མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་གཅིག་བསྡུས་སྒོས་སློབ་སྦྱོང་ཚོགས་འདུ་བསྡུས།

ཡོང་ཁུངས།:  སྤེལ་དུས།:2019-09-20  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

    ཁུལ་ཨུའི་སྤེལ་བའི་ཐོག་མའི་འདུན་མ་མི་བརྗེད་པར།འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་བྱ་གཙོ་བའི་སློབ་གསོའི་བཀོད་སྒྲིག་གི་བླང་བྱ་ལྟར།ཉེ་ཆར། ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་གཅིག་བསྡུས་སྒོས་སློབ་སྦྱོང་ཚོགས་འདུ་འཚོགས།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བརྗོད་བྱ་གཙོ་བའི་སློབ་གསོའི་ཁག་དང་པོའི་སྤྱི་བསྡོམས་དང་སྐབས་གཉིས་པའི་གྲོས་ཚོགས་ཀྱི་དགོངས་དོན་དང་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་བྱ་བའི་སྲོལ་ཡིག་ལ་གཅིག་བསྡུས་སྒོས་སློབ་སྦྱོང་བྱས།

       མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཁག་གཉིས་པའི་ཐོག་མའི་འདུན་མ་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་བའི་བརྗོད་བྱ་གཙོ་བའི་སློབ་གསོའི་སྐོར་སྐྱོད་གསུམ་པའི་མཛུབ་སྟོན་ཚན་ཆུང་གི་ཚན་གཙོ་ཀི་ཕའེ་ཅུན་གྱིས་མཛུབ་སྟོན་བྱས།

        ཚོགས་འདུ་ལས་བསྟན་དོན།ཡང་དང་བསྐྱར་དུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ།ཁུལ་ཨུའི་བརྗོད་བྱ་གཙོ་བོའི་སློབ་གསོའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་།དམིགས་ཡུལ་ནི་སློབ་གསོ་ལ་སློབ་སྦྱོང་དང་དམ་འཛིན་བྱེད་པ།དད་མོས་རྨང་གཞི་སྲ་བརྟན་དང་བསམ་བློའི་ཁ་ཕྱོགས་བརྟན་པོར་བྱས་ཏེ་རྒྱུན་ཆད་མེད་པའི་སྒོ་ནས་བསམ་པའི་དཔལ་ཡོན་ཇེ་མཐོར་བཏང་ནས་ལག་ལེན་ལ་མཛུབ་སྟོན་དང་།བྱ་བའི་ནུས་པ་ལ་སྐུལ་འདེད་བཏང་།

        གྲོས་ཚོགས་ལས་ལྟེ་གནས་ཚན་ཁག་གི་ཁོངས་མིས་ཚོགས་འདུའི་རྗེས་སུ་ཤུགས་རྒྱབ་ནས་མ་རྩོམ་ཀློག་པ་དང་མ་ཡིག་སློབ་སྦྱོང་བྱས་ནས་རྩ་བའི་རིགས་པ་རྟོགས་པ་བཅས་བྱས་ཏེ།སྤྱི་ཁྱབ་ཧུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མའི་འདུན་མ་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་གཙོ་གནད་སློབ་གསོའི་བྱ་བའི་ཚོགས་འདུ་བརྗོད་དོན་གཙོ་བའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་གི་གསུངས་བཤད་དང་།ཞིང་ཆེན་ཏང་ཨུའི་ཧུའུ་ཨི་王建军གྱིས་ཞིང་ཆེན་ཡོངས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་འབྲེལ་ཡོད་ཚོགས་འདུའི་ཐོག་གི་གཏམ་བཤད།ཁུལ་ཨུའི་ཧྲུའུ་ཝུན་གོ་ཏུང་གིས་ཁུལ་ཡོངས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་གྲོས་ཚོགས་སྟེང་གི་གཏམ་བཤད་དགོངས་དོན་མཐའ་འཁྱོངས་བར་སློབ་སྦྱོང་དང་དང་ཞིབ་འཇུག་ཟུང་འབྲེལ་བྱེད་དགོས་པའི་རེ་བ་བཏོན།

    ཚོགས་འདུས་བསྟན་དོན། ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་བྱ་བའི་སྲོལ་ཡིག་ནི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལོ་རྒྱུས་ཐོག་སྲོལ་ཡིག་གི་རྣམ་པའི་ཐོག་ནས་ལས་བྱེད་པར་དཔྱད་ཞིབ་བྱེད་པའི་ལས་དོན་ཚད་ལྡན་བཟོ་ཐེངས་དང་པོ་ཡིན་ལ།དཔྱད་ཞིབ་སྲོལ་ཡིག་དངོས་སུ་བཏོན་ནས་ཏང་གི་སྒྲིག་ཡིག་དང་འབྲེལ་བའི་ལས་བྱེད་པས་བྱ་བའི་སློབ་གསོ་དང་གསོ་སྦྱོང་།འདེམས་སྒྲུག་དང་ལྟ་སྐུལ་སོགས་ཀྱི་ཕྱོགས་ལྔའི་སྲོལ་ཡིག་ཚད་ལྡན་དུ་བཏང་།ངེས་པར་དུ་དཔྱད་ཞིབ་སྲོལ་ཡིག་ལ་གཏིང་ཟབ་སྒོས་རྒྱུས་ལོན་དང་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ་ཆབ་སྲིད་རང་བཞིན་དང་དུས་རབས་རང་བཞིན།ཁ་གཏད་རང་བཞིན། རང་རྟོག་ངང་ལག་ལེན་སྣེ་ཁྲིད་དེ་དཔྱབ་ཞིབ་སྲོལ་ཡིག་ལ་གོ་བ་གཏིང་ཟབ་ལོན་དགོས་པ་བསྟན།

