མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གིས་ཁྱེད་ལ་དགའ་བསུ་ཞུ། རྒྱ་ཡིག་པར་ངོས།  |  སོག་ཡིག་པར་ངོས།
 
གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཁུལ་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་བཅུ་པ་དང་བོད་ཡིག་གི་ཡིག་གཟུགས་འགྲན་སྡུར་སྐབས་དང་པོ་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ་རུ་གཟབ་རྒྱས་ངང་བསྡུས།

ཡོང་ཁུངས།:  སྤེལ་དུས།:2019-09-29  རྩོམ་པ་པོ།:  རྩོམ་སྒྲིག་པ།:གཡུང་དྲུང་ཚེ་རིང་།    ཀློགས་གྲངས།:

  རྒྱལ་ཡོངས་སུཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་བཅངསཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་སྐབས་འདིར།མཚོ་ནུབ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས།ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།ཁུལ་སློབ་གསོ་ཅུའུ།ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་བཅས་ཀྱིས་མཉམ་དུང་རང་ང་ཡི་མེས་རྒྱལ་ལ་དགའཞེས་པ་བརྗོད་དོན་ཡིན་པའི་མཚོ་ནུབ་ཁུལ་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་བཅུ་པ་དང་བོད་ཡིག་གི་ཡིག་གཟུགས་འགྲན་སྡུར་སྐབས་དང་པོ།ཟླ9པའི་ཚེས26ཉིན་ནས28ཉིན་བར་གཏེར་ལེན་ཁ་གྲོང་ཁྱེར་དུ་ཆགས་པའི་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ་རུ་གཟབ་རྒྱང་ངང་བསྡུས།

