ཀྱི་ཉེན་བརྡའི་ཡང་དག་ཚད་མུ་མཐུད་དུ་མཐོར་འདེགས་དང་།གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཇེ་ཆུང་དུ་གཏོང་བའི་ནུས་པ།  གནམ་གཤིས་ཞབས་ཕྱིའི་ཆུ་ཚད་བཅས་མངོན་གསལ་སྒོས་ཇེ་མཐོར་བཏང་ཡོད།  རྗེས་ཕྱོགས་མཚོ་ནུབ་ཁུལ་གྱིས་མུ་མཐུད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཁྲིད་སྟོན་དུ་བྱས་ཏེ།འཕེལ་རྒྱས་ཀྱི་ཁྱད་སྟོབས་དང་ཟུང་འབྲེལ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཕྲ་ཞིང་ཞིབ་པའི་སྒོ་ནས་གནམ་གཤིས་བྱ་བ་ལག་ལེན་བྱེད་པ་ཟུང་དུ་སྦྲེལ་ནས།ནུས་ཤུགས་ཡོད་རྒུས་གནམ་གཤིས་ལས་དོན་འཕེལ་རྒྱས་ལ་ཁོར་ཡུག་བཟང་བོ་ཞིག་བསྐྲུན་ཏེ། ས་གནས་གནམ་གཤིས་ལས་དོན་བདེ་བླག་དང་གོ་རིམ་ཡོད་པའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས་པ་བསྟན།

གྲོས་ཚོགས་སྟེང་ནུབ་རྒྱུད་ས་ཁོངས་གནམ་གཤིས་བྱ་བར་གྲུབ་འབྲས་ངེས་ཅན་བླངས་པར་ཁས་ལེན་བྱས་པ་དང་།  འབྲེལ་ཡོད་ས་ཁུལ་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ཐོག་མའི་འདུན་མ་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་བླང་བྱ་ལྟར། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་ཆུ་ལོག་འབྱུང་བའི་དུས་སྐབས་དང་སྟོན་དགུན་དུས་ཀྱི་གནམ་གཤིས་ཞབས་ཕྱི་བྱ་བའི་ཞིབ་ཕྲའི་ལག་ལེན་ལ་བསྒྱུར་ནས།  བསམ་བློ་བཅིང་བགྲོལ་བྱས་ཏེ་གནམ་གཤིས་བཅོས་སྒྱུར་འཕེལ་རྒྱས་གཏིང་ཟབ་དང་།ཕན་ནུས་ལྡན་པའི་སྒོ་ནས་ཞབས་ཕྱི་བཟང་བོ་འདོན་སྤྲོད་བྱེད་དགོས་ཤིང་།གནམ་གཤིས་འཕེལ་རྒྱས་ལ་ཚོད་འགག་བྱེད་པའི་སྒྲིག་གཞིའི་ནང་རྐྱེན་གྱི་གནད་དོན་ཧུར་བརྩོན་སྒོས་སེལ་ནས།  ཞིབ་མཇུག་ཅན་གྱིས་ལས་སྒོ་ལ་སྐུལ་འདེད་དང་རིག་པས་གནམ་གཤིས་ཞབས་ཕྱི་འཕེལ་རྒྱས་སུ་གཏོང་དགོས་ལ།ཕྱོགས་ཡོངས་ནས་ནུབ་བྱང་ས་ཁོངས་ཀྱི་གནམ་གཤིས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་།ནན་ཏན་གྱིས་སྒོ་ནས་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་འཆར་འགོད་བྱས་ཏེ། ནུབ་བྱང་གནམ་གཤིས་བྱ་བར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་།ཕྱོགས་ཡོངས་ནས་གཟབ་ནན་སྒོས་ཏང་སྐྱོང་བའི་འགན་འཁྲི་གཉིས་དངོས་འབེབ་བྱས་ནས།ཏང་འཛུགས་དང་ལས་སྒོ་གཉིས་མཉམ་བསྲེས་ལ་སྐུལ་འདེད་བྱས་ཐོགདུས་རབས་གསར་བའི་དེང་རབས་ཅན་གྱི་ལེའུ་གསར་བ་ཞིག་བྲིས་དགོས་པ་བསྟན།

    གྲོས་ཚོགས་སྟེང་། ཀན་སུའུ་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུས་ཡི་ཅུས་ཀྲང་པའོ་ཝུན་ཀྲུན་གྱིས་ནུབ་བྱང་ས་ཁོངས་ཀྱི་གནམ་གཤིས་བརྟག་དཔྱད་བྱ་བའི་ལྟེ་གནས་ཀྱི་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པ་མ་ཟད།མདོ་ལ་རི་བོའི་སྐྱེ་ཁམས་སླར་གསོའི་ཁྲོད་ཁ་ལོ་བ་མེད་པའི་གནམ་གྲུས་མི་བཟོས་ཆར་བ་ཕབ་པའི་ཚོད་ལྟའི་གནས་ཚུལ་ཡར་ཞུ་བྱས།  ཞིན་ཅང་དང་ཧྲན་ཞི།  ཉིན་ཞ་སོགས་ཞིང་ཆེན་ལྔའི་ས་ཁུལ་དང་ཞིང་ཆེན་གྱི་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་གནམ་གཤིས་ཞབས་ཕྱི་དང་ཁག་ཐེག་དང་ནུས་པ་མཐོར་འདེགས།གནམ་གཤིས་ཀྱིས་གནད་ཕིགས་དབུལ་སྐྱོར་ལ་ཞབས་ཕྱི་དང་ཞང་སྡེ་དར་རྒྱས་རོགས་འདེགས་བྱས་པའི་སྔོན་ཐོན་ཉམས་མྱོང་ལ་བསམ་བློ་བརྗེ་རེས་ཀྱིས་གཏམ་བཤད་གནང་།

    གྲོས་ཚོགས་ཚོགས་པའི་སྐབས་སུ།   ཀྲུང་གོ་གནམ་གཤིས་བརྟག་དཔྱད་ཅུའུ་ཡི་ཅུའུ་ཀྲང་ཡུས་ཡུང་འཁོར་དང་བཅས་པའི་རང་ཁུལ་གྱི་གནམ་གཤིས་བརྟག་དཔྱད་ཅུའུ་རུ་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་གནང་།  

གོང་མ།:མེང་ཧའེ་ཡིས་ཡུས་ཐུང་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱི་རྐང་འཛིན་དཔོན་ཀྲང་ཆན་ཀྲིག་དང་ཐུག་འཕྲད་གནང་།

ཞོལ་མ།:རང་ཁུལ་གྱིས“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲ་སྒྲིག་བྱ་བའི་གསོ་སྦྱོང་གྲོས་ཚོགས་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235