མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཞིང་ཆེན་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་དཔལ་འབྱོར་འཕེལ་རྒྱས་རྣམ་པར་བརྟེན་ནས་བོད་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ལ་རོགས་སྐུལ་བྱེད་པའི་བཞུགས་མོལ་ཚོགས་འདུ་རང་ཁུལ་དུ་བསྡུས།

ཡོང་ཁུངས།:མཚོ་ནུབ་བརྙན་འཕྲིན་ཁང་།  སྤེལ་དུས།:2019-09-11  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

   ཟླ་དགུ་པའི་ཚེས་དྲུག་ཉིན།ཞིང་ཆེན་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་དཔལ་འབྱོར་འཕེལ་རྒྱས་རྣམ་པར་བརྟེན་ནས་བོད་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ལ་རོགས་སྐུལ་བྱེད་པའི་བཞུགས་མོལ་ཚོགས་འདུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནས་བསྡུས།མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།ཧྲིན་ཀྲང་ལིའུ་ཉིང་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་སྐབས་ནན་གྱིས་བསྟན་དོན།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས།ངོས་ཟིན་མཐོར་འདེགས་སུ་གཏོང་བ་དང་ཡིད་རྟོན་ཇེ་བརྟན་དུ་གཏོང་བ།སེམས་ཞིབ་མོས་འཆར་འགོད་འཐེན་པ། བྱེད་ཕྱོགས་སྟོབས་ལྡན་དུ་བསྒྱུར་བ་བཅས་ལ་འབད་ནས།ས་ཁོངས་ལས་བརྒལ་བའི་དཔལ་འབྱོར་འཕེལ་རྒྱས་རྣམ་པར་བརྟེན་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་སུ་གཏོང་དགོས་ཤིང་།བོད་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ལ་རོགས་འདེགས་སྐུལ་འདེད་བྱེད་རྒྱུ་དང་།སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་གང་ལེགས་བྱས་མཐར།མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་འདེགས་སྐྱོར་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱེད་དགོས་ཟེར།ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྱིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱས།

   ལིའུ་ཉིང་གིས་ཁུལ་དྲུག་གིས་རང་རྟོགས་སྒོས་ས་ཁོངས་ལས་བརྒལ་བའི་དཔལ་འབྱོར་འཕེལ་རྒྱས་རྣམ་པ་འཕེལ་རྒྱས་སུ་བཏང་བར་ཁས་ལེན་ཡང་དག་བྱས་ནས།མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་མཐོང་ཆེན་ཚད་མཐོན་པོ་གནང་བར་བཀའ་དྲིན་ཞུས།ཁོས་བསྟན་དོན།དུས་རབས་གསར་པར་ཞུགས་པ་ནས་ས་ཁོངས་ལས་བརྒལ་བའི་དཔལ་འབྱོར་འཕེལ་རྒྱས་རྣམ་པ་ནི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།དབུལ་ཐར་མངོན་འགྱུར་བྱུང་རྗེས་ཀྱི་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་བསྐྱར་དར་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་བླང་བྱ་གསར་པར་ཁ་གཏད་པ་དང་།རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་བསྐྲུན་པར་ཁ་གཏད་པ།སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འོས་འགན་གསར་པར་ཁ་གཏད་པ།ས་གཤིས་ས་ཁམས་དང་རང་བྱུང་ཆ་རྐྱེན་གྱི་རང་བྱུང་ཚོད་འཛིན་ལ་ཁ་གཏད་པ་བཅས་ཀྱི་ངོས་ཐད་ནས་བཤད་ན།ས་ཁོངས་ལས་བརྒལ་བའི་དཔལ་འབྱོར་འཕེལ་རྒྱས་རྣམ་པ་ནི་མཚོ་སྔོན་གྱི་ཁུལ་སོ་སོའི་བར་གྱི་ནུས་ཁུངས་ཁ་གསབ་དང་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བ་ལ་ཅིས་ཀྱང་འཚམ་པའི་བགྲོད་ལམ་མ་ནོར་བ་ཞིག་ཡིན་ཞེས་བསྟན།  

    ཧྲིན་ཀྲང་གཞོན་པ་ཝང་ལི་མིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།ཁུལ་ཨུའི་ཧྲུའུ་ཅིའམ་ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝུན་གོ་ཏུང་གིས་ཤིས་ཚིག་ཕུལ།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན།ཚྭ་འདམ་དཔལ་འབྱོར་འཁོར་རྒྱུག་ཚོད་ལྟ་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མེང་ཧའེ་དང་།ཁུལ་གྱི་མགོ་ཁྲིད་ཧྲི་ཚོན་ཝུའུ་དང་ཅྭང་ཝེ་ཧྥེང་།དེ་མིན་ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ་དང་མཚོ་ནུབ།མཚོ་ལྷོ།ཡུལ་ཤུལ།མགོ་ལོགརྨ་ལྷོ་བཅས་ཁུལ་དྲུག་གི་སྲིད་གཞུང་གི་འགན་ཁུར་མི་སྣ་ཐེངས་འདིའི་ཚོགས་འདུར་ཞུགས་ལ།ཁུལ་དྲུག་གི་སྲིད་གཞུང་དང་ཞིང་ཆེན་གྱི་རོགས་སྐྱོར་མཉམ་ལས་གཞུང་སྒྲུབ་ཁང་།ཞིང་ཆེན་རྩ་འཛུགས་པུའུ་ཡི་འགན་ཁུར་བས་གྲོས་ཚོགས་སྟེང་གཏམ་བཤད་གནང་།མཚོ་ནུབ་ཁུལ་སྲིད་གཞུང་།ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཁུལ་སོ་སོའི་སྲིད་གཞུང་།མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་བརས་ཁོངས་ལས་བརྒལ་བའི་དཔལ་འབྱོར་འཕེལ་རྒྱས་རྣམ་པར་བརྟེན་ནས་བོད་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ལ་རོགས་སྐུལ་བྱེད་པའི་ཐབས་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའིགྲོས་མཐུན་ཡི་གེའི་སྟེང་མིང་རྟགས་བཀོད།

    གྲོས་ཚོགས་ཀྱི་སྐབས་སུ་ཚོགས་ཞུགས་མི་སྣ་རྣམས་ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་གྱི་འགྲེམས་སྟོན་ཁུལ་དང་།གཏེར་ལེན་ཁ་བཟོ་ལས་གླིང་ཁུལ་གྱི་ས་ཁོངས་ལས་བརྒལ་བའི་དཔལ་འབྱོར་ཐོན་ལས་གླིང་སོགས་སུ་སོང་སྟེ་ཡུལ་དངོས་རྟོག་ཞིབ་བྱས།  

གོང་མ།:ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གླིང་གཙོ་གཞོན་པ་ཅང་པིས་ཞིན་གྱིས་རང་ཁུལ་གྱི་མི་དམངས་ཁྲིམས་རའི་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས།

ཞོལ་མ།:ཀྲུང་གོའི་གནམ་དཔྱད་རིག་པའི་སློབ་ཚོགས2019ལོའི་རིག་གཞུང་ལོ་ཚོགས་རང་ཁུལ་དུ་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235