   ཐེངས་འདིའི་འགྲན་ཚོགས་ཁྲོད། སློབ་གྲོགས་ཚོས་སྙན་ངག་གི་གདངས་དབྱངས་སྙན་མོ་དང་བསྡོངས་ཏེ་བརྩེ་དུངས་ཟབ་ཅིང་དབྱངས་འགྲོས་གསལ་བ་དང་།ལྷད་མེད་རང་མདངས་མངོན་པའི་སྒོ་ནས་མེས་རྒྱས་དང་མི་རིགས་ལ་དགའ་སྣང་བསྟན་པ་དང།ལྷག་པར་དུ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར70ལོན་པར་ལྷག་བསམ་ཟོལ་མེད་སྒོས་ལེགས་སྐྱེས་གྱ་ནོམ་པ་ཞིག་ཕུལ།འགྲན་སྡུར་གྱི་ཐོག་མཐའ་བར་གསུམ་དུ་དགའ་སྟོན་གྱི་རྣམ་པ་ཞིག་གིས་ཀུན་ནས་བསྒོས་ཤིང་།ཚོགས་ར་ཡོངས་སུ་ཐལ་མོའི་ཡོ་ལང་རབ་ཏུ་གཡོས་ཤིང་རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ།ཉིན་གཅིག་རིང་ཛ་དྲག་གི་འགྲན་སྡུར་བྱས་མཐར།སློབ་ཆུང་ཚན་ཁག་གི་སྙན་ངག་གྱེར་འདོན་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་མཁན་ནི་ཐེམ་ཆེན་རྫོང་མི་རིགས་ཆ་ཚང་སློབ་ཆུང་གཉིས་པའི་ཚན་སྡེབ་འགྲན་ཞུགས་སློབ་གྲོགས་ཤེས་རབ་ཉི་མ་དང་སྒྲོལ་མ་ལེགས་འཛོམས་གཉིས་རེད།ཨང་གཉིས་པ་ཐོབ་མཁན་ནི་ཐེམ་ཆེན་རྫོང་མི་རིགས་ཆ་ཚང་སློབ་ཆུང་གཉིས་པའི་སློབ་གྲོགས་བསྟན་འཛིན་ཚེ་གཡང་དང་ན་གོར་མོ་གྲོང་ཁྱེར་འབྲི་ཆུའི་འགོ་ཁུངས་མི་རིགས་སློབ་གྲྭའི་སློབ་གྲོགས་བྱང་ཆུབ་ཆོས་འཕེལ་གཉིས་རེད།ཨང་གསུམ་པ་ཐོབ་མཁན་ནི་ཐེམ་ཆེན་རྫོང་མི་རིགས་ཆ་ཚང་སློབ་ཆུང་དང་པོའི་སློབ་གྲོགས་ཏིང་འཛིན་སྒྲོལ་མ་དང་གེ་སར་མཚོ།གཏེར་ལམ་རྫོང་མི་རིགས་སློབ་འབྲིང་གི་སློབ་གྲོགས་རིག་འཛིན་སྒྲོལ་མ་བཅས་རེད།སློབ་འབྲིང་ཚན་ཁག་གི་སྙན་ངག་གྱེར་འདོན་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་མཁན་ནི་གཏེར་ལམ་རྫོང་མི་རིགས་སློབ་འབྲིང་གི་སློབ་གྲོགས་གུ་རུ་མཚོ་མོ་དང་།ཨང་གཉིས་པ་ཐོབ་མཁན་ནི་གཏེར་ལམ་རྫོང་མཐོ་རིམ་སློབ་འབྲིང་གི་སློབ་གྲོགས་ལྷ་མོ་སྒྲོལ་མ་དང་གཏེར་ལམ་རྫོང་མི་རིགས་སློབ་འབྲིང་གི་སློབ་གྲོགས་ཟླ་བ་གཉིས་རེད།ཨང་གསུམ་པ་ཐོབ་མཁན་ནི་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་གྲོགས་ཤེས་རབ་སྒྲོལ་མ་དང་གཏེར་ལམ་རྫོང་མཐོ་རིམ་སློབ་འབྲིང་གི་སློབ་གྲོགས་ཐུབ་བསྟན་བསོད་ནམས་རྡོ་རྗེ།ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་གྲོགས་བློ་བཟང་དངོས་གྲུས་བཅས་རེད།སློབ་འབྲིང་སློབ་མའི་བོད་ཡིག་གི་ཡིག་གཟུགས་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་མཁན་ནི་གཏེར་ལམ་རྫོང་མཐོ་རིམ་སློབ་འབྲིང་གི་སློབ་གྲོགས་འཕྲིན་ལས་འོད་ཟེར་དང་།ཨང་གཉིས་པ་ཐོབ་མཁན་ནི་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་གྲོགས་ཀླུ་སྐྱབས་རྒྱལ་དང་གཏེར་ལམ་རྫོང་མཐོ་རིམ་སློབ་འབྲིང་གི་སློབ་གྲོགས་འཇམ་དཔལ་གཉིས་རེད།ཨང་གསུམ་པ་ཐོབ་མཁན་ནི་གཏེར་ལམ་རྫོང་མཐོ་རིག་སློབ་འབྲིང་གི་སློབ་གྲོགས་ཐུབ་བསྟན་བསོད་ནམས་རྡོ་རྗེ་དང་གཏེར་ལམ་རྫོང་མི་རིགས་སློབ་འབྲིང་གི་སློབ་གྲོགས་བཀྲ་ཤིས་དོན་གྲུབ།ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་གྲོགས་མཆོད་རྟེན་ཐར་བཅས་རེད།ཁོ་ཚོའི་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་མི་རིགས་སློབ་གསོའི་སྲིད་ཇུས་ཀྱི་ཁྱད་འཕགས་རང་བཞིན་མཚོན་ཐུབ་པར་མ་ཟད།མཚོ་ནུབ་ཁུལ་གྱི་མི་རིགས་སློབ་གསོ་དབྱར་མཚོ་བཞིན་རྒྱས་དང་རྒྱས་བཞིན་པ་མངོན་པར་མཚོན་ཡོད་པས།རྒྱ་ཆེའི་ཁྱིམ་བདག་དང་དགེ་སློབ་ཀུན་གྱིས་གཟེངས་བསྟོད་དང་ཁག་ཐེག་གང་ལེགས་གནང་།