ཚོགས་འདུ་ལས་ནན་གྱི་བསྟན་དོན།འདུ་ཤེས་བཞི་དང་ཡིད་ཆེས་བཞི་བརྟན་པོར་བཙུགས་ནས་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བྱས་ཏེ་ནན་ཏན་སྒོས་དཔྱད་ཞིབ་སྲོལ་ཡིག་གཉིས་ལག་བསྟར་ནན་མོ་བྱས་ནས། བསམ་བློ་དང་ལག་ལེན་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་ཡི་གཅིག་གྱུར་བཀོད་སྒྲིག་སྟེང་འབེབ་པར་བྱས་ནས།དོན་དངོས་ཀྱིས་འགན་འཁྲི་ཏན་ཏིག་འཁུར་ནས་འགོ་ཁྲིད་ཀྱི་འགན་འཁུར་ཡག་པོ་སྒྲུབ་པ་དང་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། གོང་འོག་ཟུང་འབྲེལ་བྱས་ནས་དཔྱད་ཞིབ་སྲོལ་ཡིག་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པ་དང་ཟུང་འབྲེལ་བཅས་བྱེད་པའི་སློབ་གསོའི་ཁྲོད་ཁྱབ་པ་བཞི་ཡི་བླང་བྱ་གཞིར་བཟུང་ནས།ཁུལ་ཡོངས་ཀྱི་རིམ་པ་ཁག་གི་འགོ་ཁྲིད་ཚན་ཁག་དང་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་ཆབ་སྲིད་ཀྱི་ཁ་ཕྱོགས་ཇེ་བརྟན་དུ་གཏོང་རྒྱུའི་ཁྲིད་སྟོན་བྱེད་དགོས།ལས་ཀའི་ཕན་འབྲས་དངོས་ལ་གདེང་འཇོག་བྱ་རྒྱུ་གཙོ་བོར་བཟུང་སྟེ་རིམ་པ་ཁག་གི་འགོ་ཁྲིད་ཚན་པ་དང་ཏང་ཡོན་ལས་བྱེད་པར་བདེན་འཚོལ་དོན་གཉེར་དང་དོན་དངོས་དོན་གཉེར་བྱ་རྒྱུའི་ཁྲིད་སྟོན་བྱས།ཁུལ་ཡོངས་ཀྱི་གོང་འོག་ཚང་མར་དྲང་ཕྱོགས་ཀྱི་ཆབ་སྲིད་སྐྱེ་ཁམས་བཟང་བའི་ལས་སྒྲུབ་རྣམ་པ་ཆགས་པར་སྐུལ་འདེད་བཏང་།

ཚང་མས་བསྟན་དོན།མ་ཡིག་ཀློག་རྒྱུ་རྒྱུན་ཁྱོངས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མའི་མདུན་མ་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་བརྗོད་གཞི་ཡིན་པའི་གཙོ་གནད་རྒྱས་བཤད་བྱས་ཏེ། བརྗོད་བྱ་གཙོ་བོའི་སློབ་གསོ་དེ་སྔོན་མ་དང་སླད་ཕྱིན་དུས་རིམ་ཞིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་འདུ་ཤེས་བཞི་དང་ཡིད་ཆེས་བཞི་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ་སྲུང་སྐྱོང་གཉིས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་།ཆབ་སྲིད།བྱ་སྤྱོད་བཅས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ་མཚོ་ནུབ་འཕེལ་རྒྱས་གཏོང་རྒྱུ་དེ་ཡང་དག་པའི་ཁ་ཕྱོགས་བརྒྱུད།མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།མཚོ་ནུབ་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བརྗོད་བྱ་གཙོ་བོའི་སློབ་གསོའི་རེ་བ་ལྟར་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་ཡིས་བཏོན་པའི་དམིགས་ཚད་ཁག་ཞིབ་ཚགས་སུ་བཏང་ནས་ལས་ཀའི་ཁྲོད་དོན་འཁྱོལ་བྱེད་པ།བརྗོད་བྱའི་སློབ་གསོ་དོན་དངོས་དང་འབྲེལ་ནས་མཚོ་ནུབ་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱེད་དགོས།ཐེངས་འདིའི་སློབ་སྦྱོང་བྱས་པ་བརྒྱུད་ནས་ནན་ཏན་སྒོས་དམིགས་འབེན་ལས་འགན་ཁག་ཐེག་དང་གཙོ་གནད་ལས་དོན་ཁག་འཕེལ་རྒྱས་བྱེད་པའི་བརྗོད་བྱའི་སློབ་གསོ་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཐོག་མའི་འོས་འགན་དང་འགན་འཁྲི་ཡིད་ལ་བཟུང་སྟེ་བླ་ན་མེད་པའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོ་གསར་བ་དབུ་བརྙེས་ན་ལོ་འཁོར་70ལོན་པར་བསུ་མ་བྱས།

གོང་མ།:ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཞེས་པའི་བརྗོད་དོན་སློབ་གསོའི་བྱ་འགུལ་རབ་དང་རིམ་པ་སྤེལ།

ཞོལ་མ།:འབྲི་ཆུ་མགོ་ཁུངས་སྡེ་བར་སྐོར་ཐེངས་དང་པོའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་དཔེ་སྟོན་སྡེ་བའི་མཚན་སྙན་ཐོབ་སྟེ་སྒོ་བྱང་བཀལ་བའི་མཛད་སྒོ་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235