མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཞེས་པའི་བརྗོད་དོན་སློབ་གསོའི་བྱ་འགུལ་རབ་དང་རིམ་པ་སྤེལ།

ཡོང་ཁུངས།:  སྤེལ་དུས།:2019-09-20  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

 བསྟུད་མར་ཉིན་འགའི་རིང་ལ།མང་ནེ་གྲོང་ཁྱེར་དང་དབུས་ལམ་རྫོང་། གཏེར་ལམ་རྫོང་། ཐེམ་ཆེན་རྫོང་།ཚྭ་འདམ་ཆེ་བ་བཅས་ཀྱིས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཞེས་པའི་བརྗོད་དོན་སློབ་གསོའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས་ཤིང་།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཞེས་པའི་སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོའི་སྤྱི་བསྡོམས་དང་སྐོར་ཐེངས་གཉིས་པའི་བཀོད་སྒྲིག་གྲོས་ཚོགས།ཁུལ་ཨུའི་བརྗོད་དོན་སློབ་གསོའི་སྐུལ་སློང་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བརྒྱུད་སྒྲོག་བྱས། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཞེས་པའི་བརྗོད་དོན་སློབ་གསོའི་བྱ་བ་སྐུལ་སློང་དང་བཀོད་སྒྲིག་བྱས་པར་མ་ཟད།ད་དུང་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས་བརྗོད་དོན་སློབ་གསོའི་བྱ་འགུལ་ལེགས་པོར་སྤེལ་དགོས་པའི་བསམ་ཚུལ་བསྟན།

མང་ནེ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་ཀྱིས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་སྒོས་རིགས་བགར་ཁག་བགོས་བྱ་བར་ཡར་སྐུལ་དང་རྣམ་པ་རིང་ལུགས་ཅན་དང་དཔོན་ཉམས་རིགས་ལུགས་ཅན་གྱི་སྣེ་ཁྲིད་བྱེད་ཐབས་དང་བྱ་བ་སྒྲུབ་སྟངས་བཀག་འགོག་དང་མེད་པར་བཟོ་དགོས་པ་དང་།སྔོན་ཐོན་དཔེ་ལེགས་ཅན་དང་ཕུལ་བྱུང་བྱས་རྗེས་ཅན་གྱི་བྱ་བའི་མིག་དཔེ་མཛུབ་སྟོན་དུ་བཟུང་ནས་ཏང་ཡོན་ལས་བྱེད་མིག་དཔེ་ཅན་དུ་འགྱུར་བ་དང་དངོས་ཡོད་དོན་དག་གིས་སློབ་གསོ་གཏོང་བ།ཉེན་བརྡ་རྒྱག་པ། ཁ་གཏད་རང་བཞིན་ཅན་གྱི་བརྗོད་དོན་སློབ་གསོའི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས་ཆབ་སྲིད་ཀྱི་རང་བརྩི་འདུ་ཤེས་དང་བསམ་བློའི་རང་སྐྱེད་འདུ་ཤེས།འགུལ་སྤྱོད་ཀུན་མཐུན་འདུ་ཤེས་མཐོར་འདེགས་བྱས་ཏེ་བརྗོད་དོན་སློབ་གསོའི་འཆར་འགོད་དང་རྩ་འཛུགས།བྱེད་སྒོ་བཅས་ལེགས་པོར་སྤེལ་དགོས་པའི་བླང་བྱ་བཏོན།

དབུས་ལམ་རྫོང་གིས་རྫོང་ཡོངས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་ཀྱིས་བརྗོད་དོན་སློབ་གསོའི་བྱ་འགུལ་དངོས་གཉེར་དོན་འཁྱོལ་དང་འགན་འཁྲི་ལག་བསྟར་མྱུར་སྒྲུབ་བྱེད་དགོས་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཧྲུའུ་ཅི་ཡིས་གཟབ་ནན་གྱིས་ལས་རྐང་གཅིག་གིས་འགན་འཁྲི་གཉིས་སྒྲུབ་བྱེད་པའི་བྱ་བའི་དམིགས་ཚད་ལ་བསྟར་གང་ལེགས་བྱས་ཏེ་སློབ་གསོ་རང་འཛིན་དང་ཕན་ནུས་མང་འདོན་སྒོས་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པར་མིག་དཔེ་ལེགས་པོ་འཇོག་དགོས་པ་དང་ཕྱི་ཚུལ་རིང་ལུགས་ཅན་དང་དཔོན་ཉམས་རིང་ལུགས་ཅན་གཏན་འགོག་དང་ལྟ་སྐུལ་མཛུབ་སྟོན་བྱ་བ་ནན་གྱིས་སྒྲུབ་ཏེ་བྱ་བའི་བླང་བྱ་དང་མི་མཐུན་པའི་ཀུན་སྤྱོད་ལ་སྐྱོན་འཛུགས་དག་ཐེར་བྱེད་དགོས་ལ།རྫོང་ཧྲིལ་བོའི་དྲིག་སྒྲོག་ཁྱབ་གདལ་བྱ་བརྒྱ་ཆེར་སྤེལ་བ་དང་དངོས་ཐོན་ཕན་འབྲས་དང་མཉམ་མྱོང་བྱེད་ཐབས།འཚོལ་ཞིབ་ཤེས་རྟོགས། སྔོན་ཐོན་སྔོགས་འདོན་བཅས་དཔེ་ལེགས་དངོས་མཚོན་བྱ་བ་སྐུལ་སློང་དོན་འཁྱོལ་བྱས་ཏེ་བརྗོད་དོན་སློབ་གསོའི་བྱ་འགུལ་གཏིང་ཟབ་སྤེལ་དགོས་པའི་བླང་བྱ་བཏོན།

