མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

ཁུལ་ཡོངས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅིའི་བརྗོད་དོན་སློབ་གསོའི་ཆེད་དོན་དཔེ་སྟོན་འཛིན་གྲྭ་འཛུགས་མགོ་བརྩམས།

ཡོང་ཁུངས།:མཚོ་ནུབ་གསར་འགྱུར་དྲ་བ།  སྤེལ་དུས།:2019-09-25  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

    སྔར་ལས་ལྷག་པའི་སྒོ་ནས་བསམ་བློའི་ཤེས་རྟོགས་ཇེ་མཐོ་རུ་གཏོང་བ་དང་།  ངེས་པར་དུ་བརྗོད་དོན་སློབ་གསོ་སྤེལ་བའི་བྱེད་སྟངས་ཁོང་དུ་ཆུད་ཐུབ་པ།རྒྱ་ཆེ་བའི་ཏང་ཡོན་རྩ་འཛུགས་བྱས་ཏེ་བརྗོད་དོན་སློབ་གསོ་ཏན་ཏིན་ངང་སྤེལ་བའི་ཆེད་དུ།ཟླ9པའི་ཚེས23ཉིན། མཚོ་ནུབ་ཁུལ་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིསཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་དམ་པོར་འཛིནཞེས་པའི་བརྗོད་དོན་སློབ་གསོའི་ཆེད་དོན་དཔེ་སྟོན་འཛིན་གྲྭ་འཛུགས་མགོ་བརྩམས།ཁུལ་ཡོངས་ཀྱི་ས་གནས་སོ་སོ་དང་ཁུལ་ཐད་གཏོགས་སྡེ་ཁག་སོ་སོ། ལས་ཁུངས་སོ་སོ་ཡི་ཏང་ཀྲི་པུའུ་ཧྲུའུ་ཅི218དུས་ཡུན་ཉིན3གྱི་རིང་གི་གསོ་སྦྱོང་ལ་ཞུགས།

   གསོ་སྦྱོང་འཛིན་གྲྭའི་སློབ་ཁྲིད་གཙོ་བོ་ནི་ཞི་ཅིན་ཕིང་དུས་རབས་གསར་པའི་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་བསམ་བློ་དང་།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའིཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་དམ་པོར་འཛིནཞེས་པའི་བརྗོད་དོན་སློབ་གསོའི་འབྲེལ་ཡོད་བཀོད་སྒྲིག་དང་བླང་བྱ།ཏང་གི་སྒྲིག་ཡིགདངཀྲུང་གོ་གུང་ཁྲན་ཏང་ཀྲི་པུའུ་ཡི་བྱ་བའི་སྲོལ་ཡིག (ཚོད་ལྟ)ནང་དོན་སོགས་ཡིན།

    གཏེར་ལེན་ཁ་གྲོང་ཁྱེར་གཙང་ངོགས་ལམ་གཞིས་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་ཀྲུའུ་རིན་ལི་ཧྥང་གིས་བཤད་རྒྱུར།ང་ཚོས་སློབ་སྦྱོང་གི་གོ་སྐབས་གཅེས་སྤྲས་བྱས་པ་དང་། མྱུར་དུ་རང་ཉིད་ཀྱི་གཞུང་ལུགས་གསོག་ཉར་ཤེས་བྱའི་མཐོ་རུ་གཏོང་བ་དང་།ངེས་པར་དུ་ཤེས་རྟོགས་སྟེང་དུ་འབད་པ་བྱས་ཏེ། གཞུང་ལུགས་སློབ་སྦྱོང་ལ་གྲུབ་འབྲས་ཡོད་པ་དང་བསམ་བློའི་ཆབ་སྲིད་སྦྱོང་བརྡར་བྱེད་པ།ལས་སྒྲུབ་ལས་གཏོད་ཁུར་ཕོད་པ། དམངས་ལ་ཞབས་ཞུ་བསྒྲུབས་ནས་དཀའ་གནད་སེལ་ཐུབ་པ།གཞུང་དྲང་སྤྱོད་གཙང་མིག་དཔེ་བཞེངས་པ། དུས་མཚུངས་སུ་ཏན་ཏིག་གིས་ཀྲི་པུའི་བརྗོད་དོན་སློབ་གསོ་བྱ་བ་ལེགས་པོར་སྤེལ་ཞིང་།ངེས་པར་དུ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་དགོས་ཟེར།

གོང་མ།:མཚོ་ནུབ་ཁུལ་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་བཅུ་པ་དང་བོད་ཡིག་གི་ཡིག་གཟུགས་འགྲན་སྡུར་སྐབས་དང་པོ་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ་རུ་གཟབ་རྒྱས་ངང་བསྡུས།

ཞོལ་མ།:རང་ཁུལ་གྱིས་ཚད་གཞི་དང་སྤུས་ཚད་མཐོན་པོའི་སྒོ་ནས་བརྗོད་དོན་སློབ་གསོར་སྐུལ་འདེད་བཏང་།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235