མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མེང་ཧའེ་ཡིས་ཡུས་ཐུང་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱི་རྐང་འཛིན་དཔོན་ཀྲང་ཆན་ཀྲིག་དང་ཐུག་འཕྲད་གནང་།

ཡོང་ཁུངས།:  སྤེལ་དུས།:2019-08-28  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཉེ་ཆར།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ།ཁུལ་དཔོན་མེང་ཧའེ་ཡིས་གཏེར་ལེན་ཁ་རུ་ཡུས་ཐུང་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱི་རྐང་འཛིན་དཔོན་ཀྲང་ཆན་ཀྲིག་འཁོར་དང་བཅས་པར་ཐུག་འཕྲད་གནང་ཞིང་།ཕྱོགས་གཉིས་ཀས་བརྗེ་རེས་མཉམ་འབྲེལ་ལ་ཤུགས་སྣོན་དང་ཁྱད་ལྡན་སྐྱེ་དངོས་ཐོན་ལས་འཕེལ་རྒྱས་སྐུལ་འདེད་བྱ་བར་བཞུགས་མོལ་བྱས།

བཞུགས་མོལ་ཁྲོད་མེང་ཧའེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲང་ཆན་ཀྲིག་འཁོར་དང་བཅས་པར་དགའ་བསུ་བྱས།ཁོས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། མཚོ་ནུབ་ཁུལ་གྱིས་མཚོ་བོད་མཐོ་སྒང་གི་དྭངས་ཤིང་གཙང་བའི་ས་ཆུ་གནམ་གཤིས་སོགས་ཀྱི་སྤུས་ལེགས་རང་བྱུང་འཁོར་ཡུག་རྒྱབ་བརྟེན་དུ་བཅོལ་ནས་འཕང་འབྲས་དང་ལིས་གྲོའི་ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་དཀྱིལ་སྙིང་དུ་བཟུང་སྟེ།དུང་ཕྱུར་སྟོང་ཅན་གྱི་ཁྱད་ལྡན་སྐྱེ་དངོས་ཐོན་ལས་ཁྱུ་ཚོགས་བཞེངས་སྐྲུན་བྱས་པའི་མི་ཚད།ད་དུང་གྲུབ་འབྲས་མི་དམན་པ་བླངས།ཕྱོགས་གཉིས་ཀས་མཉམ་འབྲེལ་གཏིང་ཟབ་དང་ཚྭ་འདམ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་ནུས་ཤུགས་འདོན་པ་དང་དུས་མཚུངས་སུ་མཚོ་ནུབ་ཀྱི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་རོགས་འདེལས་བྱས།

མེང་ཧའེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མི་འགྱངས་བར་ནུས་ཤུགས་ཡོད་རྒུས་ཁེ་ལས་དང་ས་གནས་མཉམ་འབྲེལ་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་འབྲེལ་ཡོད་དམངས་ཕན་སྲིད་ཇུས་ལག་བསྟར་བྱས་ཏེ་ཚོང་འགུག་དངུལ་འདྲེན་འཁོར་ཡུལ་བཞེངས་སྐྲུན་གང་ལེགས་བྱེད་རྒྱུ་རེད།དུས་མཚུངས་སུ། གཏེར་ལེན་ཁ་གྲོང་ཁྱེར་དང་འབྲེལ་ཡོད་སྡེ་ཁག་གིས་ཁེ་ལས་དང་མཉམ་འབྲེལ་ཤུགས་སྣོན་བྱས་ནས་བྱ་བའི་བྱེད་ཐབས་གསར་སྐྲུན་དང་བྱ་བའི་ཕན་ནུས་མཐོར་འདེགས།ཆེད་ལས་ཚོགས་པ་གྲུབ་པར་བྱས་ཏེ་ཚད་གཞི་མཐོ་བ་དང་སྤུས་ཀ་ལེགས་པོའི་སྒོ་ནས་མཉམ་འབྲེལ་ལས་གཞི་ལག་ལེན་དོན་འཁྱོལ་བྱས་ཏེ་ཁེ་ལས་དངུལ་རྩ་འཕེལ་རྒྱས་ལ་སྤུས་ལེགས་ཞབས་ཕྱི་འདོན་སྤྲོད་བྱེད་རྒྱུ་ཡིན་པའི་བསམ་ཚུལ་བསྟན།

ཀྲང་ཆན་ཀྲིག་གིས་མ་འོངས་མཉམ་འབྲེལ་ཁྲོད་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མུ་མཐུད་དུ་རྒྱབ་སྐྱོར་ནུས་ཤུགས་ཆེ་རུ་བཏང་སྟེ་མཉམ་དུ་ཁྱད་ལྡན་སྐྱེ་དངོས་ཐོན་ལས་དེ་མཚོ་ནུབ་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱེད་དགོས་ལ།ཡུས་ཐུང་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱིས་ཁེ་ལས་ཕྱིར་འཚོང་དང་དོ་དམ་ལེགས་ཆ་འདོན་སྤེལ་བྱས་ཏེ་ཐོན་རྫས་ཟུར་སྣོན་རིན་གོང་མཐོར་རུ་གཏོང་བ།དབུལ་སྐྱོར་ལས་གཞིར་རོགས་འདེགས་བྱེད་པ།གནས་སྐོར་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ་མཚོ་ནུབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་འཇོག་ཅི་ཐུབ་བྱེད་རྒྱུ་ཡིན་པའི་བསམ་ཚུལ་བསྟན།

དུས་སྐབས་སུ།གཏེར་ལེན་ཁ་གྲོང་ཁྱེར་སྲིད་གཞུང་དང་ཡུས་ཐུང་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་ཟི།ཧེ་ཅིས་མ་རྐང་ཚོད་འཛིན་སྡེ་ཚོགས། མཚོ་ནུབ་ཡུང་ཞིན་ཞིང་འབྲོག་འཕེལ་རྒྱས་ཚད་ཡོད་ཀུང་ཟིས་ཤ་བའི་ཐོན་ལས་འཕེལ་རྒྱས་གཞི་གཅིག་ཅན་གྱི་ལས་གཞི་མཉམ་འབྲེལ་གྲོས་མོལ་ཡི་གེར་མིང་རྟགས་བཀོད།

ཁུལ་གྱི་མགོ་ཁྲིད་ལིག་གོ་ཧྲོན།ལོན་ཧྲུན་ཅིང་བཅས་འབྲེལ་ཡོད་ས་ཁུལ་དང་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས།

གོང་མ།:ཀྲུང་གོའི་གནམ་དཔྱད་རིག་པའི་སློབ་ཚོགས2019ལོའི་རིག་གཞུང་ལོ་ཚོགས་རང་ཁུལ་དུ་བསྡུས།

ཞོལ་མ།:ནུབ་བྱང་ས་ཁོངས་ཀྱི་གནམ་གཤིས་བརྟག་དཔྱད་ལྟེ་གནས་བྱ་བའི་གྲོས་ཚོགས་གཏེར་ལེན་ཁ་རུ་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235