གཏེར་ལམ་རྫོང་གིས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་བརྟན་བརླིང་དང་བརྗོད་དོན་སློབ་གསོའི་གལ་ཆེའི་རང་བཞིན་ལ་ངེས་ཤེས་ཟབ་མོ་ཡོད་པར་བྱས་ཏེ་རྩ་བའི་འགན་འཁྲི་སྟེ་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཞེས་པའི་བྱ་བའི་སྤྱིའི་བླང་བྱ་དཀྱིལ་སྙིང་དུ་བཟུང་ནས་ཕྱི་ཚུལ་རིང་ལུགས་ཅན་དང་དཔོན་ཉམས་རིང་ལུགས་ཅན་གཏན་འགོག་མེད་པར་བྱེད་པ།སློབ་གསོས་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་གཞུང་ལུགས་ལས་ཕན་འབྲས་ཐོན་པ་དང་བསམ་བློའི་ཆབ་སྲིད་དག་ཐོན་འབྱུང་བ།ལས་དོན་གསར་སྐྲུན་གྱི་འགན་འཁྲི་དང་ལེན་ཕོད་པ།དམངས་ལ་ཞབས་ཕྱི་བྱེད་པ། ཏང་སྲོལ་སྲིད་གཙང་གི་ཀུན་སྤྱོད་མིག་དཔེ་འཇོག་པའི་བྱ་བའི་འདུ་ཤེས་ལ་སྣེ་ཁྲིད་དེ་བརྗོད་དོན་སློབ་གསོའི་བྱ་བར་གྲུབ་འབྲས་ལེགས་པོ་ཐོན་དགོས་པའི་བླང་བྱ་བཏོན།

ལས་ཁུངས་དང་སྡེ་ཁག་སོ་སོས་སློབ་སྦྱོང་སློབ་གསོ་ནན་ཏན་གྱིས་བཟུང་ནས།སློབ་སྦྱོང་གི་དུས་ཚོད་དང་སློབ་སྦྱོང་གི་སྤུས་ཚད་ལཁག་ཐེག་བྱེད་དགོས་ཤིང་།ཕན་ནུས་ལྡན་པའི་སྒོ་ནས་བརྗོད་དོན་སློབ་གསོའི་ཕན་འབྲས་སྦྱངས་པ་གོ་ཆོད་ཀྱི་ནུས་པ་ཐོན་དགོས།འགོ་ཁྲིད་རྩ་འཛུགས་ལ་ཤུགས་སྣོན་བྱས་ཏེ། བརྗོད་དོན་སློབ་གསོའི་ཕན་འབྲས་ཁག་ཐེག་དང་།རྫོང་ཡོངས་ཀྱི་ཏང་ཙུའུ་སོ་སོས་མགོ་ཁྲིད་ལ་ཤུགས་སྣོན་དང་སེམས་ཞིབ་མོས་རྩ་འཛུགས།དངོས་འབེབ་དོན་འཁྱོལ་བྱས་ཏེ་བརྗོད་དོན་སློབ་གསོའི་མགོ་ཡག་པོ་ཞིག་བརྩམས་ནས་འཇུག་ཅིང་ཡག་པོ་ཞིག་བསྡུ་དགོས་པ་བསྟན