    ཐེངས་འདིའི་བྱ་འགུལ་ལ་ད་དུང་སྔོན་དང་མི་འདྲ་བའི་ཁྱད་ཆོས་གསུམ་ལྡན་པ་ནི།གཅིག་ནས་སློབ་འབྲིང་སློབ་མའི་བོད་ཡིག་གི་ཡིག་གཟུགས་འགྲན་སྡུར་གསར་དུ་བསྣན་པ་དང་།གཉིས་ནས་འགྲན་སྡུར་དང་བྱ་དགའ་གནང་བའི་མཛད་སྒོ་སོ་སོར་སྤེལ་བ།གསུམ་ནས་འགྲན་སྡུར་གྱི་གོ་རིམ་དང་བྱ་དགའ་གནང་བའི་དགོང་ཚོགས་ཀྱི་བརྒྱུད་རིམ་ཡོངས་མཚོ་སྔོན་དྲ་ལམ་བརྙན་འཕྲིན་བརྒྱུད་དེ་ཐད་གཏོང་བྱས་པར་མ་ཟད་གཟིགས་མཁན65000ལྷག་ལ་སླེབས་པ་སྟེ།ཁྱད་ཆོས་འདི་དག་གིས་བྱ་འགུལ་གྱི་ནང་དོན་ཕུན་སུམ་ཚོགས་པར་གཏོང་བའམ་བྱ་འགུལ་ཡོངས་ཀྱི་སྒྲིག་གཞི་ལེགས་བསྒྱུར་བྱེད་པ།བྱ་འགུལ་གྱི་དྲིལ་སྒྲོག་ཐབས་ལམ་རྒྱ་བསྐྱེད་པ་སོགས་ལ་བླ་ལྷག་གི་ནུས་པ་ཆེན་པོ་བཏོན།

    མདོར་ན།མཚོ་ནུབ་ཁུལ་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་བཅུ་པ་དང་བོད་ཡིག་གི་ཡིག་གཟུགས་འགྲན་སྡུར་སྐབས་དང་པོ་སྤེལ་བ་འདིས།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་མཛད་པ་དང་།སློབ་མ་རྣམས་ལོ་ན་ཆུང་དུས་ནས་ཀྲུང་ཧྭ་མི་རིགས་ཕུང་བོ་གཅིག་དྲིལ་གྱི་འདུ་ཤེས་བརྟན་པོར་འཛུགས་པར་སློབ་གསོ་དང་ཁྲིད་སྟོན་བྱེད་པ།རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་སྐྲུན་བྱ་བཞག་སྲ་བརྟན་དུ་གཏོང་བ།རང་ཁུལ་གྱི་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་རའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།སྒོས་སུ་མི་རིགས་སྐད་ཡིག་གི་འཕེལ་རྒྱས་དང་ཕ་སྐད་མ་ཡིག་གི་ལམ་ནས་རྩོམ་ཡིག་གསར་རྩོམ་བགྱི་བ།བོད་ཡིག་གི་ཡིག་གཟུགས་འབྲི་སྦྱོང་སོགས་ལ་སྐུལ་འདེད་གཏོང་བའམ་འཕེལ་རྒྱས་འབྱུང་བར་དོན་སྙིང་ཆེན་པོ་ལྡན།

  བྱ་དགའ་གནང་བའི་དགོང་ཚོགས་སྟེང་ཁུལ་འབྲེལ་ཡོད་ཀྱི་མགོ་ཁྲིད་དང་ཁྱིམ་བདགཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་སློབ་སོགས་མི300ལྷག་ཞུགས་པ་དང་།སློབ་གྲོགས་ཚོས་རླབས་ཆེན་གྱི་ཏང་དང་མེས་རྒྱས།བཅོས་བསྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་བཅས་ལ་བསྟོད་གླུ་བླངས་ཏེ།སྙན་འཇེབས་ལྡན་པའི་གླུ་སྒྲ་དང་སྒེག་ཉམས་དོད་པའི་བྲོ་གར་གྱིས་བྱ་དགའ་གནང་བའི་དགོང་ཚོགས་མཐོ་རླབས་སུ་བསྐྱལ་ཞིང་།རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱིས་ཀྱང་དགའ་བསུའི་ཐལ་མོ་ འབྲུག་སྟོང་ལྡུར་བ་ལྟ་བུ་ཡང་ཡང་བརྡབས་པ་དང་མཉམ་དུ་ཐེངས་འདིའི་བྱ་འགུལ་ཡོངས་ལ་གདེངས་འཇོག་མཐོན་པོ་མཛད།

གོང་མ།:རང་ཁུལ་གྱིས“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ”ཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

ཞོལ་མ།:ཁུལ་ཡོངས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅིའི་བརྗོད་དོན་སློབ་གསོའི་ཆེད་དོན་དཔེ་སྟོན་འཛིན་གྲྭ་འཛུགས་མགོ་བརྩམས།

分享到: 更多

པར་དབང་ཡོད་ཚད:མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཁ་པར: 0977- 8226091
ལག་རྩལ་སྲུང་སྐྱོང: མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གློག་རྡུལ་སྲིད་དོན་ལྟེ་གནས། ཡིག་སྒམ: cdmzw2011@163.com
copyright@2007 www.haixi.gov.cn All Rights Reserved

ICP 05001235