མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གླིང་གཙོ་གཞོན་པ་ཅང་པིས་ཞིན་གྱིས་རང་ཁུལ་གྱི་མི་དམངས་ཁྲིམས་རའི་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས།

ཡོང་ཁུངས།:  སྤེལ་དུས།:2019-09-18  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཉེ་ཆར། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་གླིང་གཙོ་གཞོན་པ་ཅང་པིས་ཞིན་འཁོར་དང་བཅས་པས་རང་ཁུལ་གྱི་མི་དམངས་ཁྲིམས་རའི་བྱ་བ་རྟོག་ཞིབ་མཛུབ་སྟོན་བྱས་པ་དང་བཞུགས་མོལ་གྲོས་ཚོགས་བསྡུས།ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་གླིང་གཙོ་ཁྲིན་མེན་གོ    ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་མིན་ཧེ།   ཁུལ་མི་དམངས་ཁྲིམས་ཁང་གི་གླིང་གཙོ་གོའུ་ཧྲུག་ཞན་བཅས་རྟོག་ཞིབ་ལ་ཞུགས།

     བཞུགས་མོལ་ཚོགས་འདུའི་སྟེང་ཅང་པིས་ཞིན་གྱིས་རང་ཁུལ་གཞི་རིམ་གྱི་མི་དམངས་ཁྲིམས་རའི་རྩ་བའི་གནས་ཚུལ་དང་དཔུང་སྡེའི་གནས་བབས།   ཏང་འཛུགས་བྱ་བ། འདྲི་གཅོད་བྱ་བ་དང་ཁྲིམས་རར་གནས་པའི་གནད་དོན་དང་དཀའ་ཁག་བཅས་ཀྱི་སྙན་ཞུ་ལ་ཉན་པ་དང་ཚོགས་ཞུགས་མི་སྣ་དང་མཉམ་དུ་མ་དངུལ་རྒྱབ་སྐྱོར་དང་འཇོན་མི་གསོ་སྐྱོང་།    དཔུང་སྡེ་འཛུགས་སྐྲུན།  བརྡ་འཕྲིན་ཅན་འཛུགས་སྐྲུན་སོགས་ཀྱི་ཕྱོགས་ནས་བཞུགས་མོལ་བརྗེ་རེས་བྱས།  

      ཅང་པིས་ཞིན་གྱིས་བསྟན་དོན།མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མཚོ་སྔོན་དང་མཚོ་ནུབ་ཀྱི་དོན་དངོས་ལ་གཞིགས་ནས་སྐབས་བསྟུན་བབས་སྤྱོད་དང་ཁྲིམས་རའི་སྒྲིག་གཞིའི་ཐད་ནས་མཁར་གྲོང་གི་གྱོད་སྒྲུབ་ས་ཚིགས་འཛུགས་པ་དང་ཁྱིམ་དོན་ཁྲིམས་ར་འཛུགས་པ།   དངུལ་རྩའི་ཁྲིམས་ར་སོགས་ཀྱི་ཐབས་ལམ་སྤྱད་ནས་མིང་དོན་མི་མཚུངས་པའི་ཁྲིམས་རའི་གནས་ཚུལ་ལེགས་བསྒྱུར་བྱེད་དགོས།    མི་དམངས་ཁྲིམས་ཁང་གི་བྱེད་ནུས་འདོན་སྤེལ་བྱས་ཏེ་གཞི་རིམ་མང་ཚོགས་ལ་སྤུས་ལེགས་དང་ཕན་འབྲས་མཐོ་བའི་ཁྲིམས་འཛིན་ཞབས་ཞུ་སྒྲུབ་དགོས་པའི་བླང་བྱ་བཏོན།

མིན་ཧེ་ཡིས་བསྟན་དོན།     གླིང་གཙོ་གཞོན་པ་ཅང་པིས་ཞིན་འཁོར་དང་བཅས་པ་རང་ཁུལ་དུ་ཡོང་ནས་རྟོག་ཞིབ་བྱས་པ་འདིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གི་མཚོ་ནུབ་ལ་རྒྱབ་སྐྱོར་དང་ཐུགས་ཁུར་བྱེད་བཞིན་ཡོད་པ་མཚོན་ལ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མི་དམངས་ཁྲིམས་ཁང་གི་བྱ་བ་གདེང་འཇོག་ཚད་མཐོན་པོར་བཟུང་ནས་རྒྱུན་མཐུད་སྒོས་ཁྲིམས་འཛིན་མ་ལག་བཅོས་བསྒྱུར་དང་ཁྲིམས་སྐྱོང་མཚོ་ནུབ་དང་བདེ་འཇགས་མཚོ་ནུབ་འཛུགས་སྐྲུན་བྱེད་དགོས།  

བཞུགས་མོལ་ཚོགས་འདུའི་རྗེས་སུ་ཅང་པིས་ཞིན་འཁོར་དང་བཅས་པས་མཚོ་ནུབ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་གཅོད་དོ་དམ་ལྟེ་གནས་དང་གྱོད་འཛུགས་ཞབས་ཞུ་ཚོམས་ཆེན།     འདྲི་གཅོད་ཁྲིམས་ར།   གླིང་ཁུལ་གྱི་དཔའ་བོའི་རྗེས་དྲན་ཁང་དང་དབུས་ལམ་རྫོང་ཚྭ་ཁ་གྲོང་རྡལ་མི་དམངས་ཁྲིམས་ཁང་བཅས་ལ་རྟོག་ཞིབ་བྱས།  

གོང་མ།:འབྲི་ཆུ་མགོ་ཁུངས་སྡེ་བར་སྐོར་ཐེངས་དང་པོའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་དཔེ་སྟོན་སྡེ་བའི་མཚན་སྙན་ཐོབ་སྟེ་སྒོ་བྱང་བཀལ་བའི་མཛད་སྒོ་བསྡུས།

ཞོལ་མ།:ཞིང་ཆེན་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་དཔལ་འབྱོར་འཕེལ་རྒྱས་རྣམ་པར་བརྟེན་ནས་བོད་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ལ་རོགས་སྐུལ་བྱེད་པའི་བཞུགས་མོལ་ཚོགས་འདུ་རང་ཁུལ་དུ་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235