ཐེམ་ཆེན་རྫོང་གིས་མིག་དཔེ་འཛིན་པའི་ཆབ་སྲིད་ཀྱི་རྗེས་འབྲང་ནས།  རང་འགུལ་སྒོས་ཀྲུང་དབྱང་དང་།ཞིང་ཆེན་ཏང་ཨུ། ཁུལ་ཏང་ཨུའི་བླང་བྱ་དང་གཅིག་གྱུར་བྱས་ཏེ།བརྗོད་དོན་སློབ་གསོའི་ནང་དོན་གལ་ཆེན་ལ་གོ་བ་བྱང་ཆུབ་པ་བླངས་ནས། ཐེངས་འདིའི་བརྗོད་དོན་སློབ་གསོའི་ཏན་ཏིག་སྒོས་ཕན་འབྲས་ལོན་པར་ཁག་ཐེག་བྱེད་དགོས་ཤིང་།  གསོན་ཤུགས་ལྡན་པའི་འགན་འཁྲི་གཙིགས་སུ་བཟུང་ནས།ལོའི་ནང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་དུས་རབས་གསར་བའི་ཐེམ་ཆེན་གྱི་འཕེལ་སྟངས་བསྒྱུར་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་ཕབ་པའི་ལག་ལེན་ཁྲོད་མདུན་དུ་བསྐྱོད་ཐུབ་པ་དང་འབད་བརྩོན་ཧུར་ལེན་བྱེད་དགོས་ལ།   གཟབ་ནན་གྱིས་ཏང་སྐྱོང་བའི་མཐོ་ཚད་ནས།ཧུར་བརྩོན་སྒོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་། གཞི་རིམ་རྩ་འཛུགས་འཛུགས་སྐྲུན།ལས་བྱེད་པའི་འགན་ཁུར་བྱེད་ཕོད་པ་སོགས་ཀྱི་ནང་དོན་ཁྲོད་ཀྱི་གནད་དོན་འཚོལ་ཞིབ་བྱས་ཏེ།མཐུན་སྒྲིལ་བརྟན་པའི་སྒོ་ནས་རྫོང་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ཀྱིས་སྦྱོར་བ་དངོས་ཀྱི་མཛེས་སྡུག་གི་དཔེ་རིས་མངོན་འགྱུར་བྱེད་པར་སྣེ་ཁྲིད་དང་།སྐུལ་ལྕག་དང་འགན་ཁུར་ཕོད་པའི་འགན་འཁྲི་ཡིས་མི་དམངས་ཀྱི་དཀའ་ཁག་སེལ་བའི་དམིགས་འབེན་ལ་དམིགས་ནས།  ཧུར་ཐག་གིས་འཕེལ་རྒྱས་ལ་གེགས་བྱེད་པའི་གནད་དོན་དང་མང་ཚོགས་ཀྱི་འདོད་བློ་སྐོང་བ་དང་། ཀྲུང་དབྱང་དབུལ་སྐྱོར་ཆེད་དོན་སྐོར་ཞིབ་དང་སྐྱེ་ཁམས་ཁོར་སྲུང་སྐོར་ཞིབ།ནག་སེལ་ངན་འཇོམས་ལྟ་སྐུལ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཀྱིས་ཕྱིར་ལྡོག་བྱས་པའི་གནད་དོན།དེ་མིན་སྙིང་རུས་ཅན་གྱི་བྱ་བའི་སྒྲུབ་སྟངས་དང་།མང་ཚོགས་ཀྱིས་ངེས་པ་དོན་གྱིས་བརྗོད་དོན་སློབ་གསོས་འགྱུར་ལྡོག་གསར་བ་དང་ཕན་འབྲས་གསར་བར་མཉམ་སྤྱོད་བྱེད་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན།

ཚྭ་འདམ་ཆེ་བའི་ས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིསཐོག་མའི་མདུན་མ་མི་བརྗེད་པར་འགན་འཁྲི་ཡིད་ལ་བཅངསཞེས་པའི་བརྗོད་དོན་སློབ་གསོ་དེ་ཏང་ནང་གི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཏུ་བརྩིས་ནས་སྤེལ་དགོས་ཤིང་།ངེས་པ་དོན་གྱིས་འགན་འཁྲི་ཅན་དང་འགན་ནུས་ཅན་གྱི་ནུས་པ་ཇེ་དྲག་དང་། བྱ་བའི་འགན་འཁྲིའི་དངོས་འབེབ་ལ་དོ་ཁུར། གོ་རིམ་ཡོད་པའི་སྐུལ་འདེད་ལ་གཅིག་གྱུར་བཀོད་འདོམས་བྱེད་པ། ཕྱི་ཚུལ་རིང་ལུགས་དང་།དཔོན་ཉམས་རིང་ལུགས་ལ་སྔོན་འགོག་བྱེད་པ།དྲིལ་སྒྲོག་དང་བྱ་བའི་སྒྲིག་ལམ་ནན་འཛིན་བཅས་བྱས་ཏེ།བརྗོད་དོན་སློབ་གསོའི་བྱ་བའི་ཕན་འབྲས་དེ་ཚྭ་འདམ་གྱི་རིགས་སོ་སོའི་བྱ་བར་སྐུལ་འདེད་དང་རིམ་འཕར་ནུས་པར་བསྒྱུར་དགོས་པའི་བླང་བྱ་བཏོན།

གོང་མ།:རང་ཁུལ་གྱིས་ཚད་གཞི་དང་སྤུས་ཚད་མཐོན་པོའི་སྒོ་ནས་བརྗོད་དོན་སློབ་གསོར་སྐུལ་འདེད་བཏང་།

ཞོལ་མ།:ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་གཅིག་བསྡུས་སྒོས་སློབ་སྦྱོང་ཚོགས་འདུ་བསྡུས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235