མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

འབྲི་ཆུ་མགོ་ཁུངས་སྡེ་བར་སྐོར་ཐེངས་དང་པོའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་དཔེ་སྟོན་སྡེ་བའི་མཚན་སྙན་ཐོབ་སྟེ་སྒོ་བྱང་བཀལ་བའི་མཛད་སྒོ་བསྡུས།

ཡོང་ཁུངས།:  སྤེལ་དུས།:2019-09-18  རྩོམ་པ་པོ།:སྐལ་བཟང་རྒྱལ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

   ཉེ་ཆར།འབྲི་ཆུ་མགོ་ཁུངས་སྡེ་བར་སྐོར་ཐེངས་དང་པོའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་དཔེ་སྟོན་སྡེ་བའི་སྒོ་བྱང་བཀལ་བའི་མཛད་སྒོ་ན་གོར་མོ་གྲོང་ཁྱེར་འབྲི་ཆུ་མགོ་ཁུངས་ནས་བསྡུས།

རྒྱུས་ལོན་པ་ལྟར་ན།མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བ་སྤེལ་བ་ནས་བཟུང་འབྲི་ཆུམགོ་ཁུངས་སྡེ་བས་འབྲོག་པ་མང་ཚོགས་ཀྱི་དོན་དངོས་སྒྲུབ་པ་དང་དཀའ་ཁག་སེལ་བ།དོན་བཟང་སྒྲུབ་པ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བར་སྐུལ་འདེད་བྱེད་པའི་ཟམ་པ་ཡིན་པ་རྒྱུན་འཁྱོངས་དང་མི་རིགས་མཐུན་སྒྲིལ་གསར་སྐྲུན་བྱ་བ་ཕྲག་ཏུ་བླངས་ཤིང་།རོང་འབྲོག་མང་ཚོགས་ཀྱི་འདོད་བློ་དང་མཐུན་པའི་མི་རིགས་བྱ་བའི་འགན་འཁྲི་ལེགས་པོར་སྒྲུབ།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གལ་ཆེན་དཀྱིལ་སྙིང་དུ་བཟུང་ནས་མི་རིགས་སོ་སོའི་མཉམ་སྐྲུན་འབད་འཐབ་སྟོབས་ཤུགས་དང་མཉམ་འཕེལ་བརྗོད་གཞི་གསར་སྐྲུན་བྱས་ཤིང་།ཕྱོགས་ཡོངས་ནས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དང་མི་རིགས་ཁྲིམས་སྲོལ་ལག་བསྟར་གང་ལེགས་བྱས་ཏེ་མཐུན་སྒྲིལ་དང་འཆམ་མཐུན་གྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཇེ་མགྱོགས་དང་མི་རིགས་རིག་གནས་བྱ་བར་ཤུགས་སྣོན་བྱས་ཏེ་ན་གོར་མོ་ས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་དང་དཔལ་འབྱོར་འཕེལ་རྒྱས་ལ་བྱས་རྗེས་འཇོག་ཅི་ཐུབ་བྱས།

འབྲི་ཆུ་མགོ་ཁུངས་སྡེ་བའི་རྒྱ་ཆེ་བའི་མང་ཚོགས་ལས་བྱེད་ཀྱིས་མི་འགྱངས་བར་ཐེངས་འདིའི་མཚན་སྙན་ཐོབ་པ་ནི་འགོ་རྩོམ་ས་བྱས་ཏེ་རང་འགུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བ་ལེགས་པོར་སྒྲུབ་རྒྱུ་དང་།བསམ་བློ་དང་ཆབ་སྲིད།འགུལ་སྐྱོད་བཅས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་མཐུན་ཡོང་བར་བྱས་ཏེ་ཏང་ཀྲུང་དབྱང་གི་ཁེ་དབང་སྲུང་སྐྱོབ་དང་གཅིག་བསྡུས་སྒོས་མགོ་ཁྲིད་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་ལ།བློ་གཅིག་སེམས་གཅིག་གིས་ཏང་གི་རྗེས་སུ་འབྲངས་ཏེ་མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་འཕེལ་རྒྱས་སྲ་བརྟན་དུ་གཏོང་དགོས་པའི་བསམ་ཚུལ་བསྟན།

གོང་མ།:ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་གཅིག་བསྡུས་སྒོས་སློབ་སྦྱོང་ཚོགས་འདུ་བསྡུས།

ཞོལ་མ།:ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གླིང་གཙོ་གཞོན་པ་ཅང་པིས་ཞིན་གྱིས་རང་ཁུལ་གྱི་མི་དམངས་ཁྲིམས་རའི་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235