མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

རང་ཁུལ་གྱིས་ཚད་གཞི་དང་སྤུས་ཚད་མཐོན་པོའི་སྒོ་ནས་བརྗོད་དོན་སློབ་གསོར་སྐུལ་འདེད་བཏང་།

ཡོང་ཁུངས།:མཚོ་ནུབ་གསར་འགྱུར་དྲ་བ།  སྤེལ་དུས།:2019-09-25  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

   ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་དམ་པོ་འཛིནཞེས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་དུ་སྤེལ་བ་དང་བསྟུན་ནས།  ཉིན་འགའི་རིང་ལ།  རང་ཁུལ་གྱི་ཏང་རྩ་འཛུགས་རིམ་པ་སོ་སོསཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་གཞོལ་བ།ཞན་ཆ་བཙལ་བ། དོན་ཐོག་ཏུ་འཁྱོལ་བར་དམ་འཛིནཞེས་པའི་བླང་བྱར་དམིགས་ཤིང་།ས་གནས་དང་སྡེ་ཁག ལས་ཁུངས་ཀྱི་དོན་དངོས་བྱ་བ་དང་ཟུང་དུ་འབྲེལ་ནས། ཏང་གཤིས་ཞུན་བརྡར་ཁྲོད་དུ་ཞན་ཆ་བཙལ་བ།སྦྱངས་པ་གོ་ཆོད་ཁྲོད་དུ་དོན་འཁྱོལ་དམ་འཛིན་བྱས་པ། སྤྱོད་གཙང་རང་གཅུན་ཁྲོད་དུ་རྣམ་པ་ལེགས་པོ་བསྐྲུན་ནས།ཚད་གཞི་དང་སྤུས་ཚད་མཐོན་པོའི་སྒོ་ནས་བརྗོད་དོན་སློབ་གསོར་སྐུལ་འདེད་བཏང་།  

    རང་ཁུལ་གྱི་བརྗོད་དོན་སློབ་གསོའི་དྲི་བ་དྲིས་ལན་གྱི་ལག་དེབ་སྒྲིག་པར་བརྒྱུད་དེ།ཚྭ་འདམ་གྱི་ཐོན་ཁོངས་གསར་སྤེལ་དང་མཚོ་སྔོན་གྱི་སྣུམ་ཞིང་འཕེལ་རྒྱས། ཚྭ་མཚོ་གསར་སྤེལ་བེད་སྤྱོད།ས་རྒོད་སློག་པ། ལམ་གཉིས་འཛུགས་སྐྲུན་གྱི་གསར་རྗེས་ལོ་རྒྱུས་སོགས་སློབ་སྦྱོང་ནང་དོན་དུ་བཞག་སྟེ། རྒྱ་ཆེ་བའི་ཏང་ཡོན་གྱིས་མཚོ་ནུབ་ཁུལ་གྱི་གནས་ཚུལ་ལ་རྒྱུས་ལོན་དང་གདེང་ཚོད་ལ་མུ་མཐུད་དུ་གཏིང་ཟབ་དུ་བཏང་།སློབ་སྦྱོང་གི་ཕན་འབྲས་དེས་མཚོ་ནུབ་བཅོས་བསྒྱུར་འཕེལ་རྒྱུས་དང་བརྟན་བརླིང་གི་ལས་དོན་སོ་སོར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་དུ་བསྒྱུར་ཞིང་།  ངེས་པར་དུ་སློབ་སྦྱོང་སློབ་གསོའི་ཕན་འབྲས་ཤུགས་ཆེ་རུ་བཏང་སྟེ།བརྗོད་དོན་སློབ་གསོའི་སྤུས་ཚད་མཐོ་རུ་གཏང་དགོས། ཡང་དག་པའི་སྒོ་ནས་ལས་རིགས་མངའ་ཁོངས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པ་དང་།ལས་རིགས་མངའ་ཁོངས་ཀྱི་བྱ་བ་གཙོ་བོ་དང་བརྗོད་དོན་སློབ་གསོ་བཅས་ཟུང་འབྲེལ་བྱེད་ས་ཡང་དག་གིས་འཚོལ་དགོས།  ཞིང་སྡེ་དང་གཞིས་ཁུལ། སྡེ་ཁག་ལས་ཁུངས། གསར་གཉིསརྩ་འཛུགས།རྒྱལ་དབང་ཁེ་ལས།  སློབ་གྲྭ་འབྲིང་ཆུང་སོགས་ཀྱི་གཞི་རིམ་ཏང་ཀྲི་པུའུ་བརྗོད་དོན་སློབ་གསོའིལག་བསྟར་ཇུས་གཞིབཟོས་ཤིང་།མཚོ་ནུབ་ཁུལ་གྱི་བརྗོད་དོན་སློབ་གསོ“1+N”ཇུས་གཞི་འགོད་དེ།ངེས་པར་དུ་ལས་རིགས་མངའ་ཁོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་བརྗོད་དོན་སློབ་གསོའི་མཛུབ་སྟོན་སྐུལ་འདེད་ལ་ཤུགས་སྣོན་དགོས།

    རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དོན་ཆེན་དང་ལས་དོན་གལ་ཆེན་ལ་བསྟིམ་པ་དང་། མེས་རྒྱལ་ལ་འབྱོར་ཐོ་འགོད་པཞེས་པའི་མཚོ་ནུབ་ཁུལ་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར70ལོན་པའི་ཏང་གི་ཉིན་མོའི་བརྗོད་དོན་བྱ་འགུལ་ཆེ་གྲས་ཇུས་འགོད་བྱས་ཤིང་མགོ་བརྩམ་དགོས།  མཚོ་ནུབ་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱེད་པ་དང་།སྡེ་བའི་ཐུན་མོང་དཔལ་འབྱོར་ལཐོན་སྐྱེད་སྤུས་ཚད་མཐོ་རུ་གཏོང་བཞེས་པའི་འགུལ་སྐྱོད་དང་གྲོང་ཁྱེར་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱིརིམ་བཞི་མཉམ་འགུལ་གསུམཞེས་པའི་མ་ལག་འཛུགས་སྐྲུན།ཉིན་བརྒྱ་མཁྲེགས་གཏོརགཉིས་ཞེས་པ་སོགས་རྩ་འཛུགས་བྱས་ཤིང་འགུལ་སྐྱོད་བྱ་དགོས།  ཧུར་ཐག་སྒོས་མཚོ་ནུབ་ཁུལ་གྱི་དུས་རབས་གསར་པའིཏང་རྩ་འཛུགས་ཆེན་པོཞེས་པའི་བྱ་བའི་ཆགས་སྟངས་འཛུགས་སྐྲུན་བྱས་ཏེ།ནུས་ཤུགས་ཡོད་རྒུས་བརྗོད་དོན་སློབ་གསོའི་ལས་འགན་སོ་སོ་དོན་ཐོག་ཏུ་འཁྱོལ་དགོས།

གོང་མ།:ཁུལ་ཡོངས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅིའི་བརྗོད་དོན་སློབ་གསོའི་ཆེད་དོན་དཔེ་སྟོན་འཛིན་གྲྭ་འཛུགས་མགོ་བརྩམས།

ཞོལ་མ།:ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཞེས་པའི་བརྗོད་དོན་སློབ་གསོའི་བྱ་འགུལ་རབ་དང་རིམ་པ་སྤེལ།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལག་རྩལ